查看原文
其他

རྗེ་བཙུན་མ་སྒྲོལ་མའི་མཆོད་བསྟོད་གསོལ་འདེབས།

👉 TB罗布林卡 2020-02-28
⊰<རྗེ་བཙུན་མ་སྒྲོལ་མའི་མཆོད་བསྟོད་གསོལ་འདེབས>⊱



ཆོས་

དབྱངས།



🙏རྫེ་བཙུན་འཕགས་མ་སྒྲོལ་མའི་མཆོད་བསྟོད།🙏

པོ་ཏ་ཡི་གནས་མཆོག་ན། །

ཏཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང་། །

ཏཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། །

སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །

ལྷ་དང་ལྷ་མིན་ཅོད་པཎ་གྱིས། །

ཞབས་ཀྱི་པདྨོ་ལ་བཏུད་ཅིང་། །

ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །

སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །

ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ།


རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། །

འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱབས་ཏུ་གསོལ། །

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གསུངས་སོ། །

ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ།


དགེ་བ་འདི་ཡིས་མྱུར་དུ་བདག །

འཕགས་མ་སྒྲོལ་མ་འགྲུབ་གྱུར་ནས། །

འགྲོ་བ་གཅིག་ཀྱང་མ་ལུས་པ། །

ཁྱེད་ཀྱི་ས་ལ་འཁོད་པར་ཤོག། །

                                                   

  འཕྲིན་སྟེགས་འོས་སྦྱོར།  


    您可能也对以下帖子感兴趣

    文章有问题?点此查看未经处理的缓存