查看原文
其他

དྲིན་ཕ་ལོ་ད་རུང་རྒས་ཀི་མེད།

དེར་ནོན☞ SnowStar1 2019-05-19


གངས་སྐར་མདའི་སྣ་འདུས་འཕྲིན་སྟེགས།     

སྐུ་ཉིད་གསན་གཟིགས་གནང་བར་ཕེབས་པར་དགའ་བསུ་ཞུ།              


   དྲིན་ཕ་ལོ་ད་རུང་རྒས་ཀི་མེད།  


               གཞས་ཚིག       ཀ ཤུལ་ལྷུན་བྷེ།

               དབྱངས།        གངས་ལྗོངས་པི་ཝང་།

               ལེན་མཁན།      གངས་ལྗོངས་པི་ཝང་།



ཨ་་་་་རོགས།

སྦྲ་ནག་པོ་རླུང་རྟའི་མཆོག་དར་ཅན།།

དྲིན་ཕ་ལོའི་མགོ་སྦྲ་སྨུག་པོ་ཡིན།།

དུས་དེ་རིང་སྦྲ་ནག་ཉུང་ན་ཡང་།།

དྲིན་ཕ་ལོ་ད་རུང་རྒས་ཀི་མེད།།

དུས་དེ་རིང་སྦྲ་ནག་ཉུང་ན་ཡང་།།

དྲིན་ཕ་ལོ་ད་རུང་རྒས་ཀི་མེད།།


ཨ་་་་་རོགས།

ཞིང་འབྲུ་དྲུག་སྙེ་མ་ལྡེམ་པ་འདི།།

དྲིན་མ་ལོའི་ལག་ཟས་མངར་མོ་ཡིན།།

དུས་དེ་རིང་ཞིང་ལས་དཀོན་ན་ཡང་།།

དྲིན་མ་ལོའི་བྱམས་བརྩེ་འགྱུར་གི་མེད།།

དུས་དེ་རིང་ཞིང་ལས་དཀོན་ན་ཡང་།།

དྲིན་མ་ལོའི་བྱམས་བརྩེ་འགྱུར་གི་མེད།།


ཨ་་་་་རོགས།

སྒྲ་སྙན་མོ་དགུ་སེང་དྲུག་འགྱུར་འདི།།

ངའི་མེས་པོའི་གདངས་ཀྱི་ང་རོ་ཡིན།།

དུས་དེ་རིང་དབྱངས་རྟ་ཉམས་ན་ཡང་།།

ངའི་མེས་པོའི་གླུ་སྐད་བགྱུར་གི་མེད།།

དུས་དེ་རིང་དབྱངས་རྟ་ཉམས་ན་ཡང་།།

ངའི་མེས་པོའི་གླུ་སྐད་བགྱུར་གི་མེད།།


ཨ་་་་་རོགས།

གོས་དྲོན་པོ་ཨ་འཇམ་ཚར་ལྭ་འདི།།

ངའི་སྲིང་ལོའི་གཤིས་ཀ་ལྷད་མེད་ཡིན།།

དུས་དེ་རིང་ཚར་ལྭ་འགྱུར་ན་ཡང་།།

ངའི་སྲིང་ལོའི་གཤིས་ཀ་ཉམས་ཀི་མེད།།

དུས་དེ་རིང་ཚར་ལྭ་འགྱུར་ན་ཡང་།།

ངའི་སྲིང་ལོའི་གཤིས་ཀ་ཉམས་ཀི་མེད།།

ངའི་སྲིང་ལོའི་གཤིས་ཀ་ཉམས་ཀི་མེད།།







                          

ཁྱེད་ཀྱིས་གསུང་རྩོམ་ཀློག་འདོན་དང་།

སྙན་ངག་གྱེར་འདོན།རྩོམ་རིག་བརྩམས་ཆོས།

པར་རིས་བརྩམ་ཆོས་སོགས་འཕྲིན་སྟེགས་འདིར་

བརྒྱུད་དེ་སྤེལ་འདོད་ཚེ་བདག་ལ་འཕྲིན་ཕྲན་

འབྲེལ་དེ་སྐུར་དང་ཁྱེད་ཀྱི་རེ་བ་སྐོང་ངེས་ཡིན།

བདག་གི་འཕྲིན་ཕྲན་ཨང་གྲངས་ནི།  Tibetan98 ཡིན།

 

          

 



    您可能也对以下帖子感兴趣

    文章有问题?点此查看未经处理的缓存