首页
下载应用
提交文章
关于我们
🔥 热搜 🔥
1
1
2
1'"
3
@纽约时间
4
百度
5
bxss.me
6
1'
7
@诉说趣闻
8
习近平
9
http:bxss.me/
10
//bxss.me
分类
社会
娱乐
国际
人权
科技
经济
其它
首页
下载应用
提交文章
关于我们
🔥
热搜
🔥
1
1
2
1'"
3
@纽约时间
4
百度
5
bxss.me
6
1'
7
@诉说趣闻
8
习近平
9
http:bxss.me/
10
//bxss.me
分类
社会
娱乐
国际
人权
科技
经济
其它
二湘:朱令去世一周年,清华学子控诉清华在朱令案中的冷血和无耻
为了这部描述从“反右”到“文革”的禁片,田壮壮付出了十年不能拍片的代价
关于字节基建
李宜雪的良知卖了2万元,真正需要声援的是罗灿宏啊
中国紫砂博物馆出品!2025紫砂五福杯:五福云集,宜藏宜礼!
生成图片,分享到微信朋友圈
查看原文
其他
དུས་རབས་༡༩པར་བྲིས་པའི་བོད་ཡུལ་མི་སྣའི་ཤེས་བྱ་ཀུན་བཏུས་ཆེན་མོ།
Original
迦入
CHARU
2022-09-30
收录于合集 #喜马拉雅艺术
180个
汉语版
点击图片阅读
▼
19世纪手绘西藏人物百科 ▎大英博物馆的怀斯系列
མི་སྣ་སྣ་ཚོགས་དང་སྦྲ་གུར།
དུར་ཁྲོད་བདག་པོ།
འདྲེ་ཨུབ་སྐྱལ་ཁེར།
རྣལ་འབྱོར་པ།
གཤམ་གྱི་འདྲ་པར་ནི་པོ་ཏཱ་ལའི་རྩེ་དྲུང་དང་བོད་ཀྱི་གྲྭ་པ།
ལྷ་སའི་བུད་མེད། གཙང་གི་བུད་མེད།
文字/图片来源:
Diana Lange
《An Atlas of the Himalayas by
a 19th Century Tibetan Lama》
The British library
《The Wise Collection》
编译:普桑加
校对:刘时
དབྱིན་ཇིའི་དཔེ་མཛོད་ཁང་གི་ཉར་ཚགས་ཁྲོད་དུ་
ཝཻ་སིའི་སྐོར་ཚན་(The Wise Collection)
ཟེར་བའི་གསོག་ཉར་དངོས་པོ་ཆ་ཚང་ཞིག་ཡོད།
བསམ་ཡས་དགོན།
སྐོར་ཚན་རི་མོ་འདི་དག་ནི་
དུས་རབས་༡༩པའི་དུས་དཀྱིལ་གྱི་བོད་ཡུལ་དང་ལ་དྭགས། (Ladakh)
ཟངས་དཀར་(Zangskar)སོགས་ཧི་མ་ལ་ཡའི་ནུབ་རྒྱུད་ཀྱི་
ཆེས་ཆ་ཚང་བའི་མཐོང་ཚོར་རི་མོའི་ཕྱོགས་བསྒྲིགས་ཤིག་ཏུ་བརྩིས་ཆོག
གནས་ཆུང་དགོན།
བདུད་མོ།
རི་མོའི་ནང་དུ་དུས་རབས་༡༩པའི་དུས་དཀྱིལ་གྱི་
བོད་ཡུལ་གྱི་མི་སྣ་སྣ་ཚོགས་
དཔེར་ན་ཚོང་པ་དང་གནས་མཇལ་བ།
དཔོན་རིགས་དང་དེ་བཞིན་ཧི་མ་ལ་ཡའི་ཡུལ་སྐོར་ས་བཀྲ་
སོགས་ཕྱོགས་བསྒྲིགས་བྱས་ཡོད།
གྲྭ་པ། ཕྱི་གླིང་པ། སོག་པོ། ཁམས་པ། ཆིང་རྒྱལ་རབས་ཀྱི་དཔོན་པོ་སོགས།
ས་བཀྲ་འདི་དག་གི་ས་དབྱིབས་ཀྱི་ཁྱད་ཆོས་གཙོ་བོ་
དཔེར་ན་རི་རྒྱུད་དང་ཆུ་བོ། མཚེའུ།
རྩི་ཤིང་། སྲོག་ཆགས་སོགས་གསལ་པོར་མངོན་ཡོད་པ་མ་ཟད།
གཞན་ཡང་ད་དུང་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་འཕྲིན་ཞིབ་ཕྲ་འབོར་ཆེན་
དཔེར་ན་ཟམ་པ་དང་གྲུ་ཁ། ཡུལ་སྐོར་ལམ་ཕྱོགས།
འགྲོ་ལམ། ལུང་མདོ། ད་དུང་དགོན་པ་དང་བཙན་རྫོང་།
དམག་སྒར་སོགས་རི་མོའི་ལམ་ནས་བྲིས་ཡོད།
བཀྲ་ཤིས་ལྷུན་པོ་དགོན།
བཀྲ་ཤིས་ལྷུན་པོ་དགོན་གྱི་ཞིབ་ཕྲའི་རི་མོ།
རི་མོ་འདི་དག་ནི་དུས་རབས་༡༩པའི་ལོ་རབས་༥༠པའི་
དུས་མཇུག་ཏུ་བྲིས་པ་དང་།
སྐབས་དེར་དབྱིན་ཇིའི་ཁོངས་སུ་གཏོགས་པའི་
རྒྱ་གར་གྱི་ས་བཀྲ་འབྲི་བའི་ལས་དོན་
གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ཡོད་ལ།
རྒྱ་གར་གྱི་མཁས་པ་དག་གིས་ཀྱང་
ཆེས་ཐོག་མར་ཧི་མ་ལ་ཡའི་ས་བཀྲ་འབྲི་མགོ་བརྩམས།
ཚེ་སྨོན་གླིང་།
དུས་རབས་༡༩པའི་ནང་དུ་
བོད་ཡུལ་གྱི་ས་བབ་ཆགས་ཚུལ་དང་སྤྱི་ཚོགས་ཀྱི་མ་ལག་ཤེས་བྱ་
ཐོབ་རྒྱུ་དེ་དབྱིན་ཇི་བཙན་རྒྱལ་ཆེན་པོའི་དམིགས་ཡུལ་དུ་གྱུར་ལ།
ཤེས་བྱ་འདིའི་རིགས་ནི་རྟག་པར་ས་གནས་དེ་གའི་
མིའི་རོགས་རམ་ལ་བརྟེན་ནས་ཐོབ་པ་དང་རི་མོའི་ལམ་ནས་བྲིས་པ་ཞིག་ཡིན།
ཆུ་བོ་སིན་དྷུ།
ཝཻ་སིའི་སྐོར་ཚན་(The Wise Collection)ནི་
ཕལ་ཆེར་གནས་ཚུལ་འདི་འདྲའི་འོག་ཏུ་བྱུང་བ་ཡིན་ལ།
ཝཻ་སིའི་སྐོར་ཚན་ཁྲོད་ཀྱི་ས་བཀྲ་ཆེ་གྲས་དྲུག་ལས་
ལ་དྭགས་དང་བོད་ཡུལ་དབུས་རྒྱུད་དབར་སྤྱི་ལེ་༡༨༠༠ཡོད་པའི་
ཡུལ་ལྗོངས་ཧྲིལ་པོའི་རི་མོས་གྲུབ་ཡོད།
ཆུ་བོ་སིན་དྷི།
འོན་ཀྱང་སྐོར་ཚན་འདིའི་འབྱུང་ཁུངས་ནི་
དུས་ཡུན་རིང་བོ་ཞིག་ལ་གསང་བའི་གནས་སུ་གྱུར།
ཝཻ་སི་ནི་སུ་ཡིན་ནམ།
མཁས་པའི་ཁུངས་འཚོལ་ར་སྤྲོད་བརྒྱུད་ནས་
གསོག་ཉར་དངོས་པོ་འདི་ནི་
ཐོ་མ་སུ་•ཨ་ལེ་ཀྵན་དེར་•ཝཻ་སི་ཡི་མིང་ལ་བརྟེན་ནས་བཏགས་པ་ཞིག་ཡིན།
(Thomas Alexander Wise 1802-1889)
ཁོ་ནི་སུའུ་ཀེ་ལན་གྱི་སྨན་པ་ཞིག་ཡིན་ལ།
གསོ་བ་རིག་པ་བ་དང་ཉར་ཚགས་མཁན་ཞིག་ཀྱང་ཡིན།
དུས་རབས་༡༩པའི་དུས་སྟོད་དུ་
ཁོས་བྷང་ག་ལའི་རྒྱ་གར་གྱི་སྨན་བཅོས་ཞབས་ཞུའི་ལས་ཁུངས་སུ་བྱ་བ་སྒྲུབ་མྱོང་།
བོད་ཡུལ་ལྷོ་ཕྱོགས་ཀྱི་རྒྱལ་རྩེ།
ཝཻ་སིའི་སྐོར་ཚན་གྱི་འབྱུང་ཁུངས་ལ་མཁས་པ་མང་པོ་ཞིག་གིས་དོ་སྣང་བྱས་མྱོང་།
དཻ་ཨ་ཎ་•ལཱང་(Diana Lange)ལགས་ཀྱིས་བརྩམས་པའི་
《An Atlas of the Himalayas by a 19th Century Tibetan Lama
༼དུས་རབས་༡༩པར་བོད་ཀྱི་གྲྭ་པའི་ཕྱོགས་བསྒྲིགས་བྱས་པའི་
ཧི་མ་ལ་ཡ་རི་རྒྱུད་ས་ཁུལ་གྱི་ས་བཀྲ།
འཚོལ་ཞིབ་ཀྱི་ཡུལ་སྐོར།༽ ཞེས་པའི་དཔེ་དེབ་ནང་དུ་
ཝཻ་སིའི་སྐོར་ཚན་འབྱུང་ཁུངས་ཀྱི་གསང་བ་ལ་ཞིབ་འཇུག་བྱས།
༼དུས་རབས་༡༩པར་བོད་ཀྱི་གྲྭ་པའི་ཕྱོགས་བསྒྲིགས་བྱས་པའི་ཧི་མ་ལ་ཡ་རི་རྒྱུད་ས་ཁུལ་གྱི་ས་བཀྲ། — འཚོལ་ཞིབ་ཀྱི་ཡུལ་སྐོར།༽
དཻ་ཨ་ཎ་•ལཱང་ལགས་ཀྱིས་སྔོན་ཆད་པ་ལི་མཐོ་རིམ་ལག་ལེན་ཞིབ་འཇུག་སློབ་གླིང་ནས་
རྒྱ་རིགས་ཀྱི་ཤེས་རིག་དང་ཡ་གླིང་དབུས་མའི་ཞིབ་འཇུག
དཔལ་འབྱོར་རིག་པའི་ཕྱོགས་ལའང་སློབ་གཉེར་བྱས་མྱོང་།
ཨེ་ཤ་ཡ་དབུས་མའི་ཞིབ་འཇུག་འབུམ་རམས་པའི་བསླབ་གནས་ལ་བརྟེན་ནས་
ཁོ་མོས་༡༩༩༩ལོ་ནས་བཟུང་ཧི་མ་ལ་ཡ་རི་རྒྱུད་ནུབ་ཁུལ་གྱི་དམངས་སྲོལ་རིག་གནས་
སྣ་ཚོགས་ལ་ཡུལ་དངོས་བརྟག་དཔྱད་བྱས་མྱོང་།
བོད་ཡུལ་ལྷོ་ཕྱོགས་ཀྱི་རྒྱལ་རྩེ།
ཝཻ་སི་དང་འབྲེལ་བའི་རི་མོ་འབྲི་མཁན་གྱིས་
དུས་རབས་༢༠པའི་ལོ་རབས་༦༠པའི་ཡི་གེའི་དཔྱད་གཞིའི་ཡིག་རིགས་
ཤིག་ཏུ་བཀོད་པ་ལྟར་ན།
འདྲ་པར་འདི་དག་ནི་བོད་ཀྱི་སྒྱུ་རྩལ་པ་ཞིག་གིས་བྲིས་པ་དང་
ཁོང་ནི་མིང་མི་ཤེས་པའི་གྲྭ་པ་ཞིག་ཡིན་ཤས་ཆེ་ལ།
ཁོང་གིས་ཡོ་རོབ་པ་དང་འབྲེལ་འདྲིས་མང་པོ་བྱས་མྱོང་ཡོད་པར་བརྟེན་
ཁོང་གི་བརྩམས་ཆོས་ལའང་ཡོ་རོབ་ཀྱི་རི་མོའི་ཁྱད་ཆོས་མངོན་འདུག
དེ་ན་གྲྭ་པ་འདི་དང་འབྲེལ་འདྲིས་བྱས་མྱོང་བའི་ཡོ་རོབ་པ་འདི་ནི་སུ་ཡིན་ནམ།
ཡར་འབྲོག་གཡུ་མཚོ་དང་ཡར་ཀླུང་གཙང་པོ།
དཻ་ཨ་ཎ་•ལཱང་(Diana Lange)ལགས་ཀྱིས་བརྩམས་པའི་
༼དུས་རབས་༡༩པར་བོད་ཀྱི་གྲྭ་པའི་ཕྱོགས་བསྒྲིགས་བྱས་པའི་
ཧི་མ་ལ་ཡ་རི་རྒྱུད་ས་ཁུལ་གྱི་ས་བཀྲ།
འཚོལ་ཞིབ་ཀྱི་ཡུལ་སྐོར།༽
ཞེས་པའི་དཔེ་དེབ་ནང་དུ་འདི་ལྟར་བྲིས་ཡོད་དེ་
ངས་ཉེ་ལམ་ཝཻ་སིའི་སྐོར་ཚན་འབྱུང་ཁུངས་ཀྱི་གསང་བ་ཧྲིལ་བོའི་ཁྲོད་ཆེས་གལ་ཆེ་བའི་
རི་མོའི་བརྩམས་ཆོས་ཁག་གཅིག་གསར་རྙེད་བྱུང་བ་དང་།
རི་མོ་བརྩམས་ཆོས་འདི་མངགས་བཅོལ་བྱས་ནས་འབྲི་མཁན་ནི་
དེང་གི་རྒྱ་གར་ནུབ་བྱང་ཀུ་ལུ་(Kulu)ཡུལ་གྱི་
སྔོན་མའི་རམ་འདེགས་པའི་ཆེད་བཏང་མི་སྣ་
སུའུ་ཀེ་ལན་གྱི་ཝི་ལླེམ་•ཨེ་དེ་མུན་དེ་•ཧཻའེ་རེད་ཟེར།
(William Edmund Hay 1805-1879)
བོད་ཡུལ་ནུབ་ཕྱོགས་ཀྱི་གངས་རིན་པོ་ཆེ།
ཝི་ལླེམ་•ཨེ་དེ་མུན་དེ་•ཧཻའེ་ལགས་ཚད་འཇལ་དང་རི་མོ་འབྲི་བའི་ཕྱོགས་ནས་
ཉམས་མྱོང་ཕུན་སུམ་ཚོགས་པ་དང་།
ཁོ་གར་ཞའི་མཐའ་འཁོར་དང་ལ་དྭགས།
བོད་ཡུལ་གྱི་མཐའ་མཚམས་ས་ཁུལ་དུ་ཡུལ་སྐོར་དུ་སོང་མྱོང་བ་མ་ཟད།
ཁོ་ནི་རིག་གནས་ཀྱི་སྤྲོ་བ་མི་འདྲ་བ་ཡོད་པའི་
ཉར་ཚགས་མཁན་ཞིག་ཀྱང་ཡིན།
འབྲུག་ཡུལ་བར་གྱི་མཐའ་མཚམས་ས་ཁུལ།
དཻ་ཨ་ཎ་•ལཱང་(Diana Lange)ལགས་ཀྱིས་
དཔེ་ཆའི་ནང་དུ་ཅར་ལེ་སུ•ཧོར་ཨེན་(Charles Horne)གྱི་
སྐད་ཆ་འདི་འདྲ་ཞིག་དྲངས་ཡོད་དེ་
༡༨༥༧ལོར་ལྷ་ས་ནས་ཡོང་བའི་ཡུལ་སྐོར་གྲྭ་པ་ཞིག་
ཧི་མ་ལ་ཡའི་ཀུ་ལུ་ཡུལ་ནས་གར་ཞ་རུ་འབྱོར།
དམག་འགྱུར་གྱི་གནས་ཚུལ་ཐོས་རྗེས་ཁོ་རང་ས་ཆ་དེར་འགྲོ་མ་ཐུབ།
[འདི་ནི་༡༨༥༧ལོའི་རྒྱ་གར་གྱི་ངོ་ལོག་ཟིང་འཁྲུག་ལ་གོ]
ས་ཆ་དེ་ནས་ཆབ་སྲིད་ཀྱི་བྱ་བ་གཉེར་བའི་
དམག་སྤྱི་ཝི་ལླེམ་•ཨེ་དེ་མུན་དེ་•ཧཻའེ་ལགས་ཀྱིས་མི་འདི་གདན་དྲངས་ནས་
ཁོ་རང་ཧ་ཅང་སྤྲོ་སྣང་ལྡན་པའི་
ལྷ་སའི་མཛད་སྒོ་མང་པོ་ཞིག་རི་མོའི་ལམ་ནས་འབྲི་རུ་བཅུག
མོས་ད་དུང་སྔོན་གྱི་དབྱིན་ཇིའི་ཉིན་རེའི་ཚགས་པར་ཁང་གིས་
ཆེད་དུ་གདན་འདྲེན་བྱས་པའི་གསར་འགོད་པ་
ཝི་ལླེམ་•ཧོ་ཝར་དེ་•རུ་སེལ་(Will Howard Russell)
ལགས་ཀྱི་ཉིན་ཐོའི་ནང་དུ་བྲིས་པའི་
སྐད་ཆ་འདི་འདྲ་ཞིག་དྲངས་ཡོད་དེ་
སྔོན་ཆད་ཀུ་ལུ་ཏ་རུ་བསྡད་མྱོང་བའི་
དམག་སྤྱི་ཝི་ལླེམ་•ཨེ་དེ་མུན་དེ་•ཧཻའེ་ལགས་
ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་བར་དུ་
ཁོང་གིས་ཧ་ཅང་ཡ་མཚན་དང་རྩ་ཆེ་བའི་
བོད་ཡུལ་གྱི་རི་མོ་ཁག་གཅིག་འཁྱེར་ནས་སོང་བའང་གླེང་འདུག
དཻ་ཨ་ཎ་•ལཱང་གིས་བཤད་ཚུལ་འདི་དག་ནི་
ཕལ་ཆེར་ད་ལྟའི་དབྱིན་ཇིའི་དཔེ་མཛོད་ཁང་གི་ཝཻ་སིའི་སྐོར་ཚན་ལ་
གོ་བ་ལེན་བཞིན་ཡོད་པ་འདྲ།
མིག་སྔའི་ཞིབ་འཇུག་གི་གནས་ཚུལ་འོག་
ཝཻ་སི་ལ་རི་མོ་འདི་དག་ཐོབ་པའི་གནས་ཚུལ་ལ་
གསལ་བཤད་གསལ་བོ་ཞིག་བྱེད་མི་ཐུབ་པ་ནི་
དམག་སྤྱི་ཝི་ལླེམ་•ཨེ་དེ་མུན་དེ་•ཧཻའེ་ཡིས་
རི་མོ་འདི་དག་ཁོ་ལ་བཙོང་བ་ཡིན་པ་འདྲ།
རི་མོ་འདི་དག་འབྲི་མཁན་གྱི་གྲྭ་པའི་མིང་སྔར་བཞིན་མི་ཤེས་མོད།
འོན་ཀྱང་མཁས་པ་རྣམས་ཀྱིས་ཁོས་
བཞག་པའི་རྗེས་ཤུལ་སྙེག་མགོ་བརྩམས།
ནམ་ཉི་མ་ཞིག་ལ་ཁོའི་མིང་དང་ཐོབ་ཐང་སོགས་
གཏན་འཁེལ་བྱེད་ཐུབ་པར་སྨོན།
བསམ་ཡས་དགོན་པའི་ཚེས་བཅུའི་གར་འཆམ་ཆོ་ག
དཻ་ཨ་ཎ་•ལཱང་ལགས་ཀྱིས་བརྟག་དཔྱད་རབ་དང་རིམ་པ་བྱས་པ་བརྒྱུད་ནས་
ཝཻ་སིའི་སྐོར་ཚན་ཁྲོད་ཀྱི་ས་བཀྲ་ཆེ་གྲས་དྲུག་ལས་
བོད་ཡུལ་དབུས་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་བརྒལ་བའི་
ཡུལ་ལྗོངས་ཧྲིལ་པོའི་ས་བཀྲའི་གསང་བ་བརྟོལ།
ཁོ་མོས་སྔོན་ཆད་མི་གཞན་གྱིས་མི་ཤེས་པའི་
བོད་ཡུལ་གྱི་གྲྭ་པ་ཞིག་གིས་བྲིས་པའི་ས་བཀྲ་དང་
སུའུ་ཀེ་ལན་གྱི་མི་སེར་སྤེལ་བའི་
དཔོན་རིགས་ཀྱི་ཐོབ་ཐང་གསལ་སྟོན་བྱས་པ་མ་ཟད།
ད་དུང་ཝཻ་སིའི་སྐོར་ཚན་དབྱིན་ཇིའི་དཔེ་མཛོད་ཁང་དུ་
ཇི་ལྟར་ཉར་ཚགས་བྱས་པའང་གསལ་སྟོན་བྱས།
དཻ་ཨ་ཎ་•ལཱང་ལགས་ཀྱིས་བཤད་རྒྱུར།
ངས་ཝཻ་སི་གསོག་ཉར་དངོས་པོ་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་
རང་ཉིད་གང་དུ་འགྲོ་དགོས་པ་ཤེས་པར་འདོད།
འོན་ཀྱང་ངས་རྒྱུ་ཆ་ལ་ཞིབ་འཇུག་བྱེད་པའི་
དུས་ཚོད་ཇི་ལྟར་རིང་ན་གསོག་ཉར་དངོས་པོ་ཡོངས་ལ་
རྒྱུས་ལོན་གཏིང་ཟབ་བྱས་ནས་གནད་དོན་གསར་བ་མང་པོ་ཞིག་རྙེད་ཐུབ།
ངས་རི་མོ་འདི་དག་ལ་རྒྱུས་ལོན་བྱེད་པའི་སྐབས་སུ་
སྔར་ལས་རྒྱ་ཆེ་བའི་དབྱེ་ཞིབ་སྒྲོམ་གཞི་ཞིག་དགོས་པ་ཤེས།
དེའི་ཕྱིར། ངས་རི་མོའི་ཁྲོད་ཀྱི་ལོ་རྒྱུས་ལ་
དོ་སྣང་བྱས་པ་མ་ཟད་རི་མོ་ལས་གཞན་པའི་ལོ་རྒྱུས་ལའང་དོ་སྣང་བྱས།
བསམ་ཡས་དགོན་པའི་ཚེས་བཅུའི་གར་འཆམ་ཆོ་ག
ངའི་ཞིབ་འཇུག་གི་སྔོན་དཔག་མཇུག་འབྲས་ཀྱིས་
ང་ཚོའི་ཤེས་བྱའི་ཐོན་སྐྱེད་དང་རིག་གནས་མཉམ་འགུལ་བར་གྱི་
འབྲེལ་བའི་ངོས་ཟིན་རྒྱ་བསྐྱེད་དུ་བཏང་།
ཝཻ་སིའི་སྐོར་ཚན་གྱི་སུའུ་ཀེ་ལན་གྱི་
ཝི་ལླེམ་•ཨེ་དེ་མུན་དེ་•ཧཻའེ་ལགས་ཀྱིས་
མངགས་བཅོལ་བྱས་པའི་ནང་པའི་བསྟན་པའི་གྲྭ་པས་
གསར་རྩོམ་བྱས་པའི་བོད་ཡུལ་གྱི་རྙོག་འཛིང་ཆེ་བའི་འགྲེལ་བཤད་ཅིག་མཚོན།
ཁོ་ཚོས་མཉམ་འབྲེལ་བྱས་པའི་མཇུག་འབྲས་ཀྱིས་
བོད་ཡུལ་ལ་འཚོལ་ཞིབ་བྱས་པའི་ལོ་རྒྱུས་མཐོང་ཐུབ།
གསོག་ཉར་དངོས་པོ་ཆ་ཚང་༢༠༠༩ལོར་ཉམས་གསོ་དང་
གཞི་གྲངས་ཀྱི་ཐག་གཅོད་བྱས་པར་མ་ཟད།
དབྱིན་ཇིའི་དཔེ་མཛོད་ཁང་གི་འདྲ་པར་དྲ་ལམ་ནས་ལྟ་ཀློག་དང་འཚོལ་བཤེར་བྱས་ཆོག
(དཔེ་སྒྲོམ་གྱི་བྲིས་རྟགས་ལྟར་འཚོལ་ཞིབ་བྱེད་དགོས།)
རི་མོ་འདི་དག་ཝཻ་སི་ཆེད་བསྒྲིགས་སུ་རྩོམ་སྒྲིག་བྱས།
(Wise Albums)
དཔེ་སྒྲོམ་ཨང་རྟགས། Add.Or.3013-43
བསམ་ཡས་དགོན་གྱི་གོས་སྐུ།
ཆེས་ཐོག་མར་རི་མོ་ཚང་མ་མདོག་དམར་པོ་ཅན་གྱི་
པར་དེབ་གསུམ་གྱི་ནང་དུ་འཚེམ་སྒྲིག་བྱས་ཡོད་པར་མ་ཟད།
འབྲེལ་ཡོད་ཀྱི་རི་མོ་དང་འགྲེལ་བཤད།
གསལ་བཤད་སོགས་ཀྱང་སྔར་བཞིན་པར་དེབ་
འདི་དག་གི་ནང་དུ་འཚེམ་སྒྲིག་བྱས་ཡོད།
རིག་དངོས་ལ་སྲུང་སྐྱོབ་བྱེད་རྒྱུར་བསམ་བློ་བཏང་ནས་
ས་བཀྲ་ཆེ་ཤོས་གནས་སྤོར་བྱས་ནས་ཤེལ་སྒམ་ནང་དུ་བཞག
༢༠༡༦ལོའི་ཟླ་༩པར་ལྷ་སའི་ས་བཀྲ་
ནེའུ་ཡོག་རུའུ་པིན་བཤམས་སྟོན་ཁང་དུ་འགྲེམས་སྟོན་བྱས།
ཕོ་བྲང་པོ་ཏཱ་ལ།
编译
ཕུར་སྲུང་སྐྱབས།
PhurSungKyap
迦入藏文编辑员、翻译员
出生于青海省尖扎县,从小对藏文化极为喜爱并为其投入了太多的时间和精力。近几年来一直致力于对古今藏文化的研究和探索,对这一领域有了一定的理解和掌握,将来也会不断地探究与学习藏文化,会在此领域开拓出一片天地,为藏文化尽自己的微薄之力。现阶段研究生考试预备中。
学习交流微信:purSung-Kyap
微博:PhurSungKyap
往期文章
可点击图片阅读
▼
༡༧༥༠ལོར་དབྱིན་ཇིའི་དཔེ་མཛོད་ཁང་དུ་ཉར་བའི་བོད་ཡུལ་གྱི་གར་འཆམ།
ཨུ་རུ་སུ་རུ་ཡོད་པའི་ནང་པའི་བསྟན་པའི་གྲྭ་ཚང་།
བོད་ཡུལ་དུ་ཐོག་མར་སླེབས་པའི་པར་རྒྱག་མཁན།
བོད་ཡུལ་དུ་ཐོག་མར་སླེབས་པའི་ཨུ་རུ་སུའི་ནང་པའི་རྗེས་འཇུག་པ།
བོད་ཡུལ་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ། - ཁ་ཝ་གུ་ཆི•ཨེ་ཀཻ
木茹高原苹果干
点击图片可进入小程序了解
▼
纯手工牦牛奶雪花酥
点击图片可进入小程序了解
▼
བོད་སྐད་ཀྱི་ཐད་སྦྲེལ། CHARU1607
客服微信:charuspace
未经作者允许请勿随意印刷转载 后果自负
合作及投稿微信:charuspace
您可能也对以下帖子感兴趣
{{{title}}}
文章有问题?点此查看未经处理的缓存