查看原文
其他

ཨར་ནོལ་ད྄•ཧཻམ྄་ལགས་ཀྱིས་ལོ་རབས་སུམ་ཅུ་བར་པར་དུ་བླངས་པའི་བོད་ཡུལ།

迦入 CHARU 2022-09-30

汉语版

点击图片阅读

瑞士学者30年代在藏地拍下海量高清照片,您未曾见过珍贵人文记录。


编译:普桑加

校对:刘时



ཨར་ནོལ་ད྄•ཧཻམ྄་(ArnoldHeim)གཡས་ཀྱི་གསུམ་པ།


ཨར་ནོལ་ད྄•ཧཻམ྄་ནི་(ArnoldHeim)༡༨༨༢ལོའི་ཟླ་༣པའི་ཚེས་༢༠ཉིན་སྐུ་འཁྲུངས་ཤིང་། སུའི་ཛར་ལེན་གྱི་བུད་མེད་སྨན་པ་ཐོག་མ་མཱ་རཱི•ཧཻམ྄་ཝོགྟལིན་(MarieHeim-Vögtlin)དང་ས་གཤིས་རིག་པ་བ་ཨལྦེརྟ྄་ཧཻམ྄་(AlbertHeim)གཉིས་ཀྱི་བུ་ཡིན། ཁོས་ཛུ་རི་ཅི་ནས་ས་གཤིས་རིག་པར་སློབ་གཉེར་གནང་། ༡༩༠༨ལོ་ནས་༡༩༡༡ལོའི་བར་དང་༡༩༢༤ལོ་ནས་༡༩༢༨ལོའི་བར་དུ་ཁོང་གིས་ཛུ་རི་ཅི་སློབ་གྲྭ་ཆེན་མོ་དང་ཛུ་རི་ཅི་རྒྱལ་ཕྲན་མཉམ་འབྲེལ་གྱི་རང་བྱུང་ཚན་རིག་དང་བཟོ་ལས་སློབ་གྲྭ་ཆེན་མོ་ནས་སྒེར་གཉེར་འཆད་ཁྲིད་དགེ་རྒན་གྱི་འགན་བཞེས་མྱོང་། དེ་ནས་༡༩༢༩ལོ་ནས་༡༩༣༡ལོའི་བར་ཀྲུང་གོའི་ཀོང་ཀྲོའུ་ཀྲུང་ཧྲན་སློབ་གྲྭ་ཆེན་མོ་ནས་དགེ་རྒན་ཆེན་མོའི་འགན་བཞེས།


ཨར་ནོལ་ད྄•ཧཻམ྄་(ArnoldHeim) དཀྱིལ།


ཐེངས་དང་པོར་ཧི་མ་ལ་ཡར་མྱུལ་དཔྱད་བྱས།


ཨར་ནོལ་ད྄•ཧཻམ྄་(ArnoldHeim)ལགས་ཀྱི་གཞོན་ནུའི་དུས་སུ་ཛུ་རི་ཅི་ནས་ས་གཤིས་རིག་པར་ཞིབ་འཇུག་བྱས་ཤིང་། ༡༩༠༥ལོར་འབུམ་རམས་པའི་བསླབ་གནས་ཐོབ། སུའི་ཛེ་ལེན་གྱི་ཤར་རྒྱུད་དང་ཨར་པེ་སི་རི་བོ་ནས་(Monographie der Churfirsten-Mattstock-Gruppe,༡༩༡༠-༡༩༡༧ལོའི་བར།)བྱ་བ་སྒྲུབ་པའི་སྐབས་སུ། ཁོས་དིམ་བསགས་རིག་པ་དང་ས་རིམ་རིག་པ་དེ་བཞིན་སའི་གོ་ལའི་སྒུལ་ཤུགས་རིག་པའི་ཐད་ལ་གསར་བརྗེའི་རང་བཞིན་ལྡན་པའི་གསར་རྙེད་བྱུང་།


རྡོ་སྣུམ་ཆེད་མཁས་པ་དང་རང་ཚུགས་ཞིབ་འཇུག་པ་ཞིག་ཡིན་པའི་ངོས་ནས་ཁོ་འཛམ་གླིང་གི་ས་ཆ་སོ་སོར་ཡུལ་སྐོར་དུ་བསྐྱོད་ལ། གཙོ་བོ་མོ་ཞི་ཀོ་དང་པེ་རུ། ཨ་ཀེན་ཐིན་ཨན་ཏི་སི་རི་རྒྱུད་དང་ཧྥེ་གླིང་། ཨི་རན་དང་ཧི་མ་ལ་ཡ། མོ་ཞི་ཀོའི་ལྷོ་རྒྱུད་དང་ལྷོ་ནུབ་རྒྱུད། དེ་བཞིན་ཀྲུང་གོ་བཅས་ལ་སོང་། ཁོང་གིས་སྐབས་དེའི་ཡུལ་སྐོར་ཟིན་ཐོ་དང་ཁོང་གི་གསུང་རྩོམ་༼འཛམ་གླིང་ཤུལ་བཞག༽ཞེས་པ་བརྩམས་པའི་རྐྱེན་གྱིས་མི་ཚང་མས་ཁོ་ལ་དོ་སྣང་བྱུང་། ཁོང་གིས་དཔེ་ཆའི་ནང་དུ་སྐབས་དེའི་ནུབ་ཕྱོགས་སྤྱི་ཚོགས་ཀྱི་མི་སེར་སྤེལ་བའི་རིང་ལུགས་པས་རིགས་རྒྱུད་གཞན་དག་ལ་བཟུང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པར་མ་ཟད། རིག་གནས་མི་འདྲ་བའི་ནང་གི་མི་གཞན་དག་ལ་སྔར་ལས་འདྲ་མཉམ་དང་སེམས་བཟང་གི་སྤྱོད་ཚུལ་འཛིན་རྒྱུ་ཡང་དར་སྤེལ་དུ་བཏང་།


རི་བོ་ཧི་མ་ལ་ཡར་ཐོག་མར་བསྐྱོད་མཁན་ཛུ་རུ་ཅིའི་མྱུལ་དཔྱད་རུ་མི་ཨཽ་གུ་སྟོ•གན་སེར་དང་ཤར་པའི་དཔལ་ལྡན་དང་ཀཱ་ལི། ཀི་ཀེ་སོགས། 


ངས་སྦས་ཐབས་བྲལ་བ་ནི་ངའི་མིག་སྔོན་པོ་དེ་རེད།


༡༩༣༦ལོར་ཨར་ནོལ་ད྄•ཧཻམ྄་ཡིས་ཨཽ་གུ་སྟོ•གན་སེར་ཛུ་རུ་ཅིའི་ཚན་རིག་མཐུན་ཚོགས་ཀྱིས་རོགས་སྐྱོར་བྱས་པའི་ཧི་མ་ལ་ཡའི་མྱུལ་དཔྱད་ཡུལ་སྐོར་ཐེངས་དང་པོར་གདན་འདྲེན་ཞུས། ཁོང་ཚོས་རི་བོ་ཧི་མ་ལ་ཡར་ཟླ་བ་བརྒྱད་ལྷག་རིང་ཡུལ་སྐོར་བྱས་ནས་སྐབས་དེའི་བལ་པོ་དང་བོད་ཡུལ་གྱི་བཀག་སྡོམ་ས་ཁུལ་བརྒལ།


འགྲུལ་བཞུད་ཁྲོད་ཁོང་ཚོ་གནས་མཇལ་བར་རྫུས་ནས་བོད་ཡུལ་ལྷོ་རྒྱུད་ཀྱི་གངས་རིན་པོ་ཆེ་རུ་སོང་། (སྐབས་དེར་ཕྱི་རྒྱལ་བ་གནས་འདི་རུ་ཡོང་མི་ཆོག།) དེ་ནི་ཧི་མ་ལ་ཡའི་ཆུ་བོ་གཙོ་བོའི་འབྱུང་ཁུངས་ཡིན། ལས་རིགས་གཅིག་པའི་ས་གཤིས་རིག་པ་བ་ཨཽ་གུ་སྟོ•གན་སེར་གྱིས་ད་ཐེངས་ཀྱི་དཀའ་ཚེགས་ཆེ་བའི་ཡུལ་སྐོར་ཁྲོད་ཐོ་བ་དང་། ཕྱོགས་སྟོན་འཁོར་ལོ་དང་པར་ཆས་སོགས་ལྭ་བའི་འོག་ཏུ་སྦས་ཆོག་མོད། འོན་ཀྱང་ངས་སྦས་ཐབས་བྲལ་བ་ནི་ངའི་མིག་སྔོན་པོ་དེ་རེད་ཅེས་བཤད།


༡༩༣༨ལོར་ཨར་ནོལ་ད྄•ཧཻམ྄་དང་ཨཽ་གུ་སྟོ•གན་སེར་གཉིས་ཀྱི་མཉམ་འབྲེལ་བྱས་ནས་༼ལྷ་ཚོགས་ཀྱི་བཞུགས་ཁྲི། ཛུ་རུ་ཅིའི་མྱུལ་དཔྱད་རུ་ཁག་རི་བོ་ཧི་མ་ལ་ཡར་ཐོག་མར་བསྐྱོད་པའི་ཟིན་ཐོ༽ཞེེས་པ་བྲིས།(The Throne of the Gods: An Account of the First Swiss Expedition tothe Himalayas)


ས་གཤིས་ཞིབ་འཇུག་བྱེད་པ་ལས་གཞན་ཁོ་ཚོས་ད་དུང་རླུང་གནོན་ལྟ་ཞིབ་ཚད་ལེན་ཐབས་ལ་བརྟེན་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་འཇལ། རི་མཐོའི་གཡང་གཟར་དང་འཁྱགས་རོམ་གྱི་བར་དང་དེ་བཞིན་རྒྱ་གར་གྱི་བདེ་ཐང་དང་རི་འདབས་བརྒྱུད་པའི་ལམ་བར་དུ་ས་གནས་དེ་གའི་མི་དང་སྲོག་ཆགས་དང་རྩི་ཤིང་ཚང་མ་ཟིན་ཐོར་བཀོད། འདྲ་པར་དང་ས་བཀྲ་མང་པོ་ཞིག་གིས་དཔེ་ཆ་འདི་ས་གཤིས་རིག་པ་བ་དང་རི་འཛེགས་མཁན་གྱི་དཔྱད་གཞིའི་ཡིག་ཆ་རྩ་ཆེན་ཞིག་ཏུ་གྱུར།


༼ལྷ་ཚོགས་ཀྱི་བཞུགས་ཁྲི། ཛུ་རུ་ཅིའི་མྱུལ་དཔྱད་རུ་ཁག་རི་བོ་ཧི་མ་ལ་ཡར་ཐོག་མར་བསྐྱོད་པའི་ཟིན་ཐོ༽


ཡང་བསྐྱར་གངས་དཀར་རི་བོའི་མཐོ་ཚད་འཇལ་བ།

 

༡༩༣༠ལོར་འབུམ་རམས་པ་ཨར་ནོལ་ད྄•ཧཻམ྄་(Arnold Heim)ལགས་ཀྲུང་ཧྲན་སློབ་གྲྭ་ཆེན་མོ་ནས་དགེ་རྒན་བྱེད་སྐབས། ཀྲུང་ཧྲན་སློབ་གྲྭ་ཆེན་མོའི་ཀྲུང་ཕྱིའི་མཉམ་འབྲེལ་རྟོག་ཞིབ་རུ་ཁག་གི་སྣེ་ཁྲིད་དེ་ཁྲོན་བོད་དཀར་མཛེས་ས་ཁུལ་དུ་ཕེབས་ནས་ས་གཤིས་རིག་པར་རྟོག་ཞིབ་བྱས། དཔུང་སྡེ་འདིའི་དམིགས་ཡུལ་ནི་དར་མདོའི་ལྷོ་བྱང་རྒྱུད་ཀྱི་རི་བོ་མཐོན་པོ་དང་གནས་དེའི་ས་གཤིས་ལ་ཞིབ་འཇུག་བྱེད་རྒྱུ་དེ་ཡིན།


རྟོག་ཞིབ་ཚོགས་པས་ལས་ཀ་གཙོ་བོ་ནི་མིང་དུ་གྲགས་པའི་གངས་དཀར་རི་བོའི་ས་གཤིས་ཀྱི་ཁྱད་ཆོས་དང་ས་བབ་མཐོ་ཚད་སོགས་ལ་རྟོག་ཞིབ་བྱ་རྒྱུ་དེ་ཡིན། ཁོང་ཚོས་ཐོག་མར་དར་རྩེ་མདོ་ནས་འགོ་བཙུགས་ཏེ་དུས་ཚོད་ཀྱི་འཁོར་ཕྱོགས་དང་ལྡོག་ནས་མིང་དུ་གྲགས་པའི་གངས་དཀར་རི་བོར་དམིགས་ཏེ་རྟོག་ཞིབ་བྱས། ཕྱོགས་གང་ཅིའི་ཐད་ནས་གངས་དཀར་རི་བོར་ཚད་འཇལ་དང་པར་རྒྱབ། ཁོང་ཚོའི་ལས་ཀའི་འབྲས་བུའི་ཐོག་ནས་གངས་དཀར་རི་བོའི་ས་བབ་མཐོ་ཚད་མཐར་སྨི་༧༦༠༠ཡི་མཐོ་ཚད་དུ་སླེབས་ཡོད་པ་ལས་ངག་རྒྱུན་གྱིས་གསལ་པོར་བསྟན་པའི་སྨི་༡༠༠༠༠མིན་པ་གསལ་བཤད་བྱས།


དེའི་རྗེས་སུ་རྟོག་ཞིབ་ཚོགས་པ་ཡང་བསྐྱར་དར་རྩེ་མདོའི་བྱང་ཕྱོགས་སུ་བསྐྱོད་དེ་རྟའུ་དཔལ་སྨད་ལ་རྟོགས་ཞིབ་བྱས་རྗེས། རྟའུ་ནས་དཀར་མཛེས་སུ་སླེབས་པ་དང་། དེ་ནས་དཀར་མཛེས་ནས་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་དུ་ལོག་སྟེ་ཉག་རོང་བརྒྱུད་ནས་ལི་ཐང་དང་ཉག་ཆུ། ཞབས་གྲོང་པ་སོགས་སུ་བསྐྱོད་དེ་ཕྱིར་དར་མདོ་རུ་སླེབས། མཐར་དར་མདོ་བརྒྱུད་ནས་ཁྲིན་ཏུའུ་རུ་ལོག།


གངས་དཀར་རི་བོ།


བརྙན་ཤེལ་འོག་གི་ལོ་ངོ་བརྒྱའི་རིང་གི་ཁྲོན་བོད།

 

ཁོང་ནི་དུས་མཚུངས་སུ་ཕུལ་དུ་བྱུང་བའི་བརྙན་ལེན་པ་ཞིག་ཀྱང་ཡིན། ཁོས་ལམ་བར་དུ་འདྲ་པར་རྩ་ཆེན་མང་པོ་ཞིག་བླངས་ཡོད། རྫོང་དང་གྲོང་ཁྱེར་འདི་དག་གི་ཉེ་བའི་ལོ་ངོ་བརྒྱའི་ཡར་སྔོན་གྱི་ཡུལ་ལྗོངས་རྙིང་བ་ཚང་མ་ཨར་ནོལ་ད྄•ཧཻམ྄་ཡི་པར་ཆས་ཀྱིས་ཉར་ཚགས་བྱས་ཡོད། ཁོང་གི་བརྙན་ཤེལ་ནང་དུ་ལོ་ངོ་བརྒྱ་ཡི་ཡར་སྔོན་གྱི་ཇ་རྟ་གནའ་ལམ་ཐོག་གི་རྟ་པ་དང་ཁམས་ཁུལ་ནས་ལྷ་སར་རྐང་ཐང་དུ་འགྲོ་བའི་གནས་མཇལ་བ། འབྲོག་པ་རྣམས་ཀྱི་བབ་ཆགས་པའི་རྒྱུན་ལྡན་གྱི་འཚོ་བ་རོལ་སྟངས། ༡༩༢༣ལོར་རྟའུ་རུ་བྱུང་བའི་ས་འགུལ་གྱི་རྗེས་ཤུལ་སོགས་ཀྱང་ཡོད། འདྲ་པར་འདི་དག་གིས་རྗེས་སུ་ས་གནས་དེ་གའི་ཁྱབ་ཁོངས་སོ་སོའི་ཞིབ་འཇུག་ལ་དཔྱད་གཞི་རྩ་ཆེན་འདོན་སྤྲོད་བྱས་ཡོད།


གངས་དཀར་རི་བོ།


གངས་དཀར་རི་བོ་ནི་མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་མཐའ་མཚམས་སུ་གནས་ཡོད་ལ། འཕྲེད་རྒྱུག་རི་རྒྱུད་ཀྱི་གངས་རི་ཆེན་པོའི་དཀྱིལ་རྒྱུད་དུ་གནས་པ་དང་རྒྱལ་མོ་དངུལ་ཆུ་དང་ཡར་ཀླུང་གཙང་པོའི་བར་དུ་གནས་ཡོད།










རྟོག་ཞིབ་རུ་ཁག་གི་ཁལ་མ་དོར་དུ་སྡེབ་ནས་གངས་དཀར་རི་བོར་འཛེགས་བཞིན་པ།

དར་རྩེ་མདོ།

༡༩༣༠ལོར་དར་རྩེ་མདོ་རུ་ཡོད་པའི་ཨར་ནོལ་ད྄•ཧཻམ྄་དང་རྟོག་ཞིབ་རུ་ཁག། དར་རྩེ་མདོ་ལ་ཡིག་ཆ་རྙིང་པ་སོགས་སུ་“打煎炉”ཞེས་སྐད་བསྒྱུར་བྱས་ཡོད་ལ། དེའི་རྗེས་ནས་“打箭炉”་ཞེས་བྲིས་འདུག། བསྡུས་མིང་དུ་“炉城”ཞེས་སོ།


 

དར་རྩེ་མདོའི་ཡུལ་ལྗོངས།

དར་རྩེ་མདོའི་ཁྲོམ་ལམ་གྱི་བོད་པ།

དར་རྩེ་མདོའི་མཆོད་འབུལ་བྱེད་ས།

དར་རྩེ་མདོའི་དགོན་པ།

 རྟའུ།

༡༩༣༠ལོར་རྟའུ་རུ་ཡོད་པའི་རྟོག་ཞིབ་རུ་ཁག། གནས་འདིའི་ས་རྒྱུད་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་རྒྱུད་དུ་གནས་པའི་ཆུ་གསར་གས་སྲུབས་ས་ཁུལ་དུ་གཏོགས། ས་ཆ་འདི་ལ་རྟའུ་ཞེས་ཐོགས་དོན་ནི་ས་དེའི་ཆགས་དབྱིབས་ནི་རྟ་ཞིག་དང་འདྲ་བས་མིང་དེ་ལྟར་ཐོགས།



རྟའུའི་ཡུལ་ལྗོངས།

རྟའུའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་༤༤༠༠ཡོད་པའི་ཚྭ་མཚོ་དཀར་མོ།

རྟའུའི་གྲུ་པ་དང་ཀོ་གྲུ།




རྟའུའི་ཡུལ་མི།

རྟའུའི་གནས་མཇལ་བ།



རྟའུའི་དགོན་པ།



རྟའུའི་ཚོང་གཉེར་རུ་ཁག།

དཔལ་སྨད། 

དཔལ་སྨད་གྲོང་རྡལ་ནི་ཁམས་པའི་ལྟེ་གནས་ལྟ་བུར་གནས་ཤིང་། ཁམས་ཤར་དང་ཁམས་ལྷོ། ཁམས་བྱང་སྦྲེལ་མཐུད་ཀྱི་འགག་རྩ་དང་དཀར་མཛེས་བྱང་ལམ་གྱི་རྫོང་བརྒྱད་དུ་བསྐྱོད་སའི་སྒོ་མོ་ལྟ་བུ་ཡིན།


དཔལ་སྨད་ཀྱི་ཡུལ་ལྗོངས།



དཔལ་སྨད་ཀྱི་ཡུལ་མི།





དཔལ་སྨད་ཀྱི་དགོན་པའི་ནང་ལོགས།

དཔལ་སྨད་གྱི་གྲྭ་པ།

ཤྭ་ར་ཐང་།

༡༩༣༠ལོའི་ཤྭ་ར་ཐང་གྲོང་བརྡལ་ནི་སི་ཁྲོན་ཞིང་ཆེན་བྲག་མགོ་རྫོང་གི་ཁོངས་སུ་གཏོགས་པ་དང་བྲག་མགོ་ཅེས་པར་ཐོག་མར་ར་དབུ་ཞེས་འབོད་ལ། བོད་ཀྱི་བརྡ་རྙིང་དང་ཁམས་མི་ཉག་གི་སྐད་སོགས་སུ་ར་ཞེས་པ་ནི་རྡོའམ་བྲག་གི་དོན་ལ་འཇུག་ཟེར།




ཤྭ་ར་ཐང་གི་ཡུལ་ལྗོངས།


ཤྭ་ར་ཐང་གི་ཡུལ་མི།

ཤྭ་ར་ཐང་གི་ཆོས་ཁང་།

 དཀར་མཛེས། 

༡༩༣༠ལོར་དཀར་མཛེས་སུ་ཡོད་པའི་རྟོག་ཞིབ་རུ་ཁག། དཀར་མཛེས་ནི་དགོན་པའི་མིང་ཡིན་ལ། དཀར་ཞིང་གཙང་པའམ་མཛེས་སྡུག་ལྡན་པའི་ས་ཆར་གོ་བ་དང་གནས་འདི་ལ་ལོ་ངོ་༡༣༠༠རིང་གི་ལོ་རྒྱུས་ལྡན།
 

དཀར་མཛེས་ཀྱི་ཡུལ་ལྗོངས།

དཀར་མཛེས་ཀྱི་ཡུལ་མི།



དཀར་མཛེས་ཀྱི་དགོན་པ།

 ཉག་རོང་། 

༡༩༣༠ལོར་ཉག་རོང་དུ་ཡོད་པའི་རྟོག་ཞིབ་རུ་ཁག། ཉག་རོང་ཟེར་བ་ནི་ནགས་ཚལ་མང་པོ་ཡོད་པའི་ལུང་བ་ནང་དུ་གནས་པའི་རྐྱེན་གྱིས་མིང་དེ་ལྟར་ཐོགས།




ཉག་རོང་གི་མཁར་རྫོང་།










ཉག་རོང་གི་ཡུལ་མི།


 ལི་ཐང་། 

༡༩༣༠ལོའི་ལི་ཐང་ཞེས་པ་དེ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར་(༡༩༡༢)ལི་ཧྭ་ཧྥུ་བཙུགས་པ་དང་། ༡༩༡༣ལོར་ལི་ཧྭ་རྫོང་ཞེས་པར་བསྒྱུར་ཅིང་། ༡༩༥༠ལོར་ལི་ཐང་རྫོང་ཞེས་པར་མིང་བསྒྱུར།






ལི་ཐང་གི་ཡུལ་ལྗོངས།

ལི་ཐང་གི་འབྲོག་པའི་སྦྲ་ནག།







ལི་ཐང་གི་ཡུལ་མི།



ལི་ཐང་ཚོང་ལས་རུ་ཁག་གི་སྒར་ས།

 ལྕགས་ཟམ་ཁ། 

ཆིང་རྒྱལ་རབས་ཀྱི་ཁང་ཞི་ཁྲི་ལོ་ཞེ་ལྔ་པར་(༡༧༠༦)ལྕགས་ཐག་གི་ཟམ་པ་བསྐྲུན་རྗེས་གོང་མ་ཁང་ཞི་ཡིས་“ལྕགས་ཟམ་ཁ”ཞེས་མིང་བཏགས་པ་དང་། རྗེས་སུ་རྫོང་འཛུགས་སྐབས་སུ་ཡང་ཟམ་པའི་མིང་ལ་བརྟེན་ནས་རྫོང་ལ་ཡང་མིང་དེ་ལྟར་བཏགས།

ལྕགས་ཟམ་ཁའི་ཡུལ་ལྗོངས།



ལྕགས་ཐག་གི་ཟམ་པ།


ལྕགས་ཐག་ཟམ་ཁའི་ཇ་རྟའི་གནའ་ལམ།








དོ་པོ་དབོར་མཁན།

རྒྱ་མི་དོ་པོ་དབོར་མཁན།

ལྕགས་ཐག་ཟམ་ཁའི་གྲྭ་པ།

 
ལོ་ངོ་༡༠༠ཡི་གོང་དུ་འགྲིམ་འགྲུལ་དར་རྒྱས་དེ་ཙམ་བྱུང་མེད་པའི་རྒྱབ་ལྗོངས་འོག། ས་གཤིས་རིག་པ་བ་འདི་ལ་རྒྱུན་ལྡན་གྱི་མི་དང་མི་འདྲ་བའི་སྤོབས་པ་དང་སྙིང་རུས་ཆེན་པོ་ལྡན་ལ། ༡༩༣༠ལོའི་ཚན་རིག་ཞིབ་འཇུག་གི་འཆར་གཞི་ལེགས་འགྲུབ་ཡོང་ཆེད། ཁོང་དང་གྲོགས་པོ་དག་གིས་ཕན་ཚུན་རོགས་སྐྱོར་བྱས་པའི་གཟུགས་བརྙན་དེ་རྔམ་བརྗིད་ལྡན་པའི་གངས་དཀར་རི་བོའི་སྟེང་དུ་བཞག། ཚན་ཞིབ་རུ་ཁག་མང་པོ་ཞིག་ཉེན་ཁར་མི་འཛེམ་པར་ཕར་འགྲོ་ཚུར་ལོག་མེད་པའི་ལམ་ཐག་བརྒྱུད་ཡོད་པ་དང་རྩད་ཞིབ་ལས་འགན་སྒྲུབ་པའི་སྐབས་སུ་ཨར་ནོལ་ད྄•ཧཻམ྄་ལགས་ཀྱང་ཉེན་ཁ་མང་པོ་ཞིག་བརྒྱུད་མྱོང་། ཁོང་ནི་ནུས་ཤུགས་ཀྱིས་ཁེངས་པའི་འགྲོ་སྐྱོད་མཁན་ཞིག་ཡིན་ལ་བོད་མི་དག་གིས་ཐུགས་ཁུར་གཟིགས་སྐྱོང་བྱེད་པའི་མྱུལ་དཔྱད་པ་ཞིག་ཀྱང་ཡིན།

གངས་དཀར་རི་བོ།


ལོ་ངོ་བརྒྱ་ལྷག་གི་དུས་ཚོད་འདས་ནའང་།
བླ་རི་སྔར་བཞིན་གནས་དེ་ན་ཀྲོང་ངེར་འགྱིངས།


编译

普桑加  
现担任迦入藏文编辑员、翻译员

出生于青海省尖扎县,从小对藏文化极为喜爱,也为其投入了巨大的热情和精力。近几年来一直致力于古今藏文化的研究事业,对这一领域也有一定的理解和掌握。未来也将不断地探究与学习藏文化,并在此领域打造出一片属于自己的研究天地。
学习交流微信:purSung-Kyap
微博:Phursung-Kyap



点击图片进入文章参与赠礼活动

首发赠礼 ▎五色西藏,天然宝石首饰



往期文章可点击图片阅读བོད་ཡུལ་དུ་ཐོག་མར་སླེབས་པའི་ཨུ་རུ་སུའི་ནང་པའི་རྗེས་འཇུག་པ།

བོད་ཡུལ་དང་བལ་པོའི་ལོ་ངོ་བརྒྱ་ཡི་ཚོང་དོན་འགྲོ་འོང་གི་ལོ་རྒྱུས།

འཛམ་གླིང་འབྲོག་པའི་མི་རིགས་ལུས་རྩལ་འགྲན་ཚོགས།

བོད་ཡུལ་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ། - ཁ་ཝ་གུ་ཆི•ཨེ་ཀཻ།

ཡོ་རོབ་གླིང་གི་བོད་བརྒྱུད་ནང་བའི་བསྟན་པའི་ས་ཁུལ།ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།

འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།




བོད་སྐད་ཀྱི་ཐད་སྦྲེལ། CHARU1607客服微信:charuspace未经作者允许请勿随意印刷转载 后果自负
合作及投稿微信:charuspace

您可能也对以下帖子感兴趣

文章有问题?点此查看未经处理的缓存