查看原文
其他

རྒྱལ་རོང་བུ་མོ་སྒྲོལ་དཀར་གྱིས་རང་སྐད་གལ་ཆེ་ཚུལ་གླེང་གཏམ་ཚ་ཤོས།

TB罗布林卡 2020-02-28

    

རྒྱལ་རོང་བུ་མོ་ཞིག་གིས་རང་སྐད་རང་ཡིག་གལ་ཆེ་ཚུལ་གྱི་གླེང་གཏམ།
https://v.qq.com/txp/iframe/player.html?vid=q0656o55let&width=500&height=375&auto=0

རྒྱལ་རོང་བུ་མོའི་སྙིང་གཏམ།

འབར་ཁམས་གྲོང་ཁྱེར་སློབ་འབྲིང་གཉིས་པའི་སློབ་མ་སྒྲོལ་དཀར་གྱི་གཏམ་བཤད།

       དགེ་རྒན་རྣམ་པ། ངའི་སློབ་གྲོགས་ཚོ།  ཨ་ཁུ་ཨ་ནེ་ཨ་ཇོ་ཨ་ཅེ་ཚང་མ་མལ་ས་ཨེ་བདེ།         ང་ནི་འབར་ཁམས་གྲོང་ཁྱེར་སློབ་འབྲིང་གཉིས་པའི་སློབ་མ་སྒྲོལ་དཀར་ཡིན། དེ་རིང་སྐལ་བཟང་གི་ཉི་མ་ལ། རང་སྐད་མི་བརྗེད་པའི་ཆེད། སྐད་ཆ་ཚིག་གཅིག་གཉིས་རེ་བཤད།   དངོས་གནས་དྲང་གནས་དེང་སང་ན་གཞོན་དག་ཐག་རིང་ལ་འགྲོ་མཁན་དག་དག་རེད། ཕྱི་ལོག་ཏུ་སོང་དུས་རང་སྐད་མི་བཤད། རྒྱ་སྐད་དག་དག་བཤད། ཅི་རེད་ཟེར་ན། རང་སྐད་མི་སྙན། བེད་སྤྱོད་མི་འདུག ཆོད་མི་འདུག་བསམ་གྱིན་འདུག       

       རྒྱ་སྐད་ནི་སྙན་པོ། བེད་སྤྱོད་ཆེ་ལ། ཆོད་ཆེན་པོ་ཡོད་པར་བསམ་ཡོད་པ་རེད། ག་ལེ་ག་ལེར་རང་སྐད་ཚང་མ་བརྗེད་། དངོས་གནས་དེ་འདྲ་འགྲིག་ནི་མ་རེད་འོ། ཕྱི་ལོག་སློབ་གྲྭ་དག་ན་བོད་ཡིག་སྦྱང་མཁན་དག་དག་རེད། བོད་མི་རིགས་ཞིག་ཡིན་དུས་རང་གི་སྐད་ཡིག་ཡར་རྒྱས་གཏོང་ལ་མ་བརྗེད་པར་བྱ་དགོས། སྐབས་འདིར་ཞུ་རྒྱུ་ཞིག་ཡོད། ངའི་ཨ་ནེས་གནས་ཚུལ་ཞིག་བཤད་སོང་།  ཕྱི་ལོག་གི་དགེ་རྒན་ཞིག་འབར་ཁམས་གྲོང་ཁྱེར་{སློབ་གྲྭར་}དུ་ལྟ་རྟོག་ཏུ་འོང་།  དགེ་རྒན་གྱིས་སློབ་མ་གསུམ་བཞི་ལ་མཛུག་གུ་བཙུགས་ནས་ཡར་བོས། རྟོག་ཞིབ་འགོ་བརྩམ་ནས་དགེ་རྒན་གྱིས་སློབ་མ་ལ་འདི་འདྲ་ཟེར་།  སློབ་ཕྲུག་ཚོ། འོ། འདི་ནི་བོད་པའི་ས་ཆ་རེད། སློབ་མ་ཚོའི་མིང་ནི་བོད་མིང་དག་དག་རེད། ཁྱོད་ཚོས་བོད་སྐད་ཅིག་ཤོད་དང་ཟེར།        

      ཡིན་ནའང་བུ་ཕྲུག་ཚོས་བོད་སྐད་ཤེས་མཁན་གཅིག་ཀྱང་མི་འདུག རྟོག་ཞིབ་པ་ཚོའི་ག་འདྲ་དྲན་ཡོད་མེད་མི་ཤེས་སྟེ། ངའི་དེ་འདྲའི་སྐད་ཆ་གོ་ཡོང་དུས། སེམས་ཧ་ཅང་ཕམ་བྱུང་། དངོས་གནས་བྱས་ན་དེང་སང་རང་སྐད་ཞེན་ལོག་བྱེད་དགོས་ཡ་མི་འདུག། རང་རེའི་སྐད་ནི་བོད་སྔ་རབས་པའི་སྐད་རེད། དེང་སང་སྔ་རབས་པའི་སྐད་བཤད་ཐུབ་རྒྱུ་ནི་རང་རེས་བསོད་ནམས་རེད། རང་རེའི་སྔ་རབས་པའི་སྐད་ནི་ཡར་རྒྱས་གཏོང་དགོས་ལ་བརྗེད་མི་ཉན།  རང་ཅག་་འབར་ཁམས་ན་ཨ་མ་འགའ་རེས་རང་སྐད་བཤད་རྒྱུའི་ཁོར་ཡུག་མི་འདུག་ཟེར། འབྲོག་པ་ཚོ་ཕྱི་རྒྱལ་ན་སླེབས་རུང་། ཕྱི་སྐད་ལོས་བཤད་སྟེ་རང་སྐད་མི་ཤེས་མཁན་བུ་ཕྲུ་ཡན་ཆད་གཅིག་ཀྱང་མེད། སྐད་ཤེས་མི་ཤེས་ཁོར་ཡུག་ལ་རག་མི་ལས། གཙོ་བོ་དེ་ཕ་མ་ལ་རག་འདུག དངོས་གནས་དྲང་གནས་གཟུར་གནས་ཅན་གྱི་བྱམས་ལྡན་ཨ་མ་ལགས། བུ་ཕྲུ་ལ་སྐད་ཡིག་ཤེས་སུ་འཇུག་དགོས་ལ་བརྗེད་མི་ཉན་ཞེས་སློབ་གསོ་རྒྱག་དགོས་སྟེ། ཕ་མ་འགའ་རེས་བུ་ཕྲུག་ལ་སློབ་གསོ་མི་རྒྱག བུ་ཕྲུག་ལ་རྒྱ་སྐད་བཤད། རྒྱ་སྐད་བསླབ། རང་སྐད་ཡལ་བར་དོར། རང་རེས་རྒྱལ་ཁབ་ཀྱི་སྲིད་འཛིན་ཞི་ཅིན་ཕིང་གིས་སྲིད་ཇུས་བཏོན་པ་ལ། རང་སྐད་མ་བརྗེད། སྐད་ཡིག་བསྐྱར་དར་དགོས་པའི་སྒྲིག་ལམ་ཡོད། དེ་འདྲ་ཡིན་དུས་རང་རེས་སློབ་མ་ཚོས་ཧུར་བརྩོན་བྱ་དགོས་ལ། རང་སྐད་ཡར་རྒྱས་གཏང་དགོས།         

       ང་བོད་པའི་བུ་མོ་ཡིན། ངའི་མིང་བོད་མིང་ཡིན། ང་ཡི་མིང་ལ་སྒྲོལ་དཀར་ཟེར། ང་བོད་ལྭ་གྱོན་པར་དགའ། ང་བོད་སྐད་བཤད་ལ་དགའ། ང་བོད་ཕྲུག་ཞིག་ཡིན་པ་ཧ་ཅང་སྤྲོ། ས་ཆ་ཡོད། མི་སེར་ཡོད། སྐད་ཡིག་ཡོད་ན་འཕྱོར་༼མཛེས༽བཟང་།          ས་ཆ་ཡོད། མི་སེར་ཡོད། སྐད་ཡིག་མེད་ན་འཕྱོར་ཡག་ནི་མ་རེད། དེ་ནི་མ་བཟང་ངོ་།           གྲོགས་པོ་རྣམ་པ། སློབ་གྲོགས་ཚོ། ཨ་ཁུ་ཨ་ནེ་ཨ་ཇོ་ཨ་ཅེ་ཚང་མས་ཧུར་བརྩོན་གྱིས་ལ་རེམས་རེམས།                         

 ཡིག་ཕབ་པ། དགེ་རྒན་ཆུང་ཆུང་།

རྒྱལ་མོ་ཚ་བ་རོང་པ།

གཞས་མ། བསྟན་པ་དབང་མོ།


སྔོན་མའི་ལེ་ཚན་འོས་སྦྱོར།

👇ལྟ་ཐབས་འཇུག་སྒོ།👇

རྒྱ་གར་གློག་བརྙན་བསྡུ་བསྒྲིགས།(གནོན།)རྒྱ་གར་བརྩེ་གཞས་སྐད་གྲགས་ཅན།(གནོན།)རྒྱ་གར་མཛེས་མ་སྐད་གྲགས་ཅན།(གནོན།)རྒྱ་གར་བརྩེ་གཞས་སྐད་གྲགས་ཅན།(གནོན།)སངས་རྒྱས་བོད་སྐད་གློོག་བརྙན།(གནོན།)རྒྱ་གར་གློག་བརྙན་སྐད་གྲགས་ཅན།༡༠(གནོན།)རྒྱ་གར་འཁྲབ་སྟོན་པ་གྲགས་ཅན།༡༠(གནོན།)རྒྱ་གར་བརྩེ་གཞས་སྐད་གྲགས་ཅན།(གནོན།)

爱情热线

བརྩེ་དུང་གི་ཚོམས།

    您可能也对以下帖子感兴趣

    文章有问题?点此查看未经处理的缓存