首页
下载应用
提交文章
关于我们
🔥 热搜 🔥
1
百度
2
今日热点
3
微信公众平台
4
贴吧
5
opgg
6
dnf私服
7
百度贴吧
8
知乎
9
dnf公益服
10
百度傻逼
分类
社会
娱乐
国际
人权
科技
经济
其它
首页
下载应用
提交文章
关于我们
🔥
热搜
🔥
1
上海
2
习近平
3
新疆
4
鄂州父女瓜
5
乌鲁木齐
6
疫情
7
H工口小学生赛高
8
习明泽
9
芊川一笑图包
10
印尼排华
分类
社会
娱乐
国际
人权
科技
经济
其它
常德悲剧:让谴责无差别杀戮之声更加响亮一点
2024【公共营养师】培训报名通道已开启,不限学历,23岁及以上可报!还能领2000补贴
【惊】"以为要写遗书"! 飞温哥华航班遇炸弹气旋 华人崩溃大哭 连空姐都吐了; 客机颠簸盘旋3小时
魏加宁:日本之所以能走出“大衰退”,靠的是不断改革,而不是所谓“积极的财政政策”
国内突然宣布,将大规模调整经济布局!又一朝阳行业悄然崛起,新一轮机会出现了!
生成图片,分享到微信朋友圈
查看原文
其他
༡༧༥༠ལོར་དབྱིན་ཇིའི་དཔེ་མཛོད་ཁང་དུ་ཉར་བའི་བོད་ཡུལ་གྱི་གར་འཆམ།
Original
迦入
CHARU
2022-09-30
收录于合集 #喜马拉雅艺术
180个
汉语版
点击图片阅读
▼
1850年西藏法舞现场直播 ▎大英图书馆珍藏。
编辑:普桑加
翻译:普桑加
校对:刘时
༼དུས་རབས་༡༩པར་བོད་ཀྱི་གྲྭ་པའི་ཕྱོགས་བསྒྲིགས་བྱས་པའི་ཧི་མ་ལ་ཡ་རི་རྒྱུད་ས་ཁུལ་གྱི་ས་བཀྲ། - འཚོལ་ཞིབ་ཀྱི་ཡུལ་སྐོར།༽
དཻ་ཨ་ཎ་•ལཱང་(Diana Lange)
ནི་ཨེ་ཤ་ཡ་དབུས་མའི་ཞིབ་འཇུག་འབུམ་རམས་པ་དང་ཞིབ་འཇུག་པ། འཆད་ཁྲིད་དགེ་རྒན་བཅས་ཡིན། ༢༠༠༨ལོར་པེ་ལིང་ཧུང་པའོ་སློབ་གྲྭ་ཆེན་མོར་ཨེ་ཤ་ཡ་དབུས་མའི་ཞིབ་འཇུག་འབུམ་རམས་པའི་བསླབ་གནས་ཐོབ་ལ་དེ་གར་ཞིབ་འཇུག་ལས་རོགས་པའི་འགན་ཡང་བཞེས། ལེའི་པིས་ཞི་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་ཀྲུང་གོའི་རིག་གནས་ལ་སློབ་གཉེར་གནང་བ་མ་ཟད་ཨེ་ཤེ་ཡ་དབུས་མའི་ཞིབ་འཇུག་དང་དཔལ་འབྱོར་རིག་པའི་སྐོར་ལ་ཡང་སློབ་གཉེར་གནང་། ཁོ་མོས་བོད་ཡུལ་དང་ཧི་མ་ལ་ཡ་རི་རྒྱུད་ས་ཁུལ་གྱི་དམངས་སྲོལ་རིག་གནས་སྣ་ཚོགས་ལ་ཡུལ་དངོས་བརྟག་དཔྱད་བྱས་པ་དང་འབྲེལ་མཐོང་ཚོར་རིག་གནས་དང་དཔེ་རིས་འབྲི་བའི་ལོ་རྒྱུས་སྐོར་ལ་ཡང་དོ་སྣང་དང་ཞིབ་འཇུག་གནང་།
དབྱིན་ཇིའི་དཔེ་མཛོད་ཁང་དུ་ཉར་བའི་ལྷ་སའི་ཕོ་བྲང་པོ་ཏཱ་ལ་དང་གཙུག་ལག་ཁང་གི་ས་བཀྲ།
༢༠༢༠ལོའི་ཟླ་༧པའི་ཚེས་༢༣ཉིན་དཻ་ཨ་ཎ་•ལཱང་ལགས་ཀྱི་བརྩམས་ཆོས་འགངས་ཆེན་༼དུས་རབས་༡༩པར་བོད་ཀྱི་གྲྭ་པའི་ཕྱོགས་བསྒྲིགས་བྱས་པའི་ཧི་མ་ལ་ཡ་རི་རྒྱུད་ས་ཁུལ་གྱི་ས་བཀྲ། - འཚོལ་ཞིབ་ཀྱི་ཡུལ་སྐོར།༽ (An Atlas of the himalayas by a 19th century tibetan lama:A Journey of Discovery)་ཞེས་པ་པར་སྐྲུན་གནང་། དབྱིན་ཇིའི་དཔེ་མཛོད་ཁང་ཆེན་མོའི་དུས་རབས་༢༠པའི་ལོ་རབས་༦༠པའི་ཡི་གེའི་དཔྱད་གཞིའི་ཡིག་རིགས་ཤིག་ཏུ་བཀོད་པ་ལྟར་ན། འདྲ་པར་འདི་དག་ནི་བོད་ཀྱི་སྒྱུ་རྩལ་པ་ཞིག་གིས་བྲིས་པ་དང་ཁོང་ནི་མིང་མི་ཤེས་པའི་གྲྭ་པ་ཞིག་ཡིན་ཤས་ཆེ་ལ། ཁོང་གིས་ཡོ་རོབ་པ་དང་འབྲེལ་འདྲིས་མང་པོ་བྱེད་མྱོང་ཡོད་པར་བརྟེན་ཁོང་གི་བརྩམས་ཆོས་ལའང་ཡོ་རོབ་ཀྱི་རི་མོའི་ཁྱད་ཆོས་མངོན་འདུག
དཔེ་དེབ་འདིའི་ནང་དུ་ཧི་མ་ལ་ཡ་རི་རྒྱུད་ས་ཁུལ་གྱི་“གར་འཆམ་ཆོ་ག”་ལ་ཞིབ་འཇུག་བྱེད་རྒྱུ་དེ་དེ་བས་གལ་འགངས་ཆེ་བ་ཞིག་ཡིན་པ་དང་ང་ཚོས་དེའི་ཁྲོད་ནས་བོད་ཡུལ་གྱི་གར་འཆམ་འཁྲབ་པའི་ཡུལ་དངོས་ཀྱི་རྣམ་པ་བརྙན་དུ་ཕབ་ནས་ལྟད་མོ་བར་ལོ་ངོ་༡༥༠གོང་རོལ་དུ་བོད་ཡུལ་དུ་ཡོད་པའི་གར་འཆམ་ཆོ་ག་ཐེངས་ཁ་ཤས་ལ་བསྟན་པ་ཡིན།
Vol.1
བསམ་ཡས་དགོན་པའི་ཚེས་བཅུའི་གར་འཆམ་ཆོ་ག
འདྲ་པར་འདིས་བསམ་ཡས་དགོན་པའི་མདུན་གྱི་གར་འཆམ
་སྨོན་ལམ་ཆེན་མོ་གསལ་པོར་མཚོན་ཡོད།
སྒོ་ཆེན་འགྲམ་གྱི་ཀ་བའི་གཡོན་ཕྱོགས་ཀྱི་བོད་ཡིག་གཤམ་གསལ་ལྟར་དུ། བསམ་ཡས་གཙུག་ལག་ཁང་མདོ་སྡེ་མཆོད་པ།
༡༥༧༠ལོར་ས་སྐྱ་ངག་དབང་ཀུན་དགའ་རིན་ཆེན་(༡༥༡༧-༡༥༨༤)ལགས་ཀྱིས་“མདོ་སྡེ་མཆོད་པ”་ཞེས་འབོད་པའི་གར་འཆམ་ཆོ་ག་གསར་འཛུགས་གནང་། དེའི་རྟེན་སྐུ་གཙོ་བོ་ནི་གནོད་སྦྱིན་ཙིའུ་དམར་དང་པེ་ཧར་རྒྱལ་པོ་ཡིན། ཁུ་རི་སུ་ཏོ་ཧྥེར་•བེལ་གྱིས་“མདོ་སྡེ་མཆོད་པ”་ཞེས་པའི་མིང་གཞན་ནི་བོད་ཡུལ་དུ་ཉིན་གསུམ་གྱི་རིང་རྒྱུན་མཐུད་བྱས་ནས་སྤེལ་བཞིན་པའི་ལོ་རེའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་གྱི་འཛམ་གླིང་སྤྱི་བསང་ཞེས་པར་ངོས་འཛིན་བྱེད་བཞིན་འདུག དེ་ནི་གུ་རུ་མཚོ་སྐྱེས་རྡོ་རྗེས་བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ནས་ལས་བསྐུལ་བས་བསམ་ཡས་ལེགས་བསྒྲུབས་ཟིན་པའི་གཏང་རག་ཏུ་ཧད་པོ་རིའི་རྩེར་རྒྱགས་རྔན་ལྷ་བསང་གི་འདོན་ཆོས་བརྩམས་ཏེ་བསང་མཆོད་རྒྱ་ཆེར་གནང་བའི་དུས་ཚོད་དང་། མུ་ནེ་བཙན་པོས་ཆོས་འཁོར་གསུམ་(ལྷ་ས། ཁྲ་འབྲུག བསམ་ཡས།)་ལ་སྡེ་སྣོད་གསུམ་གྱི་མཆོད་རྒྱུན་བཙུགས་པའི་ཡ་གྱལ་ལྷ་ས་འདུལ་བའི་མཆོད་པ་ཞེས་གྲགས་པ་དེའི་ལམ་སྲོལ་འཛིན་པའི་རྗེས་དྲན་གྱི་དུས་སྟོན་ཞིག་གཏོང་སྲོལ་ཡོད་པ་དེ་ལ་ཟེར།
གུ་རུ་མཚོ་སྐྱེས་རྡོ་རྗེ་དང་ཁོང་གི་བཙུན་མོ།
སྐུ་མགྲོན།
༡༩༣༡ལོར་ལ་དྭགས་ཧེ་མིས་དགོན་པའི་གྲྭ་པའི་དུང་ཆེན་འབུད་བཞིན་པ།
པར་བ། Rupert Wilmot
རྣལ་འབྱོར་པ།
འཆམ་ཞྭ་ནག་པོ་གོན་པའི་གར་འཆམ་པ། གཡས་ཀྱི་འདྲ་པར་ནི་༢༠༡༢ལོར་
འཆམ་ཞྭ་ནག་པོ་གོན་པའི་གར་འཆམ་པས་
ཟངས་དཀར་འབར་གདན་གསང་སྔགས་ཆོས་གླིང་དགོན་དུ་གར་འཆམ་འཁྲབ་བཞིན་པ། པར་བ།
MareikeWulff
ཨོ་རྒྱན་རྡོ་རྗེ་འཆང་གི་གར་འཆམ་པ། གཡས་ཀྱི་འདྲ་པར་ནི་༢༠༠༩ལོར་ཀ་སྤུངས་བྱང་ས་ཆོས་གླིང་དགོན་དུ་གུ་རུ་མཚན་བརྒྱད་ཀྱི་ནང་ཚན་ཨོ་རྒྱན་རྡོ་རྗེ་འཆང་གི་གར་འཆམ་འཁྲབ་བཞིན་པ།
པར་བ།
Cathy Cantwell
གུ་རུ་ཉི་མ་འོད་ཟེར་གྱི་གར་འཆམ་པ། གཡས་ཀྱི་འདྲ་པར་ནི་༢༠༠༩ལོར་ཀ་སྤུངས་བྱང་ས་ཆོས་གླིང་དགོན་དུ་གུ་རུ་མཚན་བརྒྱད་ཀྱི་ནང་ཚན་གུ་རུ་ཉི་མ་འོད་ཟེར་གྱི་
གར་འཆམ་འཁྲབ་བཞིན་པ། པར་བ།
Cathy Cantwell
གུ་རུ་སེང་གེ་སྒྲ་སྒྲོག་གི་གར་འཆམ་པ། གཡས་ཀྱི་འདྲ་པར་ནི་༢༠༠༩ལོར་ཀ་སྤུངས་བྱང་ས་ཆོས་གླིང་དགོན་དུ་གུ་རུ་མཚན་བརྒྱད་ཀྱི་ནང་ཚན་གུ་རུ་སེང་གེ་སྒྲ་སྒྲོག་གི་གར་འཆམ་འཁྲབ་བཞིན་པ།
པར་བ། Cathy Cantwell
གུ་རུ་ཤཱཀྱ་སེང་གེའི་གར་འཆམ་པ། གཡས་ཀྱི་འདྲ་པར་ནི་༢༠༠༩ལོར་ཀ་སྤུངས་བྱང་ས་ཆོས་གླིང་དགོན་དུ་གུ་རུ་མཚན་བརྒྱད་ཀྱི་ནང་ཚན་གུ་རུ་ཤཱཀྱ་སེང་གེའི་གར་འཆམ་འཁྲབ་བཞིན་པ།
པར་བ། Cathy Cantwell
Vol.2
བསམ་ཡས་དགོན་པའི་ཐང་གའི་རྩིག་ལྡེབས་ཆེན་པོ།
འདྲ་པར་གཉིས་པའི་ཐོག་ནས་བསམ་ཡས་དགོན་པའི་ཐང་གའི་རྩིག་ལྡེབས་ཆེན་པོ་གསལ་པོར་མཚོན་པ་དང་བསམ་ཡས་དགོན་པའི་ནང་དུ་འགྲོ་སའི་སྒོ་ཆེན་དང་ཐག་ཉེ་པོ་ཡོད། རྒྱུ་མཚན་ཅི་འདྲ་ཞིག་ཡིན་མིན་སྐོར་གླེང་སྐབས་ཐང་གའི་རྩིག་ལྡེབས་དེ་བསམ་ཡས་དགོན་པའི་བར་རིས་ཞིབ་ཕྲ་བརྗོད་པའི་ནང་དུ་ཐོན་མེད། གར་འཆམ་ནི་རྒྱུན་དུ་དགོན་པའི་སྒོ་རའི་ནང་དུ་འཁྲབ་པ་དང་། སྐབས་འགར་བསམ་ཡས་དགོན་པའི་བཟོ་བཀོད་གཙོ་བོས་ཐང་ག་ཆེན་པོ་འགའ་ཡང་འགྲེམས་སྟོན་བྱེད་སྲིད་པ་དང་གར་འཆམ་གྱི་ཆོ་ག་ཁྲོད་ཐོན་པའི་ལྷ་སྐུ་ཆེན་པོ་སྐབས་འགར་གོས་སྐུ་བཤམས་ས་རུ་བཞག་ནས་འགྲེམས་སྟོན་ཡང་བྱེད།
གཞི་རྒྱ་ཆེ་བའི་ཐང་ག གཡས་ཀྱི་འདྲ་པར་ནི་༡༩༥༠ལོར་ལྷ་སའི་ཕོ་བྲང་པོ་ཏཱ་ལ་རུ་གོས་སྐུ་བཤམས་དུས་སུ་གར་འཆམ་འཁྲབ་བཞིན་པའི་རྣམ་པ།
པར་བ། Peter
གནོད་སྦྱིན་ཙིའུ་དམར་དང་པེ་ཧར་རྒྱལ་པོ། གཡས་ཀྱི་འདྲ་པར་ནི་ལ་དྭགས་ཧེ་མིས་དགོན་པའི་གནོད་སྦྱིན་ཙིའུ་དམར་དང་འདྲ་བའི་
ལྷའི་བཀའ་ལུང་དུ་བཀོལ་བའི་ཞྭ་མོ།
པར་བ། Mareike Wulff (2006)
སྐྱེས་པ་གྲི་གར་དང་དགེ་སློང་།
དུར་ཁྲོད་བདག་པོ།
ཧྭ་ཤང་།
ཨ་ལག་དཔལ་དཀར།
འདྲེ་ཨུབ་སྐྱལ་ཁེར།
བདུད་མོ།
རྩོང་རྩོང་།
གིང་།
ཁྲིམ་པ།
Vol.3
གར་འཆམ་སྨོན་ལམ་ཆེན་མོ་དང་གུ་རུ་མ
ཚོ་སྐྱེས་རྡོ་རྗེ་དང་དེའི་སྐུ་བཅར།
འདྲ་པར་གསུམ་པའི་ཐོག་ནས་གར་འཆམ་སྨོན་ལམ་ཆེན་མོ་གསལ་བོར་མཚོན་པ་དང་དཀྱིལ་དུ་ཤྭ་བ་དང་བམ་ཆུང་ཡོད་ལ། མཐའ་རུ་གར་འཆམ་འཁྲབ་མཁན་དྲུག་གིས་བསྐོར་ཡོད། གར་འཆམ་འཁྲབ་མཁན་འདི་དག་གིས་རིགས་མི་འདྲ་བའི་གྲྭ་པ་དྲུག་གི་སྐུ་བཅར་མཚོན་ཡོད།
གར་འཆམ་འཁྲབ་མཁན་ཚང་མས་མཛེས་སྡུག་ལྡན་པའི་གར་ཆས་དང་གདོང་འབག་གོན་ཡོད། ནེ་བེ་སུ་ཀི་
•
ཝོ་ཀོ་ཝི་ཙུས་ཁྲོ་བོའི་རིགས་ཀྱི་ཆོས་སྐྱོང་དག་གི་གདོང་འབག་གི་དཔྲལ་བའི་སྟེང་དུ་ཁྲོ་བོ་རིགས་ལྔའི་ཞྭ་མོ་གོན་ཡོད་ལ་དེའི་སྟེང་དུ་ཀ་པཱ་ལ་ཡང་ཡོད། གར་འཆམ་སྨོན་ལམ་ཆེན་མོའི་ཁྲོད་དུ་བྱུང་བའི་ལྷ་མང་ཆེ་བས་གདོང་འབག་འདིའི་རིགས་གོན།
ཤྭ་བ། གཡས་ཀྱི་འདྲ་པར་ནི་དུས་རབས་༡༩པའི་མཇུག་དང་༢༠པའི་མགོར་ཨ་རིའི་བཤམས་སྟོན་ཁང་ཆེན་མོར་ཉར་བའི་ཤྭ་བའི་གདོང་འབག
ཁོས་བསྟན་དོན།
“
རྟོགས་པ་ཅུང་མཐོ་བའི་ལྷ་ཡི་གར་འཆམ་འཁྲབ་མཁན་གྱི་གྱོན་ཆས་ལ་རྒྱུན་དུ་ཕུ་རུང་ཆེ་ཞིང་རིང་བའི་ཕོད་ཀ་དང་བེར་དང་འདྲ་བའི་སྟོད་ལེ་གཉིས་ཡོད། མཚམས་རེར། གར་འཆམ་འཁྲབ་མཁན་གྱིས་བྲང་ཁར་སེ་རལ་ཁ་ཞེས་པ་ཞིག་བཏགས་ཡོད། དེ་ནི་ཤིང་གི་བཟོས་པའི་མུ་ཏིག་དང་རུས་པའམ་ཡང་ན་བ་སོའི་རྒྱུད་ལས་གྲུབ་པའི་མུ་ཏིག་གིས་བཟོས་པ་ཡིན། གར་འཆམ་འཁྲབ་མཁན་ཁ་ཤས་ཀྱིས་བྲང་ཁར་མེ་ལོང་གི་ཁྲབ་རྨོག་བཏགས་ཡོད། འཁྲབ་སྟོན་གྱི་ཆ་ལུགས་གཞན་ནི་བོད་ལྷམ་ཡུ་རིང་གོན་པ་དེ་རེད། གར་འཆམ་འཁྲབ་མཁན་ཀྱི་ཕྱག་ཏུ་བཟུང་བའི་མཚོན་ཆ་དང་དངོས་པོ་གཞན་དག་གིས་བསྟན་སྲུང་མི་འདྲ་བ་མཚོན་བཞིན་ཡོད།
”
ཞིབ་བརྗོད་འདི་དང་བར་རིས་ཁྲོད་ཀྱི་གར་འཆམ་འཁྲབ་མཁན་གྱི་ཞིབ་བརྗོད་དང་དོ་མཉམ་ཡིན།
དམ་ཅན་ཆོས་རྒྱལ། པར་བ། Joseph Rock 1925
ཆུ་སྲིན་གདོང་ཅན་དང་མ་ཧཱ་ཀཱ་ལ།
Vol.
4
ལྷ་སའི་གནས་ཆུང་དགོན་པའི་གར་འཆམ་གྱི་རྣམ་པ།
༡༨༥༠ལོའི་དུས་མཇུག་ཏུ་དབྱིན་ཇི་དཔེ་མཛོད་ཁང་དུ་ཉར་བའི་འདྲ་པར།
.
༡༨༥༠ལོའི་དུས་མཇུག་ཏུ་ལྷ་ས་གྲོང་ཁྱེར་ཉེ་འདབས་ཀྱི་གནས་ཆུང་དགོན་པའི་ནང་དུ་གར་འཆམ་གཟབ་རྒྱས་ཤིག་འཁྲབ་བཞིན་པའི་བར་རིས་འདིས་རྗེས་རབས་པར་བཞག་པའི་བག་ཆགས་ནི་གར་འཆམ་ཁྲོད་ཀྱི་མི་སྣ་ཚང་མ་རིམ་བཞིན་གར་སྟེགས་སུ་བུད་རྗེས་མི་མང་པོས་དུས་མཉམ་དུ་གར་འཆམ་འཁྲབ་པའི་སྣང་བརྙན་རེད།
གལ་ཏེ་ནན་ཏན་གྱིས་ལྟ་ཞིབ་བྱས་ན། འདྲ་པར་ཁྲོད་ཀྱི་མི་སྣ་ལ་ལས་ཀེང་རུས་ཀྱི་རི་མོ་ཡོད་པའི་ཕྱི་ལྭ་གོན་ཡོད་པ་དང་། ལ་ལས་ཐོ་རུས་ཡོད་པའི་གདོང་འབག་གོན་འདུག ཕལ་ཆེར་རི་མོའི་སྟེང་གི་རྔ་རྡུང་བའི་སྒྲ་དང་བསྟུན་ནས་གཟབ་ནན་གྱིས་གར་འཆམ་འཁྲབ་བཞིན་ཡོད་པ་དང་འདྲ།
གར་འཆམ་འཁྲབ་བཞིན་པའི་གྲྭ་པ།
དུས་རབས་༡༩བའི་མཇུག་དང་དུས་རབས་༢༠བའི་མགོར་ཨ་རིའི་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་དུ་ཉར་བའི་
དུར་ཁྲོད་བདག་པོའི་ཕྱི་ལྭ་དང་ཤིང་གི་བཟོས་པའི་ཤྭ་མགོ
ཀེང་རུས་འཁྲབ་མཁན་ཞིག་ཏུ་རྫུས་ནས་ཁོ་ཚོས་འགན་འཁུར་གཙོ་བོ་ནི་ཕལ་ཆེར་གར་འཆམ་ཁྲོད་ཀྱི་དུར་ཁྲོད་བདག་པོའི་ཆ་ཤས་ཡིན། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ནང་དུ་བཀོད་པ་ལྟར་ན།
“
(
དུར་ཁྲོད་བདག་པོ
)
་འཁྲབ་མཁན་ནི་ལོ་བཅུ་ཡས་མས་ཀྱི་བན་ཆུང་བཞི་ཡིན། ཁོ་ཚོའི་ལུས་ལ་ཀེང་རུས་ཀྱི་རི་མོ་ཡོད་པའི་གོས་ཐུང་གོན་པ་དང་གདོང་འབག་ནི་ཐོད་རུས་ཡིན་པ་དང་བོད་བཟོའི་ལྷམ་ཡུ་རིང་གོན་ནས་འཇིགས་སུ་རུང་བའི་རྣམ་པ་དང་གར་སྟབས་ལས་འཇིག་རྟེན་འཁོར་བ་ནི་མི་རྟག་པ་ཡིན་པ་སྟོན་བཞིན་ཡོད
”
་ཅེས་བཤད།
འདྲ་པར་འདིའི་ཁྲོད་དུ་ང་ཚོས་ཏག་ཏག་འདི་ལྟ་བུའི་ཀེང་རུས་གར་འཆམ་འཁྲབ་མཁན་བཞི་རྙེད་ཐུབ་ལ། དེའི་ཁྲོད་ཀྱི་ཀེང་རུས་ཀྱི་ཕྱི་ལྭ་གཉིས་འདྲ་པར་གྱི་གཡོན་ཕྱོགས་སུ་མངོན་པ་དང་གཞན་པ་གཉིས་ཀྱིས་ཐོད་རུས་ཀྱི་གདོང་འབག་གོན་ནས་འདྲ་པར་གྱི་གཡས་ཕྱོགས་སུ་མངོན།
༡༩༣༩ལོར་ལྷ་ས་རུ་དུར་ཁྲོད་བདག་པོ་འཁྲབ་པའི་གར་འཆམ་པ།
༼དུས་རབས་༡༩པར་བོད་ཀྱི་གྲྭ་པའི་ཕྱོགས་བསྒྲིགས་བྱས་པའི་ཧི་མ་ལ་ཡ་རི་རྒྱུད་ས་ཁུལ་གྱི་ས་བཀྲ། - འཚོལ་ཞིབ་ཀྱི་ཡུལ་སྐོར།༽་ཞེས་པ་ནི་མི་རིགས་ཀྱི་ལོ་རྒྱུས་སྐོར་གྱི་ས་བཀྲ་ཕྱོགས་བསྒྲིགས་ཤིག་ཡིན། དུས་རབས་༡༩པའི་དུས་དཀྱིལ་གྱི་བོད་ཀྱི་འཛམ་གླིང་གི་ཐུན་མོང་མ་ཡིན་པའི་ཤེས་བྱའི་རྩ་གནད་ཅིག་ཀྱང་ཡིན་པས་རིག་གཞུང་ཁྱབ་ཁོངས་ཀྱི་གསར་རྙེད་ཡུལ་སྐོར་གྱི་སྒོ་མོ་ཕྱེས་པ་དང་། དེ་ལ་དབྱིན་ཇིའི་དཔེ་མཛོད་ཁང་གི་རིན་ཐང་ལྡན་པའི་ཉར་ཚགས་ཞེས་བརྗོད་བཞིན་ཡོད།
འགྲོ་བ་མིའི་རིགས་ཀུན་ལ་དབང་བའི་ཐུན་མོང་གི་རིག་གནས་མཆོག་ཏུ་བྲལ་བ་འདི་ལ་བཀའ་དྲིན་ཞུ།
ཡོང་ཁུངས།
༼དུས་རབས་༡༩པར་བོད་ཀྱི་གྲྭ་པའི་ཕྱོགས་བསྒྲིགས་བྱས་པའི་ཧི་མ་ལ་ཡ་རི་རྒྱུད་ས་ཁུལ་གྱི་ས་བཀྲ། - འཚོལ་ཞིབ་ཀྱི་ཡུལ་སྐོར།༽
编译
普桑加
出生于青海省尖扎县,从小对藏文化极为喜爱,也为其投入了巨大的热情和精力。近几年来一直致力于古今藏文化的研究事业,对这一领域也有一定的理解和掌握。未来也将不断地探究与学习藏文化,并在此领域打造出一片属于自己的研究天地。
学习交流微信:purSung-Kyap
微博:Phursung-Kyap
往期文章
可点击图片阅读
▼
ཨར་ནོལ་ད྄•ཧཻམ྄་ལགས་ཀྱིས་ལོ་རབས་སུམ་ཅུ་བར་པར་དུ་བླངས་པའི་བོད་ཡུལ།
བོད་ཡུལ་དུ་ཐོག་མར་སླེབས་པའི་ཨུ་རུ་སུའི་ནང་པའི་རྗེས་འཇུག་པ།
བོད་ཡུལ་དང་བལ་པོའི་ལོ་ངོ་བརྒྱ་ཡི་ཚོང་དོན་འགྲོ་འོང་གི་ལོ་རྒྱུས།
འཛམ་གླིང་འབྲོག་པའི་མི་རིགས་ལུས་རྩལ་འགྲན་ཚོགས།
བོད་ཡུལ་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ། - ཁ་ཝ་གུ་ཆི•ཨེ་ཀཻ།
ཡོ་རོབ་གླིང་གི་བོད་བརྒྱུད་ནང་བའི་བསྟན་པའི་ས་ཁུལ།
ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།
ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།
འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།
གངས་རིན་པོ་ཆེའི་གློག་སྒྲོན།
འདྲ་པར་སྟེང་དུ་མནན་ནས་རྒྱུས་ལོན་བྱས་ཆོག
▼
བོད་སྐད་ཀྱི་ཐད་སྦྲེལ། CHARU1607
客服微信:charuspace
未经作者允许请勿随意印刷转载 后果自负
合作及投稿微信:charuspace
您可能也对以下帖子感兴趣
{{{title}}}
文章有问题?点此查看未经处理的缓存