查看原文
其他

ཧི་མ་ལ་ཡའི་སྒྱུ་རྩལ་ཁྲོད་ཀྱི་ཁ་སྤུ། སྟོད།

CHARU迦入 CHARU 2022-09-30

汉语版

点击图片阅读

喜马拉雅肖像画中的胡子(上)▎积攒着智慧与威严


编译:普桑加

校对:索朗旺青



ལྟེ་དབུས་གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ།

ལོ་བརྒྱ་ལོན་ཚུལ་དབུ་སྐྲ་སྨ་ར་དང།

ཨག་ཚོམ་དཀར་ལ་སྨུག་ནག་སྤྱན་གསུམ་འབར།


(མཆན། འདིར་གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་ནི་ཐང་སྟོང་རྒྱལ་པོ་ལ་གོ)


དུས་རབས༡༩བར་ནེའུ་ཡོག་རབ་བྷིན་བཤམས་སྟོན་ཁང་དུ་ཉར་བའི་ཐང་སྟོང་རྒྱལ་པོ།

 

ཐང་སྟོང་རྒྱལ་པོ་ནི་(༡༣༦༥ – ༡༤༨༦)ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་ཡིན་པའི་ཆ་ནས། (འདི་ནི་སྲོལ་རྒྱུན་གྱི་བཀའ་བརྒྱུད་པའི་ཡན་ལག་ཅིག་མིན། ) ཁོང་གི་ཁ་སྤུ་ལས་བོད་ཡུལ་གྱི་“ཤེས་རབ་ཅན་གྱི་ཁ་སྤུར”་བརྗོད་པའི་གྲུབ་ཆ་ཡོངས་སུ་ཚང་བ་ཡིན། ཚེ་རིང་མཁན་ཡིན་པའི་ཆ་ནས་ཁོང་གི་ཁ་སྤུ་གངས་ལྟར་དཀར་ཞིང་རྒྱུན་དུ་ཤེས་རབ་དང་བསོད་ནམས་ཀྱི་ཕྱུགས་ཡོད། གནས་ངེས་མེད་དུ་འགྲིམས་པའི་རྣལ་འབྱོར་བ་དང་སྒོམ་སྒྲུབ་པ་ཞིག་ཡིན་པའི་ཆ་ནས། དབེན་གནས་སུ་ལོ་མང་པོར་སྒོམ་སྒྲུབ་ལ་གཞོལ་ནས་འཚོ་བ་ཐབས་ཆག་རོལ་ཅིང་ཁོང་གི་ཁ་སྤུར་རྒྱུན་དུ་བདག་གཉེར་མི་བྱེད་པའི་ཤུག་སྡོང་གི་ཡལ་ག་དང་འདྲ། སྨན་དཔྱད་ལ་མཁས་ཤིང་སྤྱོད་ཡོན་གཉིས་ལྡན་གྱི་གསོ་རིག་མཁས་པ་ཞིག་ཡིན་པའི་ཆ་ནས། ཁོང་གི་ཁ་སྤུའི་མཐའ་རུ་སེར་པོ་དང་སྔོན་པོའི་མདངས་བཀྲ་ཡོད་པ་དང་། དེ་ནི་དུས་ཡུན་རིང་པོར་སྨན་རྫས་ལག་ལེན་བྱས་པའི་རྟགས་མཚན་དུ་བགྲང་བ་ཡིན། (སྔོན་པོ་ནི་བོད་ལུགས་གསོ་རིག་རི་མོའི་ཁྲོད་ཀྱི་སྨན་བཅོས་ཁ་དོག་ལ་གོ་བཞིན་ཡོད།) སྲོལ་རྒྱུན་གྱི་ཡིག་ཚང་ཁྲོད་དུ་འབྱུང་བའི་“ཆོས་ཀྱི་སྐུ་མདོག་དམར་སྐྱས”་ཁོང་དབེན་གནས་སུ་ལོ་མང་པོར་སྒོམ་སྒྲུབ་ལ་གཞོལ་བ་རྟོགས་ཐུབ་ཀྱང་། (ཉི་འོད་ཀྱིས་འཚིག་པའི་མདོག།)རྣལ་འབྱོར་བའི་གསང་བའི་གོ་འཕང་ཡང་མངོན་ཡོད། (ནང་བསྟན་ཁ་དོག་རིག་པ།) “སྤྱན་གསུམ”་གྱིས་ཤེས་རབ་དང་ཡེ་ཤེས།  ཆོས་ཉིད་གསུམ་མཚོན་ནོ། །

 

ཐང་སྟོང་རྒྱལ་པོའི་ཁ་སྤུ།


ལྕགས་ཐག


ཐང་སྟོང་རྒྱལ་པོས་གསོ་རིག་གི་ཐད་ནས་མཛད་པ་མང་དུ་བསྐྱངས་པར་མ་ཟད། ཁོང་ནི་ཕུལ་དུ་བྱུང་བའི་བཟོ་སྐྲུན་འཆར་འགོད་པ་ཞིག་ཀྱང་ཡིན། སྒྲུབ་པ་ཚེ་དང་བསྙམས་ཤིང་དབེན་གནས་སུ་ལོ་མང་པོར་སྒོམ་སྒྲུབ་ལ་གཞོལ་ཏེ་ཟམ་པ་༥༨བཙུགས་ཏེ་འགྲོ་བར་ཕན་བདེ་བསྐྲུན་ཡོད།


མཐུན་པ་སྤུན་བཞི།


སྟོན་པའི་སྐྱེས་རབས་གཏམ་རྒྱུད་ལས་བྱུང་བའི་སྒྱུ་རྩལ་མཚོན་རྟགས་ཀྱིས་འཆམ་མཐུན་གྱི་གོ་འཕང་སྙེག་པ་མཚོན།


ཁྲུང་ཁྲུང་དང་ཤྭ་བ།

 

ཚེ་རིང་བའི་མཚོན་རྟགས། རྟག་པར་“ཚེ་རིང་རྣམ་དྲུག”་གི་ཁྲོད་དུ་འབྱུང་བཞིན་ཡོད།


ཡོན་ཆབ་འབུལ་བའི་སློབ་མ།

 

ཐང་གའི་རྒྱབ་ལོགས་སུ་བྲིས་པའི་ཡི་གེར་བརྟག་ན། འདིར་བཤད་པའི་སློབ་མ་ནི་དུས་རབས་༡༥ནས་༡༦བར་གྱི་ཐང་སྟོང་རྒྱལ་པོའི་རྣམ་ཐར་མཛད་པ་པོ་ཤེས་རབ་དཔལ་ལྡན་ཡིན་ངེས།


དུས་རབས་༡༨པར་སྒེར་ཉར་བྱས་པའི་ཐང་སྟོང་རྒྱལ་པོ།

 

སྐབས་འདིའི་ཐོར་ལྕོག་ནི་རྒྱུན་མཐོང་གི་ཐོར་ལྕོག་སྣ་གཅིག་མ་ཡིན་པར། སྣོལ་བར་བྱས་ཡོད་པའི་རྣལ་འབྱོར་པའི་ཐོར་ལྕོག་ཡིན།


དུས་རབས་༡༩པར་སྒེར་ཉར་བྱས་པའི་ཐང་སྟོང་རྒྱལ་པོ།


ལྡེར་སྐུ་འདི་ནི་རྒྱའི་ལུགས་སུ་བཞེངས་པའི་ཤིང་སྐུ་ཞིག་གོ


“སྐྱེས་པ་རྣམས་ཀྱིས་ཁ་སྤུའི་སྟེང་ནས་སེམས་གསོ་བྱེད་བཞིན་པ་འདྲ།” རྩོམ་པ་པོ་ཧའེ་སེ་(Hermann Hesse;༡༨༧༧-༡༩༦༢)སྐད་ཆ་འདིས་ང་ཚོར་དྲན་སྐུལ་བྱེད་བཞིན་པ་ནི་ཁ་སྤུ་ནི་སྐྱེས་པ་རྣམས་ཀྱི་བཤད་བཞིན་པའི་“མཚན་རྟགས་གཉིས་པ”་ཡིན་པའི་ཆ་ནས། སྤྱི་ཚོགས་ཀྱི་སེམས་ཁམས་དང་རིག་གནས་དབྱེ་ཞིབ་ཁྲོད་ཀྱི་ནུས་པ་དེ་རང་སྟེང་གི་སྐྱེ་དངོས་ཀྱི་དོན་སྙིང་ལས་ཆེ་བར་བསམ། ནང་བསྟན་གྱི་རིག་གནས་ཁྲོད་དུ་ཁ་སྤུ་འཇོག་པ་ནི་སྡོམ་ཁྲིམས་དང་འགལ་བའི་བྱ་བ་ཞིག་ཡིན་མོད། ཁ་སྤུ་ནི་ཡ་གླིང་ལྷོ་མའི་རིག་གནས་ཁྲོད་ཀྱི་ཆོས་ལུགས་ཐོབ་ཐང་དང་སྤྱི་ཚོགས་གོ་གནས་ཀྱི་མཚོན་རྟགས་ཤིག་ཡིན། (སྔ་དུས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་སྤྱིར་བཏང་གི་སྡོམ་ཁྲིམས་དང་མི་མཐུན།) འདི་ནི་ང་རང་ཉིད་ཀྱི་བཟུང་བའི་ཕྱིའི་རྣམ་པ་ཞིག་ཡིན། འོན་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ནི་ནང་བསྟན་སྒྱུ་རྩལ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད། ས་ཁོངས་ཀྱི་ཁྱད་ཆོས་དང་སྤྱི་ཚོགས་རྒྱབ་ལྗོངས་ཀྱི་ཁྱད་པར་གྱི་དབང་གིས་རྒྱུན་དུ་ཁ་སྤུ་ཡོད་པའི་ནང་བསྟན་སྐུ་འདྲ་ཡང་བྱུང་།

 

དྲི་ཟའི་ཡུལ་གྱི་ཁྱད་ཆོས་ལྡན་པའི་སངས་རྒྱས་ཀྱི་སྐུ་བརྙན།


དུས་རབས་༡༩པར་སྒེར་ཉར་བྱས་པའི་གནས་བརྟན་མ་ཕམ་པ།

 

དྲང་སྲོང་གི་རི་སྟེ་ཨུ་ཤི་རའི་གནས་པའི་བགྲེས་སོང་གནས་བརྟན་མ་ཕམ་པ།


གནས་བརྟན་མ་ཕམ་པའི་ཁ་སྤུ།


སྔ་དུས་ཀྱི་ཡིག་ཆའི་ནང་དུ་སངས་རྒྱས་ཀྱི་སྲས་ཀྱི་ཐུ་བོ་ཚོས་“གནས་བཅུ”་སྲོག་ཤིང་དུ་བྱེད་པ་དང་། དུས་རབས་བཞི་པའི་དུས་མགོའི་སངས་རྒྱས་ཆོས་ལུགས་ཀྱི་བསྟན་བཅོས་ནང་དུ་“གནས་བརྟན་བཅུ་དྲུག”་གི་སྐོར་བརྗོད་ཡོད། བོད་ཡུལ་གྱི་གནས་བརྟན་བཅུ་དྲུག་གི་རྣམ་པ་དང་འབྲེལ་བའི་གསུང་རབ་ཞིབ་བརྗོད་ནི་ས་པཎ་དང་ཀསྨིར་གྱི་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། (༡༡༢༧-༡༢༢༥) བཀའ་བདམས་པའི་སྲོལ་བཏོད་པ་པོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་(༡༠༠༥-༡༠༦༤)ལས་བྱུང་བ་ཡིན། མཁས་པ་སྔོན་མའི་ཞིབ་བརྗོད་ཁྲོད་དུ་གནས་བརྟན་ནི་བགྲེས་སོང་གི་རྣམ་པ་ཅན་ཞིག་ཡིན་ལ། མཁས་པ་རྗེས་མའི་ཞིབ་བརྗོད་ཁྲོད་དུ་གནས་བརྟན་ནི་ལོ་ན་ཆེ་ཤིང་ཁ་སྤུ་དཀར་ཞིང་རིང་བའི་རྣམ་པས་མངོན་ཡོད། (ཐ་ན་གནས་བརྟན་གཅིག་ལའང་གཟུགས་བརྙན་མི་འདྲ་བ་མང་པོ་ཡོད།)


དུས་རབས་༡༧པར་ནེའུ་ཡོག་རབ་བྷིན་བཤམས་སྟོན་ཁང་དུ་ཉར་བའི་གནས་བརྟན་སྦེད་བྱེད།

 

སངས་རྒྱས་ཀྱི་སྲས་ཀྱི་ཐུ་བོ་ཁྲོད་ཀྱི་སྨན་དཔྱད་ཁྱད་དུ་འཕགས་པ་དང་སངས་རྒྱས་ཀྱི་བླ་སྨན་ནི་གནས་བརྟན་སྦེད་བྱེད་ཡིན།


གནས་བརྟན་སྦེད་བྱེད་ཀྱི་ཁ་སྤུ།


གནས་བརྟན་སྦེད་བྱེད་ཀྱི་བཞུགས་གནས་བི་ཧུ་ལའི་ཁྲོད་ཀྱི་སེང་གེ་འབྱུང་བའི་ཕུག།


ང་ཚོས་སྤྱིར་བཏང་དུ་བོད་ཡིག་ཁྲོད་ཀྱི་ཁ་སྤུ་རིགས་གསུམ་ལ་དབྱེ་ཡོད། ༡. མཆུ་སྒྲོས་སྟེང་གི་ཁ་སྤུ་ལ་“སྨ་ར”་ཟེར། (smara) ལྷ་སའི་སྐད་དུ་“ཨ་ར”་ཟེར། (ara) ༢. འགྲམ་པ་གཉིས་ནས་མ་ནེ་བར་གྱི་ཁ་སྤུ་ལ་“རྒྱ”་ཟེར། (rgya) འགྲམ་པའི་ཁ་སྤུ་ལ་“རྒྱ་བོ”་ཟེར། (rgya wo) ༣.  མཆུ་སྒྲོས་འོག་གི་ཁ་སྤུ་རིང་བོ་ལ་“ཨག་ཚོམ”་ཟེར། (aga tshom) ༤.  མཆུ་སྒྲོས་འོག་གི་ཁ་སྤུ་ཉུང་ཤས་ལ་“བྱིས་རུ”་ཟེར། (byis ru) དོ་སྣང་བྱེད་དགོས་པ་ཞིག་ནི་བོད་སྐད་དུ་རྒྱུན་དུ་སྤྱོད་པའི་ཁ་སྤུ་(kha spu)ཞེས་པའི་ཐ་སྙད་དེ་སྨ་ར་ཡོད་ཚད་ཀྱི་སྤྱི་མིང་བྱས་ཆོག་པར་མ་ཟད། མཆུ་སྒྲོས་ཀྱི་གཞོགས་གཉིས་སུ་བསྲིངས་ཡོད་པའི་ཧ་ཅང་ཕྲ་བའི་ཁ་སྤུ་ལ་ཡང་སྟོན་བཞིན་ཡོད། གཞན་ཡང་ཁ་སྤུ་ནི་སྐྱེས་པའི་རྒྱན་སྤྲས་དངོས་པོ་ཡིན་པར་བརྟེན་བོད་སྐད་ཀྱི་ནང་དུ་ཁ་སྤུ་ལ་རྒྱན་ཚིག་མང་པོ་ཡོད། དཔེར་ན། ཁ་རྒྱན་དང་ཞལ་རྒྱན་ལྟ་བུ། དུས་རབས་༧པ་ནས་བཟུང་རིམ་བཞིན་ནང་བསྟན་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པའི་བོད་ཡུལ་དུ་ཁ་སྤུའི་རིག་གནས་འགྲེལ་བཤད་ཐད་རྣམ་པ་མི་འདྲ་བ་སྣ་ཚོགས་མངོན་ཡོད།


vol.1

 ཁ་སྤུ། དབང་ཆ།


དུས་རབས་༡༩པར་རྡི་ལི་གསར་པའི་བོད་ཁྱིམ་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་བའི་ཆོས་རྒྱལ་མེས་དབོན་རྣམ་གསུམ།


ཁྲི་སྲོང་ལྡེ་བཙན། སྲོང་བཙན་སྒམ་པོ། ཁྲི་གཙུག་ལྡེ་བཙན། སངས་རྒྱས་ཆོས་ལུགས་ཀྱི་བློ་སྟོབས་ལ་བརྟེན་ནས་ཆབ་སྲིད་གདུང་རིམ་སླར་གསོ་བྱས།


རྒྱལ་དབང་ངག་དབང་བློ་བཟང་རྒྱ་མཚོའི་(༡༦༡༧-༡༦༨༢)བརྩམས་པའི་༼བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས༽་ཞེས་པའི་ནང་དུ་ཁ་སྤུ་ལ་བརྟེན་ནས་གདུང་རབས་བརྗེ་རེས་དང་གོང་མའི་བསོད་ནམས་ཐག་གཅོད་བྱས་ཡོད། སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་དར་སྤེལ་བྱས་པ་དང་ཆབས་ཅིག་རྒྱལ་པོའི་ཁ་སྤུ་ལ་ཡང་རྣམ་པ་མི་འདྲ་བ་མང་པོ་ཡོད། དུས་རབས་༡༢པའི་ཚུན་གྱི་བོད་ཀྱི་ནང་བསྟན་ལོ་རྒྱུས་དེབ་ཐེར་ནང་དུ་འཁོད་པར་གཞིགས་ན། བཙན་པོའི་རྒྱལ་རབས་སོ་གསུམ་པ་བཙན་པོ་སྲོང་བཙན་སྒམ་པོས་(༦༡༧-༦༥༠)གཞོན་ནུའི་རྣམ་པ་ཡག་པོ་ཞིག་མངོན་ཡོད་པ་དེས་སངས་རྒྱས་ཆོས་ལུགས་ཐོག་མར་བོད་ཡུལ་དུ་དར་བ་མཚོན། བཙན་པོའི་རྒྱལ་རབས་སོ་བདུན་པ་བཙན་པོ་ཁྲི་སྲོང་ལྡེ་བཙན་(༧༤༢-༧༩༧)གྱི་སྨ་ར་ཕྲ་ཞིང་རིང་བ་ཞིག་བཞག་ཡོད་པ་དེས་སངས་རྒྱས་ཆོས་ལུགས་བོད་ཡུལ་ནས་རྒྱ་ཆེར་དར་བ་མཚོན། འོན་ཀྱང་བཙན་པོའི་རྒྱལ་རབས་ཞེ་གཅིག་པ་བཙན་པོ་ཁྲི་གཙུག་ལྡེ་བཙན་(༧༦༤-༨༡༥)གྱིས་རང་གི་དབུ་ཐོད་ཀྱི་རལ་པ་དགེ་འདུན་གྱི་གདན་དུ་བཏིང་། ཁོང་གི་ཁ་སྤུ་ཡང་ཧ་ཅང་སྟུག་པ་དེས་སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་དར་ཞིང་རྒྱས་པ་མཚོན། དོ་སྣང་བྱེད་དགོས་པ་ཞིག་ནི་བཙན་པོའི་རྒྱལ་རབས་ཁྲི་གཙུག་ལྡེ་བཙན་སྐོར་གྱི་མི་རབས་རྗེས་མའི་གཟུགས་བརྙན་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་བཙན་པོའི་རྒྱལ་རབས་སོ་དྲུག་པ་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྔར་ཡོད་ཕྱི་ཚུལ་ཏེ་བཙན་པོ་མེས་ཨག་ཚོམ་དང་མཉམ་དུ་བསྲེས་ཡོད། བཙན་པོའི་རྒྱལ་རབས་ཀྱི་རྒྱལ་བོ་ཐ་མ་གླང་དར་མས་(༧༩༩-༨༤༢) སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་དབང་གིས་མི་རབས་རྗེས་མ་དང་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་རིག་པ་བས་“འུ་དུམ་བཙན”་ཞེས་པའི་མཚན་བཏགས། “ཁ་སྤུ་མེད་པའི་རྒྱལ་པོ”་ཞེས་པར་གོ་བ་ལོག་སྒྲུབ་བྱས་པ་ནི་བསོད་ནམས་ཉམས་པའི་རྒྱལ་པོ་ཞེས་བར་གོ


དུས་རབས་༡༢པའི་གཙུག་ལག་ཁང་གི་རྒྱལ་པོ་སྲོང་བཙན་སྒམ་པོ།


རྒྱལ་དབང་སྐུ་ཕྲེང་ལྔ་པའི་དུས་སྐབས་གོང་གི་རྒྱལ་པོ་སྲོང་བཙན་སྒམ་པོ། མང་ཆེ་བ་ནི་ཁ་སྤུ་མེད་པའི་གཞོན་ནུའི་རྣམ་པ་ཡིན།


དུས་རབས་༡༩པར་སྒེར་ཉར་བྱས་པའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན།

 

ཁྲི་སྲོང་ལྡེ་བཙན་ནི་སངས་རྒྱས་ཆོས་ལུགས་(ལྷག་པར་དུ་ཨེ་ཤེ་ཡ་ལྷོ་མའི་སྲོལ་རྒྱུན།)སྲུང་སྐྱོང་བྱེད་མཁན་དང་རྙིང་མ་པའི་སྲོལ་རྒྱུན་ཉམས་ལེན་བྱེད་མཁན་གྱི་དཔེ་མཚོན་དང་“ཆོས་སྲིད་ཟུང་འབྲེལ”་གྱི་མཚོན་བྱེད་མི་སྣ་ཞིག་ཡིན།


ཁྲི་སྲོང་ལྡེ་བཙན་གྱི་ཁ་སྤུ།


རྒྱལ་དབང་སྐུ་ཕྲེང་ལྔ་པ།


“རྒྱལ་རབས་བྲིས་རྒྱུད་”དམ་བསྒྲགས་བྱེད་མཁན་གཙོ་བོ།


དུས་རབས་༡༩པར་ཁ་ཕི་ཨར་གྱིས་ཉར་བའི་ཁྲི་གཙུག་ལྡེ་བཙན།

 

ཧྥ་རན་སིའི་མཁས་པ་ལྕམ་མའེ་ཁུ་ཐང་ན་ཡིས་འདིར་“ཕུལ་དུ་བྱུང་བའི་སངས་རྒྱས་ཆོས་ལུགས་པ་དང་མི་ལེགས་པའི་རྒྱལ་པོ”་ཞེས་བརྗོད་བཞིནཡོད།


ཁྲི་གཙུག་ལྡེ་བཙན་གྱི་ཁ་སྤུ།


དཔལ་འཁོར་ཆོས་སྡེ་དགོན་པའི་ལྡེབས་རིས་འུ་དུམ་བཙན།


སངས་རྒྱས་ཀྱི་བསྟན་པ་བསྣུབས་མཁན་དང་བསྡུར་ན་ང་ཚོས་ཁོ་ནི་དཔའ་བློ་ལྡན་ཞིང་རྔན་པ་མེད་པའི་རྒྱལ་པོ་ཞིག་ཏུ་བརྩིས་ཆོག


དགའ་ལྡན་ཕོ་བྲང་གི་སྲིད་དབང་(༡༦༤༢ -༡༩༥༩)འཛུགས་མཁན་ཡིན་པའི་ཆ་ནས། རྒྱལ་དབང་སྐུ་ཕྲེང་ལྔ་པས་“གནའ་ལུགས་སླར་གསོ་ལས་འགུལ”་ལ་བརྟེན་ནས་བོད་ཡུལ་གྱི་སེར་སྐྱ་མང་ཚོགས་རྣམས་ཀྱིས་སྲིད་དབང་གཅིག་གྱུར་བྱེད་པའི་ལོ་རྒྱུས་ཀྱི་དྲན་ཤེས་སད་པར་བྱེད་འདོད་ནས། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་རང་ཉིད་བོད་ཡུལ་གྱི་ཆབ་སྲིད་ཤུལ་བཞག་གི་ཁྲིམས་མཐུན་ཤུལ་འཛིན་པར་ཡང་བརྩི་བཞིན་ཡོད། རྒྱལ་དབང་སྐུ་ཕྲེང་ལྔ་པའི་“གནའ་ལུགས་སླར་གསོའི་ལས་འགུལ”་ནང་ཕྱོགས་བཞི་ཚུད་ཡོད། ༡. “བོད་ཀྱི་བར་མཐོངས”་བཀོད་འཛུགས་བྱས་ཏེ་ལྷ་སའི་གནའ་གྲོང་དང་བོད་ཡུལ་གྱི་ས་གནས་ཁག་གི་གནས་རྙིང་གཞི་ཁྱོན་ཆེན་པོས་ཉམས་གསོ་བྱེད་པ།༢. བོད་བཙན་པོ་རྒྱལ་རབས་དུས་སྐབས་ཀྱི་དཔོན་གནས་འབོད་སྟངས་དང་སྲིད་འཛིན་སྡེ་ཚན་སླར་གསོ་བྱ་རྒྱུ། ༣. གྱོན་ཆས་དང་རོལ་དབྱངས་ལ་བརྟེན་ནས་གནའ་བོའི་དུས་རབས་ཤིག་སླར་གསོ་བྱེད་པར་འབད་པ། (གཙོ་བོ་༡༦༦༨ནས་༡༦༧༥ལོའི་བར་གྱི་འགན་ཐོག་པ་བློ་བཟང་མཐུ་སྟོབས་ཀྱི་སྐབས།) ༤. གཙོ་བོ་ལོ་རྒྱུས་འབྲི་བ་དང་སྒྱུ་རྩལ་ཞིབ་འབྲི་བྱས་པ་བརྒྱུད་ནས་བཙན་པོ་རྒྱལ་རབས་ཐོར་ཞིག་ཏུ་སོང་ཚུན་གྱི་ལོ་རྒྱུས་སྒྲིག་གཞི་ཅན་དུ་འགྱུར་བ། གོང་གསལ་དོན་གནད་བཞིའི་ནང་རྒྱལ་དབང་སྐུ་ཕྲེང་ལྔ་པས་དོན་ཚན་བཞི་པར་སྔར་ལས་མཐོང་ཆེན་བྱེད་བཞིན་འདུག། འདི་ཡང་སྲིད་དབང་བཙུགས་མ་ཐག་པའི་ཐོག་མའི་༡༦༤༣ལོར་ཁོས་༼བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས༽བརྩམས། རྒྱལ་དབང་སྐུ་ཕྲེང་ལྔ་པའི་རྣམ་ཐར་ནང་དུ་རང་ཉིད་ཀྱི་ཁ་སྤུ་ལ་མཐོང་ཆེན་བྱེད་པ་(མི་རྣམས་ཀྱིས་དེར་སྐུ་ཕྲེང་ལྔ་པའི་མཚོན་རྟགས་ཟེར།)་ཡང་“རྒྱལ་པོ་དང་ཁ་སྤུའི་”རྒྱུན་འཛིན་བྱེད་སྟངས་མཉམ་གཅིག་དུ་སྦྱར་ཡོད།


བོད་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་༡༦༧༣ལོར་བློ་བཟང་མཐུ་སྟོབས་ལགས་ཀྱི་སྒྲིག་ཞུ་གནང་པའི་༼ཡ་རབས་རྣམས་ལ་འོས་པའི་རིན་ཆེན་རྒྱན་ཆའི་དེབ་ཐེར༽་ཞེས་པའི་མདུན་ཤོག།


རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་(༡༧༠༨-༡༧༥༧)དུས་སྐབས་སུ་ཐོན་དུས། “སྤྱན་རས་གཟིགས་ཀྱི་དད་མོས”་སྲོག་ཤིང་དུ་གྱུར་པའི་རྒྱལ་དབང་རིམ་བྱོན་གྱི་གདུང་རབས་རི་མོ་བྱུང་། ཁྱོན་བསྡོམས་རི་མོ་བཅུ་གསུམ་ཡོད། (རྒྱལ་དབང་སྐུ་ཕྲེང་བདུན་པ་གཙོ་བོར་གྱུར་བའི།) རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གདུང་རབས་རི་མོ་ཆ་ཚང་དེའི་སྲོག་ཤིང་ནི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གདུང་རབས་དང་སྤྱན་རས་གཟིགས་ཀྱི་སྤྲུལ་བར་ཟུང་འབྲེལ་བྱས་ཡོད་པ་མ་ཟད། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གདུང་རབས་དེ་བོད་ཡུལ་གྱི་ཆབ་སྲིད་གདུང་རབས་ཚན་ཁག་གི་ཤུལ་འཛིན་པར་བརྩི་རྒྱུ་དེ་ཡིན། རྣམ་ཐར་ནང་དུ་འཁོད་པ་ལྟར་ན། པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་(༡༧༣༨-༡༧༨༠)ཀྱི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གདུང་རབས་རི་མོ་ཆ་ཚང་ཞིག་གོང་མ་ཆན་ལུང་ལ་ཕུལ། བརྩམས་ཆོས་དེའི་ནང་རྒྱལ་དབང་སྐུ་ཕྲེང་ལྔ་པའི་ཁ་སྤུ་རྒྱལ་པོ་སྲོང་བཙན་སྒམ་པོའི་(དེ་སྔོན་བཤད་པའི་གཞོན་ནུའི་རྣམ་པ་མིན་པ།) ལུས་ཐོག་ཏུ་བསྣན་པ་དང་ཁོང་ཚོ་ཚང་མ་ལྷ་ས་མཁར་གྱི་བདག་པོ་ཡིན།

 

དུས་རབས་༡༨པར་སྒེར་གཉེར་བྱས་པའི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གདུང་རབས་རི་མོ་ལས་རྒྱལ་དབང་སྐུ་ཕྲེང་ལྔ་པ།


རྒྱལ་དབང་སྐུ་ཕྲེང་ལྔ་པའི་ཁ་སྤུ།


སྤྱན་རས་གཟིགས།


ཕོ་བྲང་པོ་ཏཱ་ལ།


ཆབ་སྲིད་ལག་རོགས་པ།

 

ནང་སྲིད་བསོད་ནམས་ཆོས་འཕེལ། (༡༥༩༥-༡༦༥༨) ཕྱི་སྲིད་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ། (༡༥༨༢-༡༦༥༤)


དུས་རབས་༡༨པར་སྒེར་གཉེར་བྱས་པའི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གདུང་རབས་རི་མོ་ལས་རྒྱལ་པོ་སྲོང་བཙན་སྒམ་པོ།


རྒྱལ་པོ་སྲོང་བཙན་སྒམ་པོའི་ཁ་སྤུ།


སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་།


ལྷ་སའི་གཙུག་ལག་ཁང་།


ཆབ་སྲིད་མཚོན་བྱེད་མི་སྣ།

 

ནང་སྲིད་ཐོག་ཐོན་མི་སམ་བྷོ་ཊ་དང་མགར་སྟོང་བཙན་ཡུལ་ཟུང་། (གྲལ་རིམ་གཉིས་པ།) ཕྱི་སྲིད་ཐོག་བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་ཀོང་ཇོ། (གྲལ་རིམ་དང་པོ།) དཀྱིལ་ནི་ལྷ་ས་མཁར་གྱི་སྲུང་སྐྱོང་ལྷ་མོ་དཔལ་ལྷ་མོ།


༡༩༡༠ལོའི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ།

 

ཆབ་སྲིད་ཀྱི་མི་སྣ་ཞིག་ཡིན་པའི་ངོས་ཐད་ནས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་སྐུ་ཕྲེང་ལྔ་པ་གཉིས་མི་རྣམས་ཀྱིས་མཉམ་དུ་ཞིབ་བསྡུར་བྱེད་ལ། ཁོང་གཉིས་ཀྱི་ཅུང་འདྲ་བའི་ཁ་སྤུ་གཉིས་ནི་རྒྱུན་དུ་མཚོན་བྱེད་རང་བཞིན་གྱིས་འབྲེལ་བར་ངོས་འཛིན་བྱེད།


ཁ་སྤུ་ནི་བོད་ཡུལ་གྱི་ཆབ་སྲིད་རྒྱུན་འཛིན་མཁན་གྱི་མཚོན་རྟགས་ཡིན་པའི་ཆ་ནས་ཞིབ་འབྲི་བྱེད་སྐབས། རི་མོ་བས་ཀྱང་ཁ་སྤུ་བཀོལ་ནས་རི་མོའི་ཁྲོད་ཀྱི་ས་ཁོངས་མི་འདྲ་བའི་རྒྱལ་བོ་དབྱེ་འབྱེད་བྱེད་བཞིན་ཡོད། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དང་པོ་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཚང་གིས་“རྒྱ་གར་གྱི་རྒྱལ་པོའི་ཁ་སྤུ་ནི་རྒྱ་བོ་ཡིན། དཔེར་ན་ཛམ་བྷ་ལྷ་ལྟ་བུ། རྒྱ་ཡུལ་གྱི་རྒྱལ་པོའི་ཁ་སྤུ་ནི་ཕྲ་ཞིང་རིང་བ། སོག་པོའི་རྒྱལ་པོ་ཚང་མའི་ཁ་སྤུ་ཆེན་པོ་ཡིན”་ཅེས་བཤད། ཕྱོགས་བསྡུས་རང་བཞིན་ལྡན་པའི་ཞིབ་བརྗོད་དེ་རིགས་ཕུད་བོད་ཡུལ་གྱི་སྒྱུ་རྩལ་པས་བྲིས་པའི་རྒྱལ་པོ་མང་པོ་ཞིག་ནི་དོན་དངོས་ཇི་བཞིན་འབྲི་བའི་ཕན་འབྲས་ལྡན་པ་དཔེར་ན་གོང་མ་ཡུང་ལི་དང་གོང་མ་ཆན་ལུང་ལྟ་བུ།


དུས་རབས་༡༧པར་ནེའུ་ཡོག་རབ་བྷིན་བཤམས་སྟོན་ཁང་དུ་ཉར་བའི་བྱང་ཕྱོགས་བདག་པོ་རྒྱལ་ཆེན་རྣམ་ཐོས་སྲས།


རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཁ་སྤུ།


ཛམ་བྷ་ལྷ།

 

ཡ་གླིང་ལྷོ་མའི་སྨ་ར་འདི་རིགས་ནི་བཟོ་བཅོས་བྱས་རྗེས་ཀྱི་གཙང་དག་གི་རྣམ་པ་ཡིན་པར་འདོད།


དཔལ་འཁོར་ཆེས་སྡེ་དགོན་པའི་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲའི་ལྡེབས་རིས།

 

ཁོའི་ཁ་སྤུ་ལ་ཡིད་འཇོག་བྱས་དང་ཨེ་ཤ་ཡ་ལྷོ་མའི་རྒྱལ་པོ་དང་བསྡུར་ཆོག


དུས་རབས་༡༦པར་ནེའུ་ཡོག་རབ་བྷིན་བཤམས་སྟོན་ཁང་དུ་ཉར་བའི་ཀརྨ་པ་སྐུ་ཕྲེང་དགུ་པ།


ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེའི་(༡༥༥༦ - ༡༦༠༣)ཤུལ་རྗེས་བོད་ཡུལ་ཡོངས་སུ་ཁྱབ་པ་མ་ཟད་རྗེས་འཇུག་པ་ཡང་མང་པོ་བྱུང་ཡོད། དཔེར་ན་ཇོ་ནང་པའི་རྗེ་བཙུན་ཏཱ་ར་ནཱ་ཐ་(༡༥༧༥ - ༡༦༣༥)ལྟ་བུ།


མོའུ་ཆིན།


ཀརྨ་པ་ས་དམ་གྱི་ཐུའུ་སི་མོའུ་ཆིན་(༡༥༦༩ - ༡༥༩༧)དང་ཁོང་གི་བུ་བསོད་ནམས་རབ་བརྟན་(༡༥༨༧-༡༦༤༦) གཉིས་ཀྱི་གདན་འདྲེན་ཞུས་ནས་“ལི་ཐང་བཀའ་འགྱུར”་པར་བསྐྲུན་གནང་བར་གཙོ་སྐྱོང་མཛད། འདི་ལྟ་བུའི་རྒྱ་ཡུལ་དབང་སྒྱུར་མཁན་གྱི་ཁ་སྤུ།


མཚུར་ཕུ་དགོན་པའི་ཡུལ་ལྗོངས།


དུས་རབས་༡༨པར་གནའ་བོའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་དུ་ཉར་བའི་གོང་མ་ཆན་ལུང་།


གོང་མ་ཆན་ལུང་།


ལྷ་སའི་གཙུག་ལག་ཁང་གི་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་ཀྱི་ལྡེབས་རིས།


ཕྲེང་བ་དམར་པོས་དབང་ཆ་དང་སྟོབས་ཤུགས་དོ་མཉམ་པ་མཚོན།


དུས་རབས་༡༧པར་ནེའུ་ཡོག་རབ་བྷིན་བཤམས་སྟོན་ཁང་དུ་ཉར་བའི་སེ་ཆེན་རྒྱལ་པོ།



རྩོམ་ཡིག་རྗེས་མའི་ནང་དུ་ལྷ་དང་བླ་མ་སྐྱེས་ཆེན་ལ་འབྲེལ་བ་ཡོད་པའི་ཁ་སྤུའི་སྐོར་བརྗོད་ཡོང་།


ཉི་འོད་འོག་གི་སྨ་ར་ནི་གསེར་མདོག་གི་རྦབ་ཆུ་དང་འདྲ།



编译


普桑加  


出生于青海省尖扎县,从小对藏文化极为喜爱,也为其投入了巨大的热情和精力。近几年来一直致力于古今藏文化的研究事业,对这一领域也有一定的理解和掌握。未来也将不断地探究与学习藏文化,并在此领域打造出一片属于自己的研究天地。

学习交流微信:purSung-Kyap

微博:Phursung-Kyap




往期文章

可点击图片阅读

༡༧༥༠ལོར་དབྱིན་ཇིའི་དཔེ་མཛོད་ཁང་དུ་ཉར་བའི་བོད་ཡུལ་གྱི་གར་འཆམ།

ཨར་ནོལ་ད྄•ཧཻམ྄་ལགས་ཀྱིས་ལོ་རབས་སུམ་ཅུ་བར་པར་དུ་བླངས་པའི་བོད་ཡུལ།

བོད་ཡུལ་དུ་ཐོག་མར་སླེབས་པའི་ཨུ་རུ་སུའི་ནང་པའི་རྗེས་འཇུག་པ།


བོད་ཡུལ་དང་བལ་པོའི་ལོ་ངོ་བརྒྱ་ཡི་ཚོང་དོན་འགྲོ་འོང་གི་ལོ་རྒྱུས།

འཛམ་གླིང་འབྲོག་པའི་མི་རིགས་ལུས་རྩལ་འགྲན་ཚོགས།

བོད་ཡུལ་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ། - ཁ་ཝ་གུ་ཆི•ཨེ་ཀཻ།

ཡོ་རོབ་གླིང་གི་བོད་བརྒྱུད་ནང་བའི་བསྟན་པའི་ས་ཁུལ།

ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།

ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།

འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།

གནའ་བོའི་མཛེས་ཉམས་ལྡན་པའི་བོད་ཡུལ་གྱི་ཁྱིམ་ཆས།

བོད་ཀྱི་ལག་ཤེས་བཟོ་རྩལ་ཁྲོད་ཀྱི་“ཨེར་མེ་སི།” བོད་ཡུལ་གྱི་སྒམ།

ཕྱི་རྒྱལ་གྱི་སྒྱུ་རྩལ་པས་ཧི་མ་ལ་ཡའི་བསླས་འཐག་རྨི་ལམ།སྣམ་བུ་ཐིག་རིས་གོན་པར་དགའ་བའི་བོད། ▎གསང་བའི་“མིང་རྟགས།”


打开心的钥匙

点击图片购买


བོད་སྐད་ཀྱི་ཐད་སྦྲེལ། CHARU1607

客服微信:charuspace

未经作者允许请勿随意印刷转载 后果自负

合作及投稿微信:charuspace


您可能也对以下帖子感兴趣

文章有问题?点此查看未经处理的缓存