བོད་ཡུལ་དུ་ཐོག་མར་སླེབས་པའི་པར་རྒྱག་མཁན།
汉语版
点击图片阅读
▼
回溯西藏摄影史首位按下快门的人。
༡༨༩༠ལོར་ལག་ཏུ་མ་ཎི་འཁོར་ལོ་བཟུང་བའི་བོད་མི།
图均来自网络
参考文献:《Across Tibet》 维基百科
编译:普桑加
校对:刘时
དུས་རབས་༡༩པ་ནས་བཟུང་
བོད་ཡུལ་གྱི་པར་ལེན་ལོ་རྒྱུས་ཀྱིས་རིག་གཞུང་ལས་རིགས་ཀྱི་མཚན་ཉིད་དེ་
བོད་ཡུལ་གྱི་ས་ཁུལ་བརྗོད་བྱ་གཙོ་བོར་བྱས་པའི་
པར་ལེན་བརྩམས་ཆོས་ནང་མངོན་པ་དང་།
ཐོ་འགོད་བྱས་པར་གཞིགས་ན་
ལོ་རྒྱུས་ཐོག་བོད་ཡུལ་དུ་པར་བརྒྱབ་པའི་འདྲ་པར་ཐོག་མ་ནི་
༡༨༦༣ལོའི་ཟླ་༨པའི་ཚེས་༡༩ཉིན་
དབྱིན་ཇིའི་དམག་མི་ཧྥི་ལི་ཕུ་•ཧེན་རི་•ཨཻ་གེར་ཏོན་
བོད་ཡུལ་མངའ་རིས་ས་ཁུལ་དུ་སོང་ནས་བརྒྱབ་པའི་
པར་ཡིན་ནའང་འདྲ་པར་དེ་མིང་གྲགས་ཅན་ཞིག་དུ་མ་གྱུར།
༡༨༦ལོར་ཧྥི་ལི་ཕུ་•ཧེན་རི་•ཨཻ་གེར་ཏོན་གྱིས་བོད་ཡུལ་མངའ་རིས་ནས་བླངས་པའི་བྲག་རྡོའི་ཟམ་པ།
༡༨༨༩ལོ་ནས་༡༨༩༠ལོའི་བར་
ཨོར་ལེའན་གྱི་རྒྱལ་སྲས་ཧེན་རི་དང་
གབ་རིལ་•བོན་ཝ་ལོཏ྄་གཉིས་མཚོ་བོད་མཐོ་སྒང་བརྒལ་བ་དང་།
བོད་ཡུལ་བྱང་ཐང་དང་བོད་ཡུལ་ཤར་རྒྱུད་དུ་བརྒྱབ་པའི་འདྲ་པར་ནི་
ཡོ་རོབ་པས་བོད་ཡུལ་ཐོག་མར་པར་དུ་བརྒྱབ་པར་ངོས་འཛིན་བྱེད་བཞིན་ཡོད།
འདྲ་པར་དེ་དག་བར་བཅུག་རི་མོའི་རྣམ་པའི་ཐོག་ནས་
༡༨༩༡ལོར་པར་སྐྲུན་བྱས་པའི་༼བོད་ཡུལ་བརྒལ་བ༽་ཞེས་པའི་དཔེ་དེབ་ནང་
ཐོན་པ་དེ་ནི་བོད་ཡུལ་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་
མཛེས་ལྗོངས་པར་བརྒྱབ་པའི་ཟིན་ཐོ་ཐོག་མ་དེ་ཡིན།
༡༨༩༡ལོར་པར་སྐྲུན་བྱས་པའི་༼བོད་ཡུལ་བརྒལ་བ༽་ཞེས་པའི་དཔེ་དེབ། དཔེ་ཆའི་མདུན་ཤོག་ནི་ཨོར་ལེའན་གྱི་རྒྱལ་སྲས་ཧེན་རི་དང་གབ་རིལ་•བོན་ཝ་ལོཏ྄་གཉིས་ཡིན།
གབ་རིལ་•བོན་ཝ་ལོཏ྄་ཡིས་༼བོད་ཡུལ་བརྒལ་བ༽་ཞེས་པའི་དཔེ་དེབ་ནང་དུ་
“ང་ཚོ་འགྲོ་སའི་ས་ཆ་རུ་ནགས་ཚལ་སྟུག་པོ་སྐྱེས་ཡོད་པ་དང་།
བྲག་རྡོའི་ཐོག་ཏུ་མ་ཎི་ཡིག་དྲུག་གཙོར་བྱས་པའི་སྐུ་འདྲ་སོགས་ཀྱང་བརྐོས་ཡོད།
ང་ཚོ་འགྲོ་སའི་བགྲོད་ལམ་ཀྱག་ཀྱོག་ཡིན་པས་
གྲོག་རོང་བརྒལ་ནས་མདུན་ཕྱོགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་
བདེ་ཐང་དང་རྒྱང་རིང་གི་གངས་རི་བརྒལ།
ང་ཚོ་རྒྱ་མཚོའི་ངོས་ལས་མཐོ་ཚད་དབྱིན་ཁྲེ་༡༦༠༠༠ཡོད་པའི་
གནས་སུ་ཡོད་ཀྱང་དབུགས་འབྱིན་རྔུབ་བྱེད་པ་དེ་འདྲའི་དཀའ་མོ་ཞིག་མིན་ལ།
རླུང་གི་མྱུར་ཚད་ཇེ་དལ་དུ་སོང་བ་དང་བསྟུན་ནས་
མིག་མདུན་དུ་སྤྲིན་དཀར་མང་པོ་ཞིག་ཀྱང་ཕྱོགས་གཅིག་དུ་འདུས།
ཟླ་༣པའི་ཚེས་༢༨ཉིན་ནི་ནམ་ཡང་བརྗེད་མི་སྲིད་པའི་ཉིན་མོ་ཞིག་རེད…..”
ཅེས་བྲིས་འདུག
ཐོག་མར་འཕྲད་པའི་བོད་མི།
བོད་མི།
བོད་ཡུལ་གྱི་སྐྱ་དམག
བོད་སྡོད་ཨམ་བན།
སྦྲ་གུར།
བོད་མིས་ནོར་གནག་ལ་བརྟེན་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་བཞིན་པ།
མེར་སྲོ་བཞིན་པའི་བོད་མི།
གུས་པ་མཚོན་བྱེད་དུ་ལྕེ་བསྣར་བའི་བོད་མི།
གྲྭ་པ་སྣེ་ཤན་པ།
ཞབས་འབྲིང་པ།
མཆོད་རྟེན།
བོད་མི།
དངོས་ཟོག་བཀལ་བའི་ནོར་གནག
དགོན་པ།
བོད་མི།
གྲྭ་པ།
ཟློས་གར་ཚོགས་པ།
འབའ་ཐང་གི་སྲང་ལམ།
འབའ་ཐང་གི་གྲྭ་པ།
འབའ་ཐང་གི་བུད་མེད།
བྱིས་པ།
༡༩༠༠ལོར་ཨུ་རུ་སུའི་མགོན་པོ་སྐྱབས་ཚེ་དཔག་དང་ཨོབ་ཤེ་ནོར་ཛུ་ནོབ་གཉིས་
དཀའ་ངལ་རབ་དང་རིམ་པ་མང་པོ་ཞིག་བརྒྱུད་ནས་ལྷ་སར་འབྱོར།
ཁོང་གཉིས་ཀྱིས་ཕོ་བྲང་པོ་ཏཱ་ལ་དང་བསམ་ཡས་དགོན།
བཀྲ་ཤིས་ལྷུན་པོ་དགོན་སོགས་ས་གནས་འབོར་ཆེན་ཞིག་པར་དུ་བརྒྱབ།
༡༩༠༡ལོ་ནས་༡༩༠༣ལོའི་བར་དུ་ཁོང་གཉིས་ཀྱིས་འདྲ་པར་ལྔ་བཅུ་ལྷག་
ཨ་མེ་རི་ཀའི་ས་ཁམས་རིག་པའི་མཐུན་ཚོགས་ཀྱི་དཔེ་མཛོད་ཁང་གིས་
ཉར་ཚགས་བྱས་ལ།
ཁོང་གཉིས་ནི་ལྷ་སར་ཐོག་མར་ཕེབས་པའི་ཕྱི་གླིང་པར་ངོས་འཛིན་བྱས།
ཁོང་གཉིས་ཀྱི་འདྲ་པར་ཁ་ཤས་༼རྒྱལ་ཁབ་ཀྱི་ས་ཁམས༽་ཞེས་པའི་
དུས་དེབ་ཀྱིས་༡༩༠༥ལོའི་ཟླ་༡པོར་ཕྱོགས་བསྡུས་བྱས་ནས་པར་སྐྲུན་བྱས་པར་
མི་མང་བོས་དོ་སྣང་ཆེན་པོ་བྱུང་བ་དང་།
དུས་དེ་ནས་བཟུང་འདྲ་པར་པར་སྐྲུན་བྱ་རྒྱུ་དེ་དུས་དེབ་ཀྱི་བརྗོད་དོན་གཙོ་བོར་གྱུར།
བསྟན་རྒྱས་གླིང་།
དགའ་ལྡན་དགོན།
ལྷ་སའི་སྐྱིད་ཆུ།
བོད་ལྭ་གོན་པའི་བུད་མེད།
༡༩༠༣ལོ་ནས་༡༩༠༤ལོའི་ཤིང་འབྲུག་ལོའི་དམག་འཁྲུག་གིས་
དབྱིན་ཇི་བ་མང་པོ་བོད་ཡུལ་དུ་ཕེབས་པ་དང་།
དམག་འཁྲུག་ལ་ཞུགས་པའི་དམག་དཔོན་མང་པོ་ཞིག་གིས་
པར་ཆས་ཁྱེར་ཡོང་སྟེ་བོད་ཡུལ་ནས་འདྲ་པར་འབོར་ཆེན་བརྒྱབ་པའི་རྐྱེན་གྱིས་
བོད་ཡུལ་གྱི་པར་ལེན་བརྩམས་ཆོས་ཀྱི་གྲངས་འབོར་ཡང་ཇེ་མང་དུ་གྱུར།
རི་བོ་ཇོ་མོ་གླང་མ་ནི་དབྱིན་ཇིའི་དམག་དཔོན་ཝི་ལླེམ་•ཧཻ་མན་གྱིས་
ཐོག་མར་པར་བརྒྱབ་པ་ཡིན་ལ།
འདྲ་པར་དེའི་བོད་ཡུལ་ནི་གདོད་མ་དང་ལྷིང་འཇགས་ཤིག་ཡིན་པའི་རྣམ་པ་མངོན།
༡༩༠༣ལོར་དབྱིན་ཇིའི་དམག་དཔུང་བོད་ཡུལ་དུ་རྒྱང་སྐྱོད་བྱེད་དུས་དམག་དཔོན་ཝི་ལླེམ་•ཧཻ་མན་གྱིས་བརྙན་མིག་ལས་མཐོང་བའི་ཇོ་མོ་གླང་མ།
དམག་དཔོན་ཧཻ་མན་ཡི་རྗེས་རབས་པས་ཁོའི་གསོག་ཉར་དངོས་པོ་བཙོང་བཞིན་པ།
གྲྭ་པ།
ཇོ་མོ་གླང་མའི་ཉེ་འགྲམ་གྱི་དབྱིན་ཇིའི་དམག་སྒར།
དབྱིན་ཇིའི་སྒར་ས་ནས་མཐོང་བའི་རྒྱ་ནག་གི་ཚོང་པ།
༡༩༠༥ལོར་ཆོན་ཧྲའོ་ཆིང་ཆིང་སྲིད་གཞུང་གིས་
བོད་ཡུལ་དུ་མངགས་ནས་ཁོ་རང་ལོ་ངོ་གཉིས་ལྷག་གི་རིང་དུ་
བོད་ཡུལ་དུ་བསྡད་ནས་ལྷ་སའི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བ་ཡོད་པའི་
འདྲ་པར་མང་པོ་ཞིག་བརྒྱབ།
༡༩༡༢ལོའི་ཟླ་༡༠པར་ཨ་མེ་རི་ཀའི་༼རྒྱལ་ཁབ་ཀྱི་ས་ཁམས༽་ཞེས་པའི་
དུས་དེབ་སྟེང་དུ་ཆོན་ཧྲའོ་ཆིང་གིས་པར་དུ་བརྒྱབ་པའི་
ལྷ་སའི་འདྲ་པར་༦༠ལྷག་བཀོད་ཡོད།
འདི་ནི་ཀྲུང་གོ་བས་ཐོག་མར་བརྒྱབ་པའི་འདྲ་པར་ཡིན་པ་མ་ཟད།
འཛམ་གླིང་ལ་བོད་ཡུལ་གྱི་མཐོ་སྒང་གི་འཚོ་བའང་ངོ་སྤྲོད་བྱས།
ཕོ་བྲང་པོ་ཏཱ་ལ།
བུད་མེད།
འཆམ་འབག་འཁྲབ་མཁན་ཚོས་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བཞིན་པ།
གར་འཆམ་འཁྲབ་མཁན་ཚོས་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བཞིན་པ།
པར་ལེན་ལག་རྩལ་ད་ལྟའི་བར་དུ་དར་ནས་
ལོ་ངོ་བརྒྱ་ལྷག་འགོར་བ་དང་གསར་གཏོད་གལ་ཆེན་འདི་
མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་ཀྱི་ལམ་རྟགས་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར།
སྣང་བརྙན་ནི་ཟིན་ཐོ་ཡིན་པ་མ་ཟད་
རྗེས་རབས་པས་རང་ཉིད་ཀྱི་ཕ་མེས་ཡང་མེས་ཀྱི་འབྱུང་ཁུངས་འཚོལ་ཞིབ་
བྱས་ཆོག་པའི་ཆེས་ཡང་དག་པའི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཀྱང་ཡིན།
པར་བརྒྱག་པ་ནི་རང་གི་སྐད་རིགས་གཉིས་པ་དང་འདྲ་བར་མ་ཟད་
འཚོལ་ཞིབ་ཀྱི་ལག་ཆ་ཞིག་ཏུའང་གྱུར།
ལོ་རྒྱུས་ལ་ཕྱིར་མིག་རེ་བལྟས་ཚེ།
སྙིང་སྟོབས་ལ་ཞུམ་པ་མེད་པའི་བོད་ཡུལ་འཚོལ་ཞིབ་བྱེད་མཁན་གྱི་
རྒན་རབས་པ་དག་གིས་ང་ཚོ་ལ་རྩ་ཆེ་བའི་སྣང་བརྙན་འདི་དག་ལེགས་སྐྱེས་སུ་ཕུལ།
འདྲ་པར་རེ་རེ་ནི་སྤོས་ཤེལ་དང་འདྲ་བར་
འདས་ཟིན་པའི་གསོན་ཉམས་ལྡན་པའི་ཚེ་སྲོག་གིས་
མེས་པོའི་འཚོ་བ་དང་འགྱུར་ལྡོག་མངོན་ཡོད།
ལོ་རབས་མང་པོ་ཞིག་བརྒྱུད་རྗེས།
སྔོན་ཆད་དང་བསྡུར་ན་ད་ལྟ་ཁྱབ་གདལ་དུ་གྱུར་བའི་
དམངས་སྲོལ་གོམས་གཤིས་སོགས་ཀྱིས་
བོད་མི་དག་མཐོ་སྒང་དུ་འཚོ་བ་སྐྱེལ་ཐུབ་པའི་བློ་གྲོས་ཀྱང་བདེན་དཔང་བྱས།
编译
普桑加
迦入藏文编辑员、翻译员
出生于青海省尖扎县,从小对藏文化极为喜爱并其投入了太多的时间和精力。近几年来一直致力于对古今藏文化的研究和探索,对这一领域有了一定的理解和掌握,将来也会不断地探究与学习藏文化,会在此领域开拓出一片天地,为藏文化尽自己的微薄之力。现阶段研究生考试预备中。
学习交流微信:purSung-Kyap
微博:PhurSungKyap
往期文章
可点击图片阅读
▼
【无常君】手工黑陶香插
点击图片进入小程序购买
▼
བོད་སྐད་ཀྱི་ཐད་སྦྲེལ། CHARU1607
客服微信:charuspace
未经作者允许请勿随意印刷转载 后果自负
合作及投稿微信:charuspace