查看原文
其他

བོད་ཡུལ་དུ་ཐོག་མར་སླེབས་པའི་ཨུ་རུ་སུའི་ནང་པའི་རྗེས་འཇུག་པ།

CHARU迦入 CHARU 2022-09-30

汉语版

点击图片阅读

1905年《美国国家地理》的西藏报道 ▎第一位进入西藏的俄罗斯佛教徒


翻译:普桑加

编辑:普桑加

校对:刘时


༡༩༠༣ལོའི་ལྷ་ས་དང་བོད་ཡུལ་དབུས་ཁུལ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག།



༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་ཕོ་བྲང་པོ་ཏཱ་ལ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག།



༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་བསམ་ཡས་དགོན།

 པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག།


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་རྒྱལ་རྩེ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག།


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་བཀྲ་ཤིས་ལྷུན་པོ་དགོན། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག།


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་ལྷ་ས། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག།


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་ལྷ་སའི་ཁྲོམ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག།


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་ལྷ་སའི་བུད་མེད། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག།



༡༩༠༣ལོའི་ལྷ་ས་དང་བོད་ཡུལ་དབུས་ཁུལ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག།


ཨུ་རུ་སུའི་ནང་པའི་བསྟན་པའི་དད་མོས། 


མགོན་པོ་སྐྱབས་ཚེ་དཔག་ནི་༡༨༧༣ལོའི་ཟླ་༤ཚེས་༢༠ཉིན་འཁྲུངས་པ་དང་། བོད་ཡུལ་དབུས་ཁུལ་དུ་ཡུལ་སྐོར་ལ་སླེབས་པའི་ཨུ་རུ་སུའི་མི་རིགས་རིག་པ་བ་དང་། ཡ་གླིང་རིག་པ་བ། པར་རྒྱག་པ་བཅས་ཡིན། དོ་སྣང་བྱེད་དགོས་པ་ཞིག་ནི་མགོན་པོ་སྐྱབས་ཚེ་དཔག་ནི་ཨུ་རུ་སུའི་པུའུ་ལི་ཡ་ཐེ་བ་ཡིན་ཞིང་། ནང་པའི་རྗེས་འཇུག་པའི་དམིགས་བསལ་གྱི་ཐོབ་ཐང་ཞིག་ཡིན་པའི་ཆ་ནས་ཁོང་བོད་ཡུལ་དུ་སླེབས་པར་སྟབས་བདེ་བསྐྲུན་ཡོད། 



མགོན་པོ་སྐྱབས་ཚེ་དཔག།(Gombojab Tsybikov)


མཁས་པ་ཨི་ཧོར་ཕི་ཏེ་ཧཻ་ནེས་མགོན་པོ་སྐྱབས་ཚེ་དཔག་ཡི་དམིགས་བསལ་གྱི་ཐོབ་ཐང་ལ་ཞིབ་འཇུག་བྱེད་སྐབས་བྲིས་དོན། 


པུའུ་ལི་ཡ་ཐེ་བ་ནི་སོག་པོའི་མི་རིགས་ཤིག་ཡིན་པ་དང་། ཁོ་ཚོ་དང་ཨུ་རུ་སུའི་བར་གྱི་འགྲོ་འོང་དུས་རབས་༡༧པའི་བར་ཁུངས་འདེད་བྱས་ཆོག། པུའུ་ལི་ཡ་ཐེ་བས་དུས་རབས་༡༧པ་ནས་བཟུང་ནང་པའི་བསྟན་པ་ལ་སྐྱབས་སུ་འགྲོ་འགོ་ཚུགས་ཤིང་། དུས་རབས་༡༨པར་ཤར་པུའུ་ལི་ཡ་ཐེའི་མི་རྣམས་ནང་པའི་བསྟན་པར་བློ་ཁ་ཕྱོགས་ཅིང་། ས་མཎ་ཆོས་ལུགས་ཀྱིས་ནུབ་པུའུ་ལི་ཡ་ཐེའི་མིའི་ཁྲོད་དུ་སྔར་བཞིན་ནུས་པ་གལ་ཆེན་འདོན་བཞིན་ཡོད། དུས་རབས་༡༩པར་པུའུ་ལི་ཡ་ཐེ་བས་སོག་པོའི་མི་དང་ཨུ་རུ་སུའི་མིའི་བར་དུ་གནས་པའི་ཐོབ་ཐང་ཞིག་རྒྱུན་འཁྱོངས་བྱེད་བཞིན་ཡོད། 

 

༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་བོད་ཡུལ་དབུས་ཁུལ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག།


མགོན་པོ་སྐྱབས་ཚེ་དཔག་ནི་ཕྱི་པཻ་ཀལ་མཚེའུ་ས་ཁུལ་དུ་སྐྱེས་པ་དང་། དགུང་ལོ་༥ལ་སླེབས་སྐབས་ཨ་ཕས་ཁོང་ལ་སོག་པོའི་སྐད་ཡིག་གིས་ཀློག་འདོན་དང་རྩོམ་ཡིག་འབྲི་ཚུལ་ཁྲིད། དེ་ནས་༡༨༨༠ལོར་ཨ་ཕས་ཁོ་སློབ་གྲྭར་བསྐྱལ་ནས་སོག་པོའི་སྐད་དང་ཨུ་རུ་སུའི་སྐད་ལ་སློབ་སྦྱོང་གནང་། མགོན་པོ་སྐྱབས་ཚེ་དཔག་ཧྲེང་པི་ཏེ་པའོ་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་སྐད་བརྡའི་སྡེ་ཁག་གི་རྒྱ་ཡིག་དང་སོག་ཡིག། མཉྫུའི་ཡི་གེ་ཚན་ཁག་ཏུ་སློབ་གཉེར་གནང་། ༡༨༩༩ལོར་སྡེ་ཁག་འདི་ནས་མཐར་ཕྱིན་ཏེ་བསླབ་གནས་དཔང་ཡིག་ཐོབ། 


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་བསམ་ཡས་དགོན། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག། 


སློབ་གྲྭ་མཐར་ཕྱིན་ནས་ཡུན་རིང་མ་སོང་བར་མགོན་པོ་སྐྱབས་ཚེ་དཔག་གིས་བོད་ཡུལ་དབུས་ཁུལ་དུ་ཡུལ་སྐོར་བྱེད་འགོ་ཚུགས་པ་དང་། ༡༨༩༩ལོའི་ཟླ་༡༡པའི་ཚེས་༢༥ཉིན་ནས་འགོ་བཙུགས་ཏེ་༡༩༠༢ལོའི་ཟླ་༤པའི་ཚེས་༤ཉིན་མཇུག་སྒྲིལ། སྐབས་དེར་ཨེ་ཤ་ཡའི་རྒྱལ་ཁབ་ཏུ་སྐྱེས་པའི་ནང་པའི་བསྟན་པ་ལ་དད་པ་བྱེད་མཁན་དེ་དག་ལས་གཞན་བོད་ཡུལ་དུ་སླེབས་ཐུབ་མཁན་ཧ་ཅང་ཉུང་ལ། མགོན་པོ་སྐྱབས་ཚེ་དཔག་བོད་ཡུལ་དུ་མ་སླེབས་གོང་ཨུ་རུ་སུ་བ་བོད་ཡུལ་དུ་སླེབས་རྩིས་བྱས་ནས་ལོ་༣༠ཙམ་སོང་བ་དང་ཡོ་རོབ་པ་དང་ཉི་ཧོང་བ་ཚུད་པའི་མི་རིགས་གཞན་དག་གིས་ཀྱང་དུས་རབས་༡༩པར་ཚོད་ལྟ་བྱས་མྱོང་། 


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་བསམ་ཡས་དགོན། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག།


མགོན་པོ་སྐྱབས་ཚེ་དཔག་གི་དད་མོས་དང་རྒྱལ་ཁོངས་ཀྱིས་ཁོ་རང་ཡ་གླིང་གི་མི་རུ་གཏན་ཁེལ་བྱས། འདིས་ཁོ་རང་བོད་ཡུལ་དབུས་ཁུལ་དང་ས་ཁུལ་འདིའི་ཆེས་ཆེ་བའི་གྲོང་ཁྱེར་དང་ཆོས་ལུགས་ལྟེ་གནས་ལ་ཡུལ་སྐོར་དུ་སླེབས་མཁན་གྱི་ཨུ་རུ་སུའི་མཁས་པ་ཐོག་མར་གྱུར། ༡༩༠༠ལོ་ནས་༡༩༠༢ལོའི་བར་མགོན་པོ་སྐྱབས་ཚེ་དཔག་ཨུ་རུ་སུའི་བཙན་རྒྱལ་ས་ཁམས་རིག་པའི་རོགས་སྐྱོར་འོག་ལྷ་ས་ནས་ལོ་གཅིག་ལྷག་ལ་བསྡད་ནས་དཔྱད་གཞི་འབོར་ཆེན་འཚོལ་བསྡུ་བྱས་པ་དང་འབྲེལ་གྲོང་ཁྱེར་དེ་དང་དེའི་མཐའ་འཁོར་ས་ཁུལ་དུ་པར་ཡང་བརྒྱབ་ནས་མཐར་གྲུབ་འབྲས་མི་དམན་པ་ཐོབ་ནས་རིག་གཞུང་དང་མཐོང་ཚོར་གྱི་ཐོག་ནས་ཕྱི་ཕྱོགས་ལ་བོད་ཡུལ་ངོ་སྤྲོད་བྱས། 


ཡུལ་སྐོར་ཉིན་ཐོ། 


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་བོད་ཡུལ་དབུས་ཁུལ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག། 


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་བོད་ཡུལ་དབུས་ཁུལ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག། 


མགོན་པོ་སྐྱབས་ཚེ་དཔག་གིས་ཁོའི་ཡུལ་སྐོར་སྙན་ཞུའི་ནང་དུ་བྲིས་དོན། 


འདིར་བརྗོད་བཞིན་པའི་བོད་ཡུལ་དབུས་ཁུལ་ནི་དབུས་གཙང་ལ་གོ་ཞིང་། ༡༨༤༥ལོའི་རྗེས་སུ་ཡོ་རོབ་ཀྱི་མི་བོད་ཡུལ་དུ་འགྲོ་མྱོང་མེད་པ་དང་། མ་མཐར་ཡང་དེའི་ཆ་ཤས་གཙོ་བོ་ཡིན་<...>  སྔོན་ཆད་ཡོ་རོབ་པ་དེ་གར་ཡོང་ཆོག་པའི་སྐབས་ཡིན་ནའང་འདྲ་ཡང་ན་བཀག་སྡོམ་གྱི་དུས་སྐབས་གསར་པ་ཡིན་ནའང་འདྲ་གང་ལྟར་ཨུ་རུ་སུའི་ཡུལ་སྐོར་བ་དེ་གར་ཡོང་མྱོང་མེད་ཅེས་བཤད།


༼གནས་མཆོག་བོད་ཡུལ་དུ་ཕེབས་པའི་ནང་པའི་བསྟན་པའི་གནས་མཇལ་བ།༽


ཁོང་གིས་ཐེངས་འདིའི་ཡུལ་སྐོར་ལ་བརྩམས་ཆོས་ཁག་གཉིས་བྲིས་ཡོད་དེ། ཨུ་རུ་སུའི་ས་ཁམས་རིག་པའི་ཚོགས་པར་བྲིས་པའི་སྙན་ཞུ་དེ་༡༩༠༣ལོར་པར་དུ་བསྐྲུན་པ་དང་མིང་ལ་༼བོད་ཡུལ་དབུས་ཁུལ་སྐོར་གླེང་བ༽ཟེར། དེའི་རྗེས་དབྱིན་ཡིག་ཏུ་བསྒྱུར་ནས་ཧྲི་སྨི་སེན་སློབ་ཚོགས་ཀྱི་ལོ་འཁོར་སྙན་ཞུའི་ནང་དུ་བཀོད། བརྩམས་ཆོས་གཉིས་པ་ནི་ཆེད་རྩོམ་༼༡༨༩༩ལོ་ནས་༡༩༠༢ལོའི་བར་གྱི་ཉིན་ཐོ་སྟེ། གནས་མཆོག་བོད་ཡུལ་དུ་སླེབས་པའི་ནང་པའི་བསྟན་པའི་གནས་མཇལ་བ༽ཞེས་པ་དེ་ཡིན། དཔེ་ཆ་འདི་ནི་ལོ་རྒྱུས་དང་མི་རིགས་རིག་པ། ཆོས་ལུགས། རིག་གནས་བཅས་སྐོར་གྱི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་ཅིང་། ཁོང་གི་འགྲུལ་བཞུད་ལམ་ཐག་གིས་ཨུ་རུ་སུ་དང་ཡོ་རོབ་གླིང་ནུབ་མའི་ཤར་ཕྱོགས་ཞིབ་འཇུག་ལོ་རྒྱུས་ཐོག་ཤོག་ལྷེ་གསར་པ་ཞིག་ཕྱེ་ཡོད། 



༡༩༠༣ལོའི་ལྷ་ས་དང་བོད་ཡུལ་དབུས་ཁུལ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག། 


ཁོང་གིས་༼བོད་ཡུལ་དབུས་ཁུལ་སྐོར་གླེང་བ༽ཞེས་པའི་ནང་བྲིས་དོན། 


༡༩༠༠ལོའི་ཟླ་༧པའི་ཚེས་༡༩ཉིན་གནས་མཇལ་བ་འགའ་ལས་གྲུབ་པའི་ཚོང་ལས་རུ་ཁག་ཅིག་ཡིན་པ་དང་། ང་ཡང་དེའི་ནང་ཉིན་ཉེར་གཉིས་རིང་དུ་ཡུལ་སྐོར་བྱས་པ་བརྒྱུད་བོད་ཡུལ་བྱང་ཐང་ས་མཐོ་རུ་སླེབས་ནས་Bumtse Passབྱང་ངོས་དང་River Sangchuའགྲམ་དུ་སྒར་བརྒྱབ་ནས་བསྡད། ཚོང་ལས་རུ་ཁག་འདི་ནི་སྐུ་འབུམ་དགོན་པ་ནས་རྩ་འཛུགས་བྱས་ཤིང་ཟླ་༤ཚེས་༢༤ཉིན་གནས་དེ་དང་ཁ་བྲལ་བ་རེད། ཤིང་རྟ་རུ་ཁག་ནི་ཧ་ལམ་མི་བདུན་ཅུ་ཙམ་ལས་གྲུབ་པ་དང་མང་ཆེ་བ་ནི་ཨ་མདོ་དང་སོག་པོའི་གྲྭ་པ་ལས་གྲུབ་པ་དང་ཁོང་ཚོ་གུར་བཅུ་བདུན་ནང་བཀོད་སྒྲིག་བྱས་ཡོད། 


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་བོད་ཡུལ་དབུས་ཁུལ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག། 


ཨི་ཧོར་ཕི་ཏེ་ཧཻ་ནེས་དུས་རབས་༢༠པའི་ལོ་རབས་༥༠པའི་བར་དུ་སུའུ་ལེན་གྱིས་མགོན་པོ་སྐྱབས་ཚེ་དཔག་གི་བརྩམས་ཆོས་ལ་སྤྲོ་སྣང་བསྐྱར་དུ་འཕེལ་བ་དང་། དུས་རབས་༢༠པའི་ལོ་རབས་༧༠པར་གཞི་ནས་ཡོ་རོབ་དང་ཨ་མེ་རི་ཀས་དོ་སྣང་བྱས། དཔེ་ཆའི་མཇུག་ཏུ་མགོན་པོ་སྐྱབས་ཚེ་དཔག་གིས་ང་ཚོར་ཁོའི་ཡུལ་སྐོར་གྱི་མྱོང་ཚོར་ངོ་སྤྲོད་བྱས། རྒྱལ་ནང་དུ་ལོག་པའི་དུས་ཚོད་གཏན་འཁེལ་བྱེད་སྐབས་ཁོས་རང་ཉིད་དགའ་སྤྲོ་ཚད་མེད་སྐྱེས་བྱུང་ཞེས་བཤད། རྒྱུ་མཚན་ནི་ཁོས་ལོ་ངོ་གཉིས་ལྷག་གི་རིང་ཕ་མ་དང་གྲོགས་པོ་མཐོང་མ་མྱོང་བས་རེད། ཀློག་པ་པོ་རྣམས་ཀྱིས་ཐེངས་དང་པོར་མྱུལ་དཔྱད་པ་དང་མཁས་པ་རྣམས་ཀྱིས་རྒྱང་ཐག་རིང་བའི་ས་ཆ་དེའི་ཐོག་ལས་ཀ་བྱེད་ཆེད་བློས་བཏང་བའི་མི་སྒེར་གྱི་རིན་ཐང་ཐེངས་དང་པོར་མཐོང་། 



༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་བོད་ཡུལ་དབུས་ཁུལ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག། 


ཨི་ཧོར་ཕི་ཏེ་ཧཻ་ནེ་མགོན་པོ་སྐྱབས་ཚེ་དཔག་གི་ཡུལ་སྐོར་དང་རིག་གཞུང་ཞིབ་འཇུག་དེ་རྒྱ་ཆེ་བའི་ལོ་རྒྱུས་ཀྱི་གནས་ཚུལ་ཞིབ་བརྗོད་གཉིས་དང་མཐུན་པར་འདོད། ཐོག་མར་མི་སྒེར་གྱིས་ས་ཁྲ་འཚོལ་ཞིབ་དང་འབྲི་འགོད་བྱེད་པའི་ཐད་ཐོན་པའི་ནུས་པ་ཡིན་ཞིང་། དེ་ནས་བཙན་རྒྱལ་བར་གྱི་རྒྱང་ཐག་རིང་བའི་ས་ཆར་ཆབ་སྲིད་ཀྱི་གྲོས་རིམ་བཏོན་པ་རེད། ཆབ་སྲིད་ཀྱི་གྲོས་རིམ་ཞིག་ཡིན་པའི་ཆ་ནས། མགོན་པོ་སྐྱབས་ཚེ་དཔག་གི་རྣམ་གྲངས་ཀྱིས་རྒྱལ་ཁབ་བར་གྱི་འགྲན་རྩོད་ལ་བྱས་རྗེས་བཞག། དབྱིན་ཇི་དང་ཨུ་རུ་སུས་དུས་རབས་༢༠པའི་དུས་འགོའི་སྔ་རྗེས་ཀྱི་ལོ་བཅུ་ཕྲག་ཁ་ཤས་རིང་ཨེ་ཤ་ཡ་དབུས་མར་ཚོད་འཛིན་བྱེད་ཆེད་འགྲན་རྩོད་བྱས། འགྲན་རྩོད་ཞེས་པ་དེ་གཙོ་བོ་ཕྱི་འབྲེལ་འཐབ་རྩོད་ཡིན་ལ་མགོན་པོ་སྐྱབས་ཚེ་དཔག་སོགས་ཀྱིས་ས་ཁུལ་དེའི་ཆེད་ལས་ཤེས་བྱར་བརྟེན་པ་དང་། འགྲན་རྩོད་འདི་ནི་ཁོང་བོད་ཡུལ་དུ་ཡོད་པའི་ལོ་དེ་དག་དང་དེའི་རྗེས་ཀྱི་ལོ་འགའི་ནང་མཐོ་རླབས་འཕྱུར་བ་རེད། 


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་བོད་ཡུལ་དབུས་ཁུལ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག། 


༡༩༠༥ལོར་༼རྒྱལ་ཁབ་ཀྱི་ས་ཁམས༽་སྟེང་དུ་སྒྲོག་སྤེལ་བྱས་པའི་བོད་ཡུལ་གྱི་གནས་ཚུལ།


༡༩༢༦ལོར་༼རྒྱལ་ཁབ་ཀྱི་ས་ཁམས༽ཞེས་པའི་དུས་དེབ།


མགོན་པོ་སྐྱབས་ཚེ་དཔག་ཡང་མིང་དུ་གྲགས་པའི་པར་རྒྱག་པ་ཞིག་ཡིན་པ་དང་། ༡༩༠༥ལོར་སྐབས་དེར་མི་རྣམས་ཀྱིས་ཤེས་གསལ་ལྟར་ཨ་མེ་རི་ཀའི་ཚན་རིག་དུས་དེབ་༼རྒྱལ་ཁབ་ཀྱི་ས་ཁམས༽ཞེས་པའི་ནང་བོད་ཡུལ་སྐོར་གྱི་གསར་འགྱུར་ཞིག་དཔར་དུ་བསྐྲུན་རྒྱུའི་ཐག་བཅད། དུས་དེབ་དེས་མགོན་པོ་སྐྱབས་ཚེ་དཔག་དང་ཨོབ་ཤེ་ནོར་ཛུ་ནོབ་ཀྱིས་བོད་ཡུལ་དུ་པར་རྒྱབ་པའི་པར་གཞི་དཔར་སྐྲུན་བྱས་པ་མ་ཟད། འདྲ་པར་འདི་དག་དང་དཔྱད་བརྗོད་ཐུང་ངུ་འདི་དག་ཀྱང་སྤེལ་བ་རེད། སྤྲོ་སྣང་ལྡན་པའི་རྩོམ་ཡིག་འདི་ལ་བློ་ཡུལ་ལས་འདས་པའི་གྲུབ་འབྲས་ཐོབ་པ་དང་། དོན་དངོས་ཐོག་འདྲ་པར་དེ་དག་གིས་༼རྒྱལ་ཁབ་ཀྱི་ས་ཁམས༽དུས་དེབ་དེ་མ་རྩ་སྟོངས་པའི་ཉེན་ཁ་ལས་གཡོལ་ཐུབ་པར་རོགས་རམ་བྱས་པ་མ་ཟད། དེས་རང་ཉིད་ཀྱི་ཁེ་ལས་ཀྱི་གཟུགས་བརྙན་རྙེད་པར་རོགས་རམ་བྱས་ཏེ་སྐབས་དེ་ནས་བཟུང་༼རྒྱལ་ཁབ་ཀྱི་ས་ཁམས༽ཞེས་པ་དེ་འཛམ་གླིང་གི་ཁྱབ་ཁོངས་སུ་མིང་དུ་གྲགས་པ་རེད། 


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་འབྲས་སྤུངས་དགོན། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག།


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་འབྲས་སྤུངས་དགོན། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག།


༡༩༠༤ལོའི་ཟླ་༡༢པར་༼རྒྱལ་ཁབ་ཀྱི་ས་ཁམས༽ཞེས་པའི་ན་གཞོན་རྩོམ་སྒྲིག་པ་གིལ་བེར་ཐེ་གེ་རོ་སྦེ་ནོར་གྱིས་(༡༨༧༥ལོ་ནས་༡༩༦༦ལོའི་བར)དཔར་སྐྲུན་བྱེད་གྲབས་ཡོད་པའི་དུས་དེབ་དཀའ་སྡུག་གི་གནས་སུ་གྱར། ཁོས་༡༩༠༥ལོའི་ཟླ་༡པོའི་དུས་དེབ་ནང་ཧ་ལམ་ཤོག་ལྷེ་བཅུ་གཅིག་ཆད་ལྷག་བྱུང་བ་དང་། ལག་ཏུ་རྩོམ་ཡིག་གི་མ་ཟིན་མེད་པའི་གནས་ཚུལ་འོག་ཁོས་ཨུ་རུ་སུའི་ས་ཁམས་རིག་པའི་ཡིག་ཤུབས་ཆེན་པོ་ཞིག་གི་ཁ་ཕྱེས་ནས་ལྷ་སའི་དང་དེའི་མཐའ་སྐོར་གྱི་ངོ་མཚར་ཆེ་བའི་འདྲ་པར་ཞིག་མཐོང་བྱུང་། 


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་བོད་ཡུལ་དབུས་ཁུལ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག། 


དེའི་ས་ཁམས་ཁོར་ཡུག་དང་ཡུལ་སྐོར་བ་ཚོར་མཐའ་མཚམས་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་དབང་གིས་བོད་ཡུལ་ནི་པར་ལེན་ཐུབ་མེད་པའི་ས་ཆ་ཉུང་ཤས་ཀྱི་གྲས་ཤིག་ཡིན། དུས་རབས་༡༩པར་མྱུལ་དཔྱད་པ་ཁ་ཤས་ཀྱིས་བོད་ཡུལ་པར་རྒྱག་རྩིས་བྱས་ཀྱང་ཚང་མ་ལེགས་འགྲུབ་བྱུང་མེད། 


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་བོད་ཡུལ་དབུས་ཁུལ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག། 


མགོན་པོ་སྐྱབས་ཚེ་དཔག་གི་བོད་ཡུལ་གྱི་འདྲ་པར་ལའང་ཤུགས་རྐྱེན་གལ་ཆེན་ཡོད་ཅིང་། རིག་གཞུང་ལས་རིགས་ཀྱི་ཁྱབ་ཁོངས་ནང་འདྲ་པར་དེ་དག་གིས་རྒྱང་ཐག་རིང་བའི་ས་ཆ་དེར་སླེབས་མ་མྱོང་བའི་མི་རྣམས་ལ་བོད་ཡུལ་གྱི་རིག་གནས་དང་སྤྱི་ཚོགས་ངོ་སྤྲོད་བྱས། འདྲ་པར་འདི་དག་དུས་དེབ་སྟེང་དུ་དཔར་བའི་སྐབས་སུ། དེ་དག་གིས་འཛམ་གླིང་གིས་ས་ཆ་འདིའི་ཞིབ་བརྗོད་བྱེད་སྟངས་ལ་རྩ་བ་ནས་འགྱུར་བ་བཏང་།


འཛམ་གླིང་གིས་ཁོ་ལ་ལྟ་སྟངས་ཇི་ལྟར་འཛིན་ན་ཁོས་ཀྱང་འཛམ་གླིང་ལ་དེ་ལྟ་བུའི་ལྟ་སྟངས་འཛིན་ངེས།


༡༩༠༣ལོའི་ལྷ་ས་དང་བོད་ཡུལ་དབུས་ཁུལ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག། 


མགོན་པོ་སྐྱབས་ཚེ་དཔག་གི་ཡི་གེའི་ཐོག་ནས་པུའུ་ལི་ཡ་ཐེ་བ་ཞིག་ཡིན་པའི་ཆ་ནས་བོད་ཡུལ་དུ་ལྟ་སྟངས་ཇི་ལྟར་འཛིན་དགོས་པ་གསལ་སྟོན་བྱས་ཡོད་ཅིང་། ཁོང་གིས་རིགས་རྒྱུད་སྣ་མང་ཅན་གྱི་རྙོག་འཛིང་ཆེ་བའི་ས་ཁུལ་ཞིག་ཏུ་ཁོང་གི་ཐོབ་ཐང་གི་རྙོག་འཛིང་རང་བཞིན་ཡང་དག་པའི་སྒོ་ནས་ཞིབ་བརྗོད་བྱས་ཡོད། ཨི་ཧོར་ཕི་ཏེ་ཧཻ་ནེས་བསམ་པར་གོན་པོ་སྐྱབས་ཚེ་དཔག་ནི་རྩྭ་ཐང་གི་མི་ཞིག་ཡིན་པར་འདོད་མོད། འོན་ཀྱང་ཁོང་གི་སློབ་གསོ་དང་ཉམས་མྱོང་། སྤྱི་ཚོགས་ཀྱི་གོ་གནས་བཅས་ཀྱི་ཐོག་ནས་ཁོའི་ནང་སེམས་ཀྱི་རང་ཉིད་ནི་པུའུ་ལི་ཡ་ཐེ་བ་ཁོ་ན་མིན་པ་གསལ་པོར་མཚོན་ཡོད། 


༡༩༠༣ལོའི་ལྷ་ས་དང་བོད་ཡུལ་དབུས་ཁུལ། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག། 


མགོན་པོ་སྐྱབས་ཚེ་དཔག་ནི་གསར་དར་མི་རིགས་ཀྱི་ཐོབ་ཐང་གིས་དཀའ་ངལ་བཟོས་པའི་འཛམ་གླིང་ཞིག་ཏུ་འཚོ་བ་རོལ་བཞིན་ཡོད་མོད། འོན་ཀྱང་ཐོབ་ཐང་འདི་རིགས་ཀྱིས་རྣམ་པ་གཞན་དག་གི་གཙོ་གཞིའི་རང་བཞིན་གྱི་ཚབ་བྱེད་པའི་ངེས་པ་མེད། རང་སྐྱོན་རང་བརྟག་དང་རང་བརྒྱུད་རྣམ་པའི་འཚོལ་ཞིབ་ཅིག་རེད་ཟེར་བ་ལས་མགོན་པོ་སྐྱབས་ཚེ་དཔག་གིས་ཡུལ་སྐོར་ཉིན་ཐོ་བརྒྱུད་ནས་འཛམ་གླིང་གིས་ཁོ་ལ་ལྟ་སྟངས་ཇི་ལྟར་འཛིན་ན་ཁོས་ཀྱང་འཛམ་གླིང་ལ་དེ་ལྟ་བུའི་ལྟ་སྟངས་འཛིན་པ་ཟིན་ཐོར་བཀོད་པ་རེད་ཟེར་ན་འགྲིག། 


༡༩༠༠ལོ་ནས་༡༩༠༡ལོའི་བར་གྱི་ལྷ་ས། 

པར་རྒྱག་པ། མགོན་པོ་སྐྱབས་ཚེ་དཔག། 


དཔྱད་གཞིའི་ཡིག་ཆ།

རྩོམ་ཡིག། Ihor Pidhainy《Tibet through the Eyes of a Buryat: Gombojab Tsybikov and his Tibetan relations》

དྲྭ་གནས། https://www.rgo.ru/en/article/pilgrim-special-assignment



编译

普桑加  

现担任迦入藏文编辑员、翻译员


出生于青海省尖扎县,从小对藏文化极为喜爱,也为其投入了巨大的热情和精力。近几年来一直致力于古今藏文化的研究事业,对这一领域也有一定的理解和掌握。未来也将不断地探究与学习藏文化,并在此领域打造出一片属于自己的研究天地。

学习交流微信:purSung-Kyap



མཐོ་སྒང་ནས་ནག་གོ་རེ།

འདྲ་པར་ཐོག་མནན་ནས་བྱ་རིམ་ཆུང་བའི་ནང་དུ་སོང་ནས་རྒྱུས་ལོན་བྱེད་ཐུབ།



འབྲི་འོ་ཕྲུམ་སྦྲང་།

འདྲ་པར་ཐོག་མནན་ནས་བྱ་རིམ་ཆུང་བའི་ནང་དུ་སོང་ནས་རྒྱུས་ལོན་བྱེད་ཐུབ།



往期文章

可点击图片阅读

འཛམ་གླིང་འབྲོག་པའི་མི་རིགས་ལུས་རྩལ་འགྲན་ཚོགས།

བོད་ཡུལ་དང་བལ་པོའི་ལོ་ངོ་བརྒྱ་ཡི་ཚོང་དོན་འགྲོ་འོང་གི་ལོ་རྒྱུས།

བོད་ཡུལ་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ། - ཁ་ཝ་གུ་ཆི•ཨེ་ཀཻ།

ཡོ་རོབ་གླིང་གི་བོད་བརྒྱུད་ནང་བའི་བསྟན་པའི་ས་ཁུལ།

ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།

འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།



བོད་སྐད་ཀྱི་ཐད་སྦྲེལ། CHARU1607
客服微信:charuspace
未经作者允许请勿随意印刷转载 后果自负
合作及投稿微信:charuspace

您可能也对以下帖子感兴趣

文章有问题?点此查看未经处理的缓存