查看原文
其他

ཕོ་ཉ་དམར་པོ།

དེར་ནོན☞ SnowStar1 2019-05-19

ཚིག  གདོང་བསོད་བཀྲ།

དབྱངས། དགེ་བྷེ།

གླུ་བ། དགེ་བྷེ།


སྔོན་རྒྱལ་རབས་རེ་རེསདབང་བརྒྱུར་བྱས་པའི་དུས་ནས།།

བོད་བྱམས་ལྡན་འཕྲེང་བཟུང་གོང་བ་ཅན་གྱི་བུ་རྒྱུད།།

མ་འགྲོ་བ་དྲུག་ལ་བདེ་སྐྱིད་སྩོལ་བའི་གྲྭ་བཙུན།།

དུས་སྔ་ཕྱི་ཀུན་ཏུ་ཁྱེད་ནི་སྐུ་དྲིན་ཆེའོ།


སེམས་དད་སའི་སངས་རྒྱུས་བསྟན་པ་འཛིན་པའི་བསྟན་འཛིན།།

ལས་ཞི་བདེའི་སྤྱོད་པའི་མཚན་ཉིད་ཅན་གྱི་དེད་དཔོན།།

ཐུགས་བྱམས་བརྩེ་གངས་དཀར་ཞིང་ལ་ཐིམ་པའི་གྲྭ་བཙུན།

བྱམས་སྙིང་རྗེའི་མཚན་སྙན་མ་ཉམས་སྐུ་དྲིན་ཆེའོ།།


བོད་རིག་གཞུང་རིག་གནས་སྲོག་རྩ་དམར་པོར་གྱུར་དུས།།

དྲིན་མེས་པོས་ཤུལ་བཞག་ཤེས་རིག་སྐྱོང་བའི་དཔའ་བོ།།

ཤ་རུས་པ་ཟད་ཀྱང་བརྩོན་པ་བྱས་པའི་གྲྭ་བཙུན།།

བོད་ཁ་བའི་རིག་གནས་མ་ཉམས་སྐུ་དྲིན་ཆེའོ།།


བོད་རྒྱལ་སའི་རྒྱབ་རིའི་རྩེ་ཡི་ཕོ་ཉ་དམར་པོ།།

ལས་རླུང་རྟ་གནམ་ལ་མཆོད་པའི་ལྷ་ཡི་བུ་རྒྱུད།།

སྤུན་ས་ཡ་དྲུག་གི་བདེ་སྡུག་གླེང་བའི་གྲྭ་བཙུན།།

བོད་ཁ་བའི་ལ་རྒྱ་མ་ཉམས་སྐུ་དྲིན་ཆེའོ།།

སྤུན་ས་ཡ་དྲུག་གི་བདེ་སྡུག་གླེང་བའི་གྲྭ་བཙུན།།

བོད་ཁ་བའི་ལ་རྒྱ་མ་ཉམས་སྐུ་དྲིན་ཆེའོ།།

བོད་ཁ་བའི་ལ་རྒྱ་མ་ཉམས་སྐུ་དྲིན་ཆེའོ།།


                              

གངས་སྐར་མདའ།








                          

ཁྱེད་ཀྱིས་གསུང་རྩོམ་ཀློག་འདོན་དང་།

སྙན་ངག་གྱེར་འདོན།རྩོམ་རིག་བརྩམས་ཆོས།

པར་རིས་བརྩམ་ཆོས་སོགས་འཕྲིན་སྟེགས་འདིར་

བརྒྱུད་དེ་སྤེལ་འདོད་ཚེ་བདག་ལ་འཕྲིན་ཕྲན་

འབྲེལ་དེ་སྐུར་དང་ཁྱེད་ཀྱི་རེ་བ་སྐོང་ངེས་ཡིན།

བདག་གི་འཕྲིན་ཕྲན་ཨང་གྲངས་ནི།  Tibetan98 ཡིན།

 

དེར་ནོན།     

 




    您可能也对以下帖子感兴趣

    文章有问题?点此查看未经处理的缓存