པཎ་ཆེན་རིན་པོ་ཆེ་མཆོག་གིས་གནང་བའི་བཀའ་སློབ་ཚན་པ་བཅོ་ལྔ།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་རང་ཅག་ལ་
གནང་བའི་བཀའ་སློབ་ཚན་པ་བཅོ་ལྔ།
ངས་རྒྱ་སྐད་བཤད་ཤེས་པ་ནི་ངའི་འཇོན་ཐང་དང་ཡོན་ཏན་རེད། །
གལ་སྲིད་ངས་མ་ཤེས་ནའང་ངོ་ཚ་དགོས་དོན་མེད། །
འོན་ཀྱང་གལ་སྲིད་ངས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། །
དེ་ནི་ངའི་ཞབས་འདྲེན་ཡིན་པས་ང་རང་ངོ་ཚ་དགོས་པ་ཞིག་རེད། །
རྩོམ་པ་པོ། པཎ་ཆེན་རིན་པོ་ཆེ།
ང་ཨུ་ཡོན་ཀྲང་ལ་བསྡད་མྱོང་ལ་བཙོན་པ་ཡང་བྱ་མྱོང་། །
དཔོན་གནས་ཐོབ་ཤོར་ལ་ངས་སྣང་དོགས་བྱེད་ཀྱིན་མེད །
ངས་སྣང་དོགས་བྱེད་ས་ནི་རང་ཉིད་ཀྱི་མི་རིགས་དང་ཆོས་
ལུགས་ལ་བྱ་བ་མང་པོ་ཞིག་སྒྲུབ་མ་ཐུབ་པ་དེ་ཡིན། །
རྩོམ་པ་པོ། པཎ་ཆེན་རིན་པོ་ཆེ།
བོད་མི་རིགས་ཀྱི་མི་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད། །
རྩོམ་པ་པོ། པཎ་ཆེན་རིན་པོ་ཆེ།
ཁྱེད་ཅག་གིས་ངའི་འདྲ་པར་ལྷ་ཁང་མཆོད་ཁང་དུ་བཤམས་ཏེ་དད་པ་ཡོད་མདོག་གིས་ཕྱག་འབུལ་དང་སྤོས་ཀྱིས་བདུག་པ་ལས། ངའི་ཁར་ཉོན་ལ་བོད་ཡིག་སྦྱོངས།
ཚིག་བརྩིས་ཏེ་བོད་སྐད་ཤོད། ཁ་ལེན་ཚིག་བརྩི་མེད་པའི་དད་པ་དེ་འདྲ་ང་ལ་མི་མཁོ།
སྐྱག་རྫུན་རེད། །
རྩོམ་པ་པོ། པཎ་ཆེན་རིན་པོ་ཆེ།
དགོན་པ་མེད་ན་བཏབ་ཆོག་ལ།
ལྷ་སྐུ་མེད་ན་ལས་ཆོག
དཔེ་ཆ་མེད་ན་དཔར་ཆོག འོན་ཀྱང་།
མང་ཚོགས་ཀྱི་དད་པ་ཉམས་ཚར་དུས་ཡོད་ཚད་མཇུག་རྫོགས་པ་ཡིན། །
རྩོམ་པ་པོ། པཎ་ཆེན་རིན་པོ་ཆེ།
བོད་རྗེས་ལུས་རྣམ་པ་འདི་མ་བསྒྱུར་ན། །
ང་ཤི་ཡང་མིག་མི་བཙུམ། །
རྩོམ་པ་པོ། པཎ་ཆེན་རིན་པོ་ཆེ།
སློབ་གྲ་ཡར་འགྲོ་དུས་བོད་ཡིན་ནི། །
མར་ཡོང་དུས་རུས་པ་བོད་ཡིན་ཡང་བོད་ཀྱི་བྲོ་བ་མེད་པ་ཞིག་མ་བྱེད་རོགས་རེ་བ་ཡིན། །
རྩོམ་པ་པོ། པཎ་ཆེན་རིན་པོ་ཆེ།
ཤ་ཚ་བའི་གཏམ་བླུན་པོས་བཤད་ཀྱང་གསེར་ཡིན། །
གཞི་འཁྲུག་པའི་གནས་ལུགས་མཁས་པས་གསུངས་ཀྱང་དུག་ཡིན། །
རྩོམ་པ་པོ། པཎ་ཆེན་རིན་པོ་ཆེ།
ང་ནི་རྒྱལ་ཁབ་ཤོར་ནས་བྲན་གཡོག་ཏུ་གྱུར་བའི་མི་རིགས་ཤིག་གི་
བརྒྱུད་འཛིན་པ་ཡིན་པས། །
ང་དང་ངའི་མི་རིགས་ལ་རྒྱལ་སྟོན་ཟེར་བ་ཞིག་མེད་ལ། །
རྒྱལ་སྟོན་བྱ་འགུལ་ཟེར་བ་ཞིག་ཀྱང་རྩ་བ་ནས་མེད། །
རྩོམ་པ་པོ། པཎ་ཆེན་རིན་པོ་ཆེ།
ཕ་དམ་པའི་རུས་པ་གསེར་གྱིས་བརྒྱན་མི་ཐུབ་རུང་། །
སྐྲ་དཀར་པོ་སྐྱི་བསེར་རླུང་ལ་མ་སྐུར། །
རྩོམ་པ་པོ། པཎ་ཆེན་རིན་པོ་ཆེ།
རང་གི་ཅ་ནེ་དང་རྐུབ་སྟེགས་ཁོ་ན་བསམ་སྟེ་མི་རིགས་ཀྱི་སྤྱི་དོན་མི་བསམ་ཞིང་བསམ་ཡང་བྱེད་མི་ཕོད་པ་ནི་མི་ཐ་ཤལ་གྱི་གྲས་རེད། །
རྩོམ་པ་པོ། པཎ་ཆེན་རིན་པོ་ཆེ།
སྤྱང་ཀི་དང་འདྲ་བའི་དགྲ་བོ་ལ་ང་མི་སྐྲག །
ཁྱི་དང་འདྲ་བའི་གཉེན་ཉེ་ལ་ང་སྐྲག །
རྩོམ་པ་པོ། པཎ་ཆེན་རིན་པོ་ཆེ།
ང་རང་ལོ་དགུའི་ཐོག་ནས་སྲིད་དོན་གྱི་བྱ་འགུལ་ལ་ཞུགས་པ་དང་། །
ལོ་བཅུ་གཉིས་ཙམ་དུ་རང་ཉིད་ལ་ལྟ་བ་ངེས་ཅན་ཞིག་ཡོད་པས། །
མི་གང་ཡིན་གྱི་སྐད་ཆ་དང་བཀོད་སྒྲིག་དང་ལེན་བྱས་མ་མྱོང་། །
ང་ཨུ་ཡོན་ཀྲང་གི་གོ་གནས་ལ་བསྡད་མྱོང་ལ །
ལོ་དགུ་དང་ཟླ་བ་བརྒྱད་ལ་མུན་ནག་གི་བཙོན་ཁང་འགྲིམས་སྟེ་ཉེས་མེད་ཀྱི་བཙོན་པ་ཡང་བྱེད་མྱོང་། །
འོན་ཀྱང་ཐོབ་ཤོར་དེ་ཙམ་ལ་སྣང་དོགས་བྱེད་མ་མྱོང་། །
ངས་སྣང་དོགས་བྱེད་ས་ནི་བོད་མི་རིགས་ཀྱི་སྐད་དང་ཡི་གེ། །
ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་ལ་ང་རང་འདོད་པའི་ཚིམ་པའི་
བྱ་བ་བསྒྲུབ་མ་ཐུབ་པ་དེ་ཡིན། །
རྩོམ་པ་པོ། པཎ་ཆེན་རིན་པོ་ཆེ།
མི་རིགས་ཀྱི་ལས་བྱེད་པ་ཞིག་ཡིན་ཕྱིན། །
མི་རིགས་ཀྱི་ཆེད་དུ་སྐད་བཤད་ཐུབ་མཁན་ཞིག་ཡིན་དགོས་པ་ལས་ལྕེ་བསྣར་ཏེ་
ཀུན་ལ་ལེགས་སོ་ཞེས་བརྗོད་མཁན་ཞིག་ཡིན་མི་འོས།
དུས་རབས་དེ་ད་ལྟ་མཇུག་རྫོགས་པ་རེད།
རྩོམ་པ་པོ། པཎ་ཆེན་རིན་པོ་ཆེ།
བོད་ཀྱི་བརྡ་སྤྲོད་རིག་པ་སུམ་བཅུ་པའི་འཆད་ཁྲིད་ཀྱི་སྒྲ་ཆ་ཚང་། ཡུལ་ཤུལ་ཚེ་དབང་བཀྲིས།
མཁན་པོ་དགེ་འདུན་རབས་རྒྱས་ཀྱིས་ཁྲིད་མཛད་པའི་ངེས་ཤེས་སྒྲོན་མེའི་སྒྲ་ཆ་ཚང་།
ཕ་དམ་པ་སངས་རྒྱས་ཀྱི་ཞལ་གདམས་དིང་རི་བརྒྱ་རྩ་མ་ཞེས་བྱ་བ་བཞུགས་སོ།
ལྷག་པའི་ལྷ་མཆོག་འཇམ་དཔལ་དཔའ་བོའི་སྒྲུབ་ཐབས་རྒྱུན་ཁྱེར་ཉུང་བསྡུས་ཤེས་རབ་མཆོག་སྦྱིན།