查看原文
其他

ཨ་རིའི་འབྲོག་སའི་སྐྱེ་ཁམས་རིག་པ་བ་དང་འབྲོང་ལ་ཞིབ་འཇུག་བྱེད་མཁན།

迦入 CHARU 2022-09-30

汉语版

点击图片阅读

美国牧场生态学家,野牦牛研究者,40年藏地游牧探索和无限热爱。



ད་ནཱིལ•མི་ལེར།(Daniel Miller)ཨ་རིའི་པར་རྒྱག་པ། འབྲོག་སའི་སྐྱེ་ཁམས་རིག་པ་བ། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་མགོ་ཁྲིད་དང་དོ་དམ་སྐོར་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་པར་མ་ཟད། དམངས་ཁྲོད་སྤྱི་ཚོགས་དང་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་(NGO)དང་མཉམ་ལས་ཀྱང་གནང་ཡོད། དེ་སྔ་བལ་པོ་ནས་ཞི་བདེ་རུ་ཁག་གི་དང་བླངས་མི་སྣའི་འགན་འཁུར་མྱོང་བ་དང་ས་གནས་དེ་གའི་འབྲོག་པའི་ཞིང་ལས་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་དུ་གཏོང་བ་དང་རང་བྱུང་ཡུལ་ལྗོངས་སླར་གསོ། འཚོ་ཚིས་ལེགས་བཅོས་སུ་བཏང་ནས་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་པ་མ་ཟད་དཔལ་འབྱོར་འཕེལ་རྒྱས་ཕྱོགས་ལའང་སྐུལ་འདེད་བཏང་། རི་བོ་ཧི་མ་ལ་ཡ་དང་མདོ་དབུས་མཐོ་སྒང་།  སོག་པོ་སོགས་སུ་ཐེངས་མང་པོར་བལྟ་སྐོར་དུ་སོང་མྱོང་པ་མ་ཟད། ཁོང་གི་བརྩམས་ཆོས་༼མཐའ་མཇུག་གི་འབྲོག་པ།༽ ༼མཆོག་གྱུར་གྱི་ཡུལ་ལྗོངས།༽ ༼བོད་ཡུལ་མཐོ་སྒང་དང་ཧི་མ་ལ་ཡའི་འབྲོག་པ།༽་སོགས་པར་ལེན་དངོས་བྲིས་མང་པོ་པར་སྐྲུན་བྱས།


原稿:《Nomads of the Tibetan Plateau and Himalaya》

《Hunting the Wild Yak and Chasing  Tibetan Wild Ass》

摄影:丹尼尔·米勒

编译:普桑加


འབྲོག་པ་དང་རང་བྱུང་ཁམས། ཐང་རྒོད་ཁྲོད་ཀྱི་འཆམ་མཐུན།















ད་ནཱིལ•མི་ལེར་ལགས་ཀྱི་པར་ལེན་བརྩམས་ཆོས། 



ད་ནཱིལ་ནི་ཨ་རིའི་ནུབ་རྒྱུད་ཀྱི་བཞོན་མའི་འབྲོག་ས་ཞིག་ནས་འཚར་ལོངས་བྱུང་ཞིང་ཆུང་དུས་ནས་འབྲོག་སར་བརྩེ་བ་ཟབ་མོ་ཡོད། ཁོ་རང་ནར་སོན་རྗེས་ཨ་རིའི་ནུབ་རྒྱུད་ནས་གླང་རྫི་བྱས་ནས་ལོ་མང་འགོར། འབྲོག་སའི་སྐྱེ་ཁམས་རིག་པ་དང་འབྲོག་ལས་ཀྱི་ཆེད་ལས་སྐོར་ལའང་སློབ་སྦྱོང་བྱས་མྱོང་པ་དང་དེའི་རིང་ཁོ་རང་སྲོག་ཆགས་གསོ་ཚགས་ལ་བརྟེན་ནས་འཚོ་བ་རོལ་བཞིན་པའི་མི་རྣམས་ལ་སྤྲོ་བ་ཆེན་པོ་བྱུང་།


༡༩༧༤ལོར་ད་ནཱིལ་ཐོག་མར་བལ་པོར་བལྟ་སྐོར་དུ་སོང་ནས་ཧི་མ་ལ་ཡ་རི་རྒྱུད་ས་ཁུལ་ནས་འབྲོག་པ་དང་འབྲེལ་ཡོད་ཀྱི་འདྲ་པར་མང་པོ་བླངས། དུས་དེ་ནས་བཟུང་ཁོས་བལ་པོ་དང་འབྲུག་ཡུལ། བོད་ཡུལ་སོགས་ཀྱི་འབྲོག་པ་དང་མཉམ་དུ་ཞིང་ལས་འཕེལ་རྒྱས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་ལས་དོན་སྤེལ། དེ་དང་མཉམ་དུ་ཁོ་ད་དུང་ལ་དྭགས་དང་སོག་པོ་སོགས་སུ་བལྟ་སྐོར་དུ་སོང་། 


བལ་པོ་ནས་མཐོང་བའི་རི་བོ་ཇོ་མོ་གླང་མ།


སི་ཁྲོན་ནུབ་རྒྱུད་ཀྱི་ནོར་གནག་ལ་བཞོན་པའི་བོད་མི། 


ཁོང་གིས་“ང་རང་འབྲོག་པ་ལ་ཧ་ཅང་དགའ་པོ་ཡོད། ཁོང་ཚོས་ཕྱུགས་ཟོགས་ཁྲིད་དེ་རྩྭ་ཐང་སྟེང་དུ་སྦྲ་གུར་ཕུབ་ནས་“རྩྭ་ཆུ་གང་བཟང་དུ་གནས་སྤོར”་བྱེད་པའི་འཚོ་བ་རོལ་སྟངས་ལ་བརྟེན་ནས། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་འདིའི་སྟེང་དུ་བློ་བདེ་བག་ཕེབས་ཀྱི་ངང་ནས་འཚོ་བ་རོལ་བཞིན་པ་འདིས་ངའི་ནང་སེམས་ལ་རང་དབང་ཚད་མེད་པ་ཞིག་བསླངས།”


འབྲོག་པ་རྣམས་མཐོ་སྒང་གི་གནམ་གཤིས་ངན་པའི་ཁོར་ཡུག་འོག་ཏུ་མི་རབས་ནས་མི་རབས་བར་དུ་འཚོ་གནས་བྱེད་ཐུབ་པ་དེས་ཁོང་ཚོའི་སྙིང་སྟོབས་དང་ཐུན་མོང་མ་ཡིན་པའི་གཤིས་རྒྱུད། བློ་བརྟན་འགྱུར་མེད་ཀྱི་བློ་གྲོས་སོགས་མི་གཞན་པར་བདེན་དཔང་བྱས། ཁོ་ཚོ་མཐའ་འཁོར་གྱི་རང་བྱུང་ཁོར་ཡུག་ལ་རྒྱུན་ལྡན་གྱི་མི་དང་མི་འདྲ་བའི་ཚོར་བ་སྐྱེན་པོ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད།



སྦྲ་ནག་གམ་གྱི་འབྲོག་པ་བཟའ་ཟླ། བོད་ཡུལ།


བལ་པོའི་ལུང་ཁུག་ནས་མཐོང་བའི་ནོར་གནག



ད་ནཱིལ་ལགས་ཀྱིས་ཐོག་མར་བལ་པོའི་ལུང་ཁུག་གི་ལམ་ཕྲན་ནས་ནོར་གནག་མཐོང་སྟེ་ཁོ་རང་ཡིད་དབང་འཕྲོག་དུ་བཅུག་སོང་ཟེར། ཁོང་གིས་“ནོར་གནག་གི་མགོ་ལ་སྐྱེས་པའི་རྭ་ཅོ་འཁྱོག་པོ་ནི་ཧ་ཅང་ཆེ་ལ་མཁྲེགས་པོ་ཡོད་པ་དང་། གསུས་ཁོག་གི་ཅུང་རིང་བའི་རྩིད་པ་དེ་ས་ངོས་སུ་དྲུད་ཡོད་པས་གཟུགས་ཀྱི་བོངས་ཚདཤིན་ཏུ་ཆེ་བ་ཞིག་རེད།” ཟེར། 


༡༩༨༨ལོར་ད་ནཱིལ་མདོ་དབུས་མཐོ་སྒང་གི་བྱང་རྒྱུད་དང་ཁུ་ནུ་རི་བོའི་ཕྱོགས་སུ་ཐོག་མར་ཡོང་ནས་འབྲོང་འཚོ་གནས་བྱེད་སའི་ས་ཆ་ལ་ཞིབ་འཇུག་བྱས། འདི་ནི་འབྲོང་ཆེས་མཇུག་མཐའི་འཚོ་གནས་བྱེད་སའི་གྲས་ཤིག་ཡིན་པ་དང་སའི་གོ་ལའི་ཐོག་མཐའ་མཚམས་ཀྱི་འགོག་སྲུང་ཧ་ཅང་ལྷོད་ལ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཞིག་ཀྱང་ཡིན། — བྱང་ཐང་། 


ད་ནཱིལ་ལགས་ཀྱིས་བཤད་རྒྱུར། “བྱང་ཐང་ནི་མཐའ་ཡས་པའི་ཐང་རྒོད་ཅིག་ཡིན་ལ། ཡངས་ཤིང་རྒྱ་ཆེ་བ་ཞིག་རེད། ངས་ཡང་བསྐྱར་ཐང་རྒོད་དང་རང་དབང་གི་མཚན་ཉིད་ལ་འགྱུར་བ་བཏང་།”


བྱང་ཐང་གི་འབྲོང་ཞིབ་འཇུག་བྱེད་སའི་སྒར་ས།


ནོར་གནག་གི་མགོ་རུས། 


ཞིབ་འཇུག་བྱེད་པའི་གོ་རིམ་ཁྲོད་དུ་ཁོང་ཚོས་འབྲོང་ལ་མེ་མདའི་བརྒྱབ་ནས་སྦྲིད་སྨན་བླུད་རྗེས། སྐུད་མེད་གློག་གི་འཕྱང་འཕྲུལ་སྒྲིག་སྦྱོར་བྱས་པ་དང་མཉམ་དུ་སྲུང་སྐར་བརྒྱུད་ནས་དེ་དག་གི་འགུལ་སྐྱོད་ཀྱི་རྗེས་ཤུལ་ལ་རྗེས་འདེད་བྱས། བྱེད་ཐབས་འདི་འདྲ་བེད་སྤྱད་ནས་འབྲོང་གི་དུས་ཚིགས་མི་འདྲ་བའི་ཐོག་མའི་འཚོ་གནས་བྱ་ཡུལ་གྱི་རྗེས་ཤུལ་སྙེག་པ་མ་ཟད། དེ་དག་ལས་ཐོབ་པའི་ཆ་འཕྲིན་ལ་བརྟེན་ནས་འབྲོང་དང་སྲོག་ཆགས་གཞན་དག་སྲུང་སྐྱོང་བྱེད་པའི་འཆར་གཞི་བཟོས། 


ཁོ་ཚོས་འབྲོང་༡༠༠༠ལྷག་ཡོད་པ་དང་། དེའི་ནང་ནས་ཆེས་ཆེ་བའི་ནོར་ཁྱུ་ཕལ་ཆེར་༣༠༠ལྷག་ཡོད་པ་སྡོམ་རྩིས་བྱས། ད་ནཱིལ་གྱིས་འབྲོང་གིས་མདོ་དབུས་མཐོ་སྒང་གི་གདོད་མའི་སྣོད་བཅུད་ཀྱི་ཁྱད་ཆོས་མཚོན་གྱི་ཡོད་པས་དེས་བོད་ཡུལ་གྱི་གདོད་མའི་ནུས་ཚད་དང་གནའ་ཉམས་དོད་ཤོས་ཀྱི་མཛེས་སྡུག་ལ་འབོད་སྐུལ་བྱེད་ཐུབ།”་ཟེར། 



བྱང་ཐང་གི་འབྲོང་།



ལོ་བཅུ་བཞིའི་ནང་ད་ནཱིལ་གྱིས་ཕལ་ཆེར་ལོ་རེར་དུས་ཚོད་བཙལ་ནས་བོད་ཡུལ་ལ་བལྟ་སྐོར་དུ་འགྲོ་བཞིན་ཡོད། ཁོ་ཆེས་མཐའ་མཇུག་བོད་ཡུལ་ལ་ཡོང་བའི་དུས་ནི་༢༠༠༣ལོར་ཡིན། ཁོ་རང་ཨ་མདོ་དང་ཁམས་ཕྱོགས་ཀྱི་ས་ཁུལ་དག་ལའང་བལྟ་སྐོར་དུ་སོང་མྱོང་། ལོ་༡༥ཡི་གོང་དུ་ཐེངས་དང་པོར་ཡོང་མྱོང་བའི་ས་ཆར་སླར་ཡང་བལྟ་སྐོར་དུ་སོང་བ་དང་ཁོང་གིས་བོད་ཡུལ་གྱི་འབྲོག་པའི་འཚོ་བར་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་ཀྱི་ཡོད། པར་རྒྱག་པ་དང་རྩོམ་འབྲི་བྱས་པ་བརྒྱུད་ནས་མི་མང་པོ་ཞིག་ལ་བོད་ཡུལ་གྱི་འབྲོག་པ་ངོ་སྤྲོད་བྱས་ནས་ཁོང་ཚོའི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ཟིན་ཐོར་བཀོད། བོད་ཡུལ་དུ་ཡུལ་སྐོར་མང་པོ་བྱས་པའི་ཁྲོད་ནས་ད་ནཱིལ་གྱི་ཆེས་མཛེས་སྡུག་ལྡན་པའི་ཕྱིར་དྲན་ནི་བྱང་ཐང་གི་ཐང་སྟོང་དུ་རྟ་བཞོན་ནས་སྒར་རྒྱག་རྒྱུ་དེ་རེད་ཟེར། 


ཁོང་གིས་“བོད་ཡུལ་བྱང་ཐང་གི་ཐང་རྒོད་དེས་ངའི་དབང་བོ་སྣ་ལྔར་སྐུལ་སློང་བྱེད་བཞིན་ཡོད་པ་དང་འདྲ། བརྗིད་ཆགས་ཡིད་འོང་གི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་དེར་ནུས་ཤུགས་ཀྱིས་ཁེངས་འདུག ངའི་མཐོང་རྒྱ་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེ་རུ་ཕྱིན་པ་དང་སྤྲིན་རིམ་ཁྲོད་ནས་མར་བབས་པའི་འོད་གྲིབ་ནི་རྩྭ་ཐང་སྟེང་དུ་མཆོང་ལྡིང་བྱེད་བཞིན་ཡོད་པ་དང་འདྲ། རྒྱང་རིང་དུ་འཁྲིགས་པའི་སྤྲིན་སྨུག་ནི་རྩྭ་ཐང་སྟེང་དུ་འདྲོགས་ནས་རྒྱུགས་བཞིན་པའི་རྐྱང་ཁྱུ་གཅིག་དང་འདྲ། མུ་མཐའ་མེད་པའི་རྩྭ་ཐང་སྟེང་དུ་རླུང་གཡུགས་ནས་བྱ་ཁྱུ་ཡིས་བར་སྣང་དུ་སྐད་སྙན་འབྱིན་བཞིན་པ་དེས་ང་ལ་གསོན་ཤུགས་གསར་པ་ཤིག་འཕེལ་དུ་བཅུག མི་རྣམས་བླ་མེད་ཆེད་འཕགས་ཀྱི་ཡུལ་གྲུ་འདི་ནས་འཚོ་བ་གསར་བ་ཞིག་གིས་མགོ་བརྩམས།་ཅེས་གསུངས་མྱོང་།


བོད་ཡུལ་བྱང་ཐང་གི་འབྲོག་པ། 



བོད་ཡུལ་བྱང་ཐང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁུལ།


བྱང་ཐང་དུ་འབྲོང་ཡོད་པར་མ་ཟད་ད་དུང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གཞན་དག་འཚོ་གནས་བྱེད་སའང་ཡིན། གནས་འདི་རུ་རྐྱང་དང་རྒྱ། ཤྭ་སྐྱ། གསའ། ཝ་སོགས་རི་དྭགས་འབོར་ཆེན་གནས་ཡོད། ལོ་རབས་༩༠པའི་དུས་མགོར་གནས་འདི་རུ་གཙོད་འཚོ་གནས་བྱས་མྱོང་པའང་གསར་རྙེད་བྱུང་། 


ད་ནཱིལ་གྱིས་བཤད་རྒྱུར། “འབྲོག་སའི་སྐྱེ་ཁམས་རིག་པ་བ་ཞིག་ཡིན་པའི་ཆ་ནས། ང་རང་རྩྭ་ཐང་དང་རི་སྐྱེས་སྲོག་ཆགས། སྒོ་ཕྱུགས་བར་གྱི་འབྲེལ་བ་ལ་སྤྲོ་བ་ཆེན་པོ་ཡོད། མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྣ་མང་གིས་སྐབས་དེའི་སྣོད་བཅུད་མ་ལག་ལ་རྩ་བའི་ཆ་ནས་གནོད་སྐྱོན་ཐེབས་མེད་པ་གསལ་བཤད་བྱས། འོན་ཀྱང་འབྲོག་པ་དང་ཕྱུགས་ཟོག དེ་བཞིན་གསེར་གཏེར་སྔོག་འདོན་བྱེད་མཁན་མང་པོ་ཞིག་གནས་འདི་རུ་ཡོང་པ་དེ་རི་སྐྱེས་སྲོག་ཆགས་ཀྱི་འབྱུང་འགྱུར་འཚོ་གནས་ལའང་གཏོར་སྐྱོན་ངེས་ཅན་ཞིག་ཐེབས།”


བྱང་ཐང་གི་གཙོད། 



ད་ནཱིལ་གྱིས་བོད་ཡུལ་གྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་ཁམས་ཁོར་ཡུག་ལ་ཞིབ་འཇུག་གང་མང་བྱས་ཡོད་པ་མ་ཟད། ཁོ་རང་བོད་ཡུལ་གྱི་འབྲོག་པའི་རིག་གནས་ལའང་སྤྲོ་བ་ཆེན་པོ་ཡོད་པ་དང་། བོད་མིའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ་མ་ཟད་ཁོང་ཚོ་དང་མཛའ་བཤེས་ཀྱི་འབྲེལ་བའང་བཙུགས་ཡོད། 


ད་ནཱིལ་གྱིས་བཤད་རྒྱུར། “བོད་ཡུལ་གྱི་འབྲོག་པ་དག་གིས་ཁོ་ཚོ་གསོ་སྐྱོང་བྱེད་པའི་ས་གཞི་དང་འབྲེལ་བ་དམ་ཟབ་བཙུགས། ཁོ་ཚོས་མཐོ་སྒང་ནས་འཚོ་བ་རོལ་ཐུབ་པ་མ་ཟད་ད་དུང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱང་གསར་བཟོ་བྱས། ཁོ་ཚོའི་འཚོ་བ་རོལ་སྟངས་དེ་དེང་རབས་གྲོང་ཁྱེར་དང་གཏན་ནས་མི་འདྲ་བར་བརྟེན་ཁོ་ཚོར་ལྟ་ཕྱོགས་མི་འདྲ་བའི་ཐོག་ནས་འཚོ་བ་རོལ་སའི་ཁོར་ཡུག་ལ་ལྟ་སྟངས་གསར་བ་ཞིག་འཛིན་དུ་བཅུག”


བོད་ཡུལ་གྱི་འབྲོག་མོ།


བོད་ཡུལ་གྱི་འབྲོག་པས་ར་མའི་འོ་མ་བཞོ་བཞིན་པ། 


བོད་ཡུལ་གྱི་འབྲོག་པས་རྩྭ་ཐང་དུ་ལོ་ངོ་སྟོང་ཕྲག་རིང་འཚོ་བ་རོལ་བཞིན་ཡོད་པ་དང་བོད་ཡུལ་བུད་མེད་ཀྱིས་མཐོ་སྒང་གི་འབྲོག་པའི་སྤྱི་ཚོགས་ཁྲོད་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ཐོན་བཞིན་ཡོད། ཁོ་མོ་ཚོས་ཕྲུ་གུ་གཉོར་སྐྱོང་བྱེད་དགོས་པ་མ་ཟད་རྒྱུན་དུ་ཕྱུགས་ཟོག་གསོ་ཚགས་དང་འོ་མ་བཞོ་བ། མར་ལས་པ་སོགས་རྒྱུན་ལྡན་གྱི་ཁྱིམ་ལས་ཙག་ཙིག་དག་ལས་བཞིན་ཡོད། 


དེ་དང་ཆབས་ཅིག་འབྲོག་པས་མཐོ་སྒང་གི་ཁོར་ཡུག་དེ་རང་ཉིད་ཀྱི་འཚོ་བ་དང་འཚམ་ཆེད་ཁོང་ཚོས་སྐུད་འཁེལ་དང་བསླས་འཐག་གི་ལག་རྩལ་གསར་བཏོད་བྱས། འབྲོག་པ་དག་གིས་ཉེན་ཁར་མ་འཛེམས་པར་མདོ་དབུས་མཐོ་སྒང་ནས་ནོར་གནག་གསོ་ཚགས་བྱེད་པའི་ལམ་ཁར་བསྐྱོད་པ་ནས་བཟུང་། ཁོ་ཚོས་ཐོག་མཐའ་བར་གསུམ་དུ་སྲིང་སྐུད་འཁེལ་བ་དང་བསླས་འཐག་ལག་རྩལ་ལ་བརྟེན་ནས་ནོར་གནག་གི་རྩིད་པ་དང་ལུག་གི་བལ་སོགས་བེད་སྤྱད་དེ་སྦྲ་གུར་དང་གྱོན་ཆས། བལ་ཕྱར་སོགས་བཟོ་ཤེས་པ་རེད། བསླས་འཐག་ལག་རྩལ་འདི་དག་ད་ལྟའི་བར་དུ་བེད་སྤྱོད་བཞིན་ཡོད། 



བོད་ཡུལ་གྱི་ནོར་གནག་གི་ཁུ་ལུས་བཟོས་པའི་ཞྭ་མོ་དང་ཀོ་ཁུག



མདོ་དབུས་མཐོ་སྒང་དང་ཧི་མ་ལ་ཡ་ས་ཁུལ་ནས་ད་ནཱིལ་གྱིས་ས་གནས་དེ་གའི་མི་དམངས་ཀྱིས་བཞེངས་པའི་མཆོད་རྟེན་མང་པོ་ཞིག་མཐོང་། མཆོད་རྟེན་གྱིས་སངས་རྒྱས་ཀྱི་དགོངས་པ་དང་རྟོགས་པ་མཚོན། ས་ཁུལ་མང་པོ་ཞིག་ནས་རྒྱུན་དུ་བདེ་གཤེགས་མཆོད་རྟེན་བརྒྱད་བཞེངས་པ་དང་མཆོད་རྟེན་རེ་རེའི་མཚོན་དོན་དང་དབྱིབས། བཀོད་པ་སོགས་མི་འདྲ་ལ། བདེ་གཤེགས་མཆོད་རྟེན་བརྒྱད་བཞེངས་པའི་མཚོན་དོན་ནི་སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་ལ་དྲན་གསོ་ཞུ་ཆེད་དུ་བཞེངས་པ་ཡིན། ས་གནས་དེ་གའི་མིས་དུས་རྒྱུན་དུ་མཆོད་རྟེན་ལ་བསྐོར་བ་བརྒྱབ་ནས་འཛམ་གླིང་ཞི་བདེ་དང་ནད་མེད་བདེ་ཐང་ཡོང་བར་རེ་སྨོན་བྱེད་བཞིན་ཡོད་དོ།


བོད་ཡུལ་གྱི་རྒྱལ་མོ་རྔུལ་ཆུ་དང་ཡར་ཀླུང་གཙང་པོའི་བར་གྱི་བདེ་གཤེགས་མཆོད་རྟེན་བརྒྱད། 


ད་ནཱིལ་གྱི་ཆེས་བརྗེད་ཐབས་བྲལ་བའི་དོན་དག་ནི་ཁོ་རང་ནག་ཆུ་(Nakchu)ནས་རླངས་འཁོར་བསྐོར་ཏེ་ལྷ་སར་(Lhasa)བལྟ་སྐོར་དུ་སོང་། ཁོང་གིས་“ང་ཚོ་རྒྱལ་མོ་རྔུལ་ཆུ་(Salween)དང་ཡར་ཀླུང་གཙང་པོ་(Brahmaputra)བར་གྱི་བདེ་གཤེགས་མཆོད་རྟེན་བརྒྱད་ཡོད་པའི་གྲོང་ཚོ་བརྒྱུད་ནས་འགྲོ་དུས། ངའི་བོད་མི་ལས་གྲོགས་ཀྱིས་རླངས་འཁོར་བསྐོར་མཚམས་བཞག་ནས་ང་རང་ཁྲིད་ནས་མཆོད་རྟེན་ལ་བསྐོར་བ་བྱེད་དུ་སོང་། ཁོས་ང་ཚོའི་ཡུལ་སྐོར་བདེ་ལེགས་ངང་ལེགས་འགྲུབ་ཡོང་བར་རེ་སྨོན་བྱེད་བཞིན་འདུག་ཟེར། 


དར་ལྕོག་རླུང་བུའི་ཁྲོད་ལྷབ་ལྷུབ་ཏུ་གཡོ། འབྲོག་པ་དང་ནོར་གནག་གིས་རྒྱང་རིང་གི་རི་བོ་གདང་ལར་རྒྱན་སྤྲས་བྱས་པ་དེས་ང་ལ་བོད་ཡུལ་གྱི་འབྲོག་པ་དང་རང་བྱུང་ཁམས་གཉིས་བསམ་པའི་ཐོག་ནས་འབྲེལ་བ་བྱུང་བ་ཚོར། འདི་ནི་མི་དང་གནམ་སའི་ཆེས་འཆམ་མཐུན་གྱི་སྣང་བརྙན་ཞིག་རེད།”


ད་ནཱིལ་གྱི་མི་ཚེ་ཕྱེད་ཀའི་དུས་ཚོད་ཧི་མ་ལ་ཡ་དང་མདོ་དབུས་མཐོ་སྒང་ནས་ཟད་ཚར་ལ། ཁོང་གིས་མི་ཚེ་གང་བོའི་བརྩེ་སེམས་དེ་མུ་མཐའ་མེད་པའི་རྩྭ་ཐང་ཐོག་ཏུ་མངོན། ཁོང་གིས་འབྲོག་པ་ལ་དགའ་ཞེན་ཟབ་མོ་བྱེད་པ་དེ་ཁོང་གི་པར་ལེན་བརྩམས་ཆོས་དང་རྩོམ་ཡིག་གི་ཐོག་ནས་མངོན་པ་དང་རྩྭ་ཐང་ནི་ཁོང་གི་ཁྱིམ་ཚང་གཞན་ཞིག་དང་འདྲའོ། 


འབྲུག་ཡུལ་ནུབ་བྱང་རྒྱུད་ཀྱི་དབྱར་དུས་ཀྱི་འབྲོག་ས། 


དེང་སྐབས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་པའི་དེང་རབས་ཅན་གྱི་འཚོ་བའི་འབྲོག་པའི་སྲོལ་རྒྱུན་འཚོ་བ་རོལ་སྟངས་ལ་དཀའ་ངལ་མང་པོ་ཞིག་བསྐྲུན། ད་ནཱིལ་གྱིས་འབྲོག་པ་དང་ཕྱུགས་ཟོག་དག་སྔར་བཞིན་ཧི་མ་ལ་ཡ་དང་མདོ་དབུས་མཐོ་སྒང་གི་ས་གཞི་འདིའི་སྟེང་དུ་འཚོ་བ་རོལ་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད། མཐོ་སྒང་གི་སྐྱེ་ཁམས་མ་ལག་གི་དོ་མཉམ་ནི་འབྲོག་པའི་སྙིང་སྟོབས་དང་ཐུན་མོང་མ་ཡིན་པའི་གཤིས་རྒྱུད་དང་བློ་བརྟན་འགྱུར་མེད་ཀྱི་བློ་གྲོས་དང་ཁ་འབྲལ་ཐབས་མེད།








编译

ཕུར་སྲུང་སྐྱབས།
PhurSungKyap  
迦入藏文编辑员、翻译员

出生于青海省尖扎县,从小对藏文化极为喜爱并为其投入了太多的时间和精力。近几年来一直致力于对古今藏文化的研究和探索,对这一领域有了一定的理解和掌握,将来也会不断地探究与学习藏文化,会在此领域开拓出一片天地,为藏文化尽自己的微薄之力。现阶段研究生考试预备中。
学习交流微信:purSung-Kyap 


往期文章
可点击图片阅读
དུས་རབས་༡༩པར་བྲིས་པའི་བོད་ཡུལ་མི་སྣའི་ཤེས་བྱ་ཀུན་བཏུས་ཆེན་མོ།

༡༧༥༠ལོར་དབྱིན་ཇིའི་དཔེ་མཛོད་ཁང་དུ་ཉར་བའི་བོད་ཡུལ་གྱི་གར་འཆམ།

ཨུ་རུ་སུ་རུ་ཡོད་པའི་ནང་པའི་བསྟན་པའི་གྲྭ་ཚང་།
བོད་ཡུལ་དུ་ཐོག་མར་སླེབས་པའི་པར་རྒྱག་མཁན།
བོད་ཡུལ་དུ་ཐོག་མར་སླེབས་པའི་ཨུ་རུ་སུའི་ནང་པའི་རྗེས་འཇུག་པ།
བོད་ཡུལ་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ། - ཁ་ཝ་གུ་ཆི•ཨེ་ཀཻ


木茹高原苹果干
点击图片可进入小程序了解


纯手工牦牛奶雪花酥
点击图片可进入小程序了解


བོད་སྐད་ཀྱི་ཐད་སྦྲེལ། CHARU1607
客服微信:charuspace
未经作者允许请勿随意印刷转载 后果自负
合作及投稿微信:charuspace

您可能也对以下帖子感兴趣

文章有问题?点此查看未经处理的缓存