查看原文
其他

རྨ་གླིང་འཇོལ་མོ།

དེར་ནོན☞ SnowStar1 2019-05-19

གངས་སྐར་མདའི་སྣ་འདུས་འཕྲིན་སྟེགས།     


སྐུ་ཉིད་གསན་གཟིགས་གནང་བར་ཕེབས་པར་དགའ་བསུ་ཞུ།              




རྨ་གླིང་འཇོལ་མོ།


གཞས་ཚིག  གཡས་ཀུན་གྲགས།

གཞས་གདངས།  བློ་གསལ།

གཞས་མ།    འཕྲིན་ལས་མཚོ།


ཕ་སྐད་སེར་གྱི་རང་མདངས་ངག་ན་གསལ།།

ཕ་ཡིག་དངུལ་དཀར་རི་མོ་ལག་ན་འཁྱུག།

ཕ་སྲོར་རིན་ཆེན་ནོར་བུ་མགུལ་ན་མཛེས།།

རྨ་གླིང་འཇོལ་མོ་ང་ཡི་སྙིང་སྟོབས་ཡིན།།

ཕ་སྲོར་རིན་ཆེན་ནོར་བུ་མགུལ་ན་མཛེས།།

རྨ་གླིང་འཇོལ་མོ་ང་ཡི་སྙིང་སྟོབས་ཡིན།།


བརྩེ་བའི་ཕ་མ་བྱམས་པའི་ངག་གིས་བསུས།།

ཉེ་བའི་བཟའ་ཚང་འཇམ་མཉེན་ཕྱག་གིས་བསྐྱོར།།

མཛའ་བའི་སྤུན་ཟླ་མཐུན་པའི་ཚིག་གིས་བཀུར།།

རྨ་གླིང་འཇོལ་མོ་ང་ཡི་འཚོ་བ་ཡིན།།

མཛའ་བའི་སྤུན་ཟླ་མཐུན་པའི་ཚིག་གིས་བཀུར།།

རྨ་གླིང་འཇོལ་མོ་ང་ཡི་འཚོ་བ་ཡིན།།


ཁ་བའི་བདེ་སྡུག་སྙན་པའི་གླུ་རུ་བླངས།།

ཚོར་བའི་སྙན་ངག་ཆུ་བོའི་འགྲམ་ནས་གྱེར།།

མ་འོངས་རེ་འདུན་གངས་ཀྱི་རི་ལ་བཅོལ།།

རྨ་གླིང་འཇོལ་མོ་ང་ཡི་ཕུག་སེམས་ཡིན།།

མ་འོངས་རེ་འདུན་གངས་ཀྱི་རི་ལ་བཅོལ།།

རྨ་གླིང་འཇོལ་མོ་ང་ཡི་ཕུག་སེམས་ཡིན།།

མ་འོངས་རེ་འདུན་གངས་ཀྱི་རི་ལ་བཅོལ།།

རྨ་གླིང་འཇོལ་མོ་ང་ཡི་ཕུག་སེམས་ཡིན།།

མ་འོངས་རེ་འདུན་གངས་ཀྱི་རི་ལ་བཅོལ།།

རྨ་གླིང་འཇོལ་མོ་ང་ཡི་ཕུག་སེམས་ཡིན།།

རྨ་གླིང་འཇོལ་མོ་ང་ཡི་ཕུག་སེམས་ཡིན།།






                          

ཁྱེད་ཀྱིས་གསུང་རྩོམ་ཀློག་འདོན་དང་།

སྙན་ངག་གྱེར་འདོན།རྩོམ་རིག་བརྩམས་ཆོས།

པར་རིས་བརྩམ་ཆོས་སོགས་འཕྲིན་སྟེགས་འདིར་

བརྒྱུད་དེ་སྤེལ་འདོད་ཚེ་བདག་ལ་འཕྲིན་ཕྲན་

འབྲེལ་དེ་སྐུར་དང་ཁྱེད་ཀྱི་རེ་བ་སྐོང་ངེས་ཡིན།

བདག་གི་འཕྲིན་ཕྲན་ཨང་གྲངས་ནི།  Tibetan98 ཡིན།

 

          

 



    您可能也对以下帖子感兴趣

    文章有问题?点此查看未经处理的缓存