//
རྣམ་དག་ཚུལ་ཁྲིམས་གཙང་མའི་ཐུགས་རྒྱུད་མཛེས།།
བཅུ་ཕྲག་རིག་པའི་གནས་ལ་བློ་གྲོས་ཡངས།།
ཉམ་ཐག་སྐྱེ་དགུའི་མགོན་གྱུར་དགེ་བའི་བཤེས།།
ལྷོ་གླིང་འཛིམ་མའི་ཁྱོམ་དུ་འཚོ་བཞེས་གསོལ།།
༄༅།། མཁན་ཆེན་དམ་པ་ཚུལ་ཁྲིམས་བློ་གྲོས་
མཆོག་གི་གསོལ་འདེབས་དད་པའི་
མཛེས་རྒྱན་བཞུགས།
མདོ་སྔགས་ཆོས་ཀྱི་ཆུ་བོ་མ་ལུས་པ། །
མཁྱེན་པའི་རྒྱ་མཚོ་གཅིག་ཏུ་འཁྱིལ་བ་ཡི། །
འཇམ་དཔལ་དབྱངས་དངོས་མི་ཕམ་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །
མགོན་དེའི་ཐུགས་ཀའི་དམར་སེར་དྷཱི་ཡིག་གི །
འཕྲིན་ལས་འོད་ཟེར་གདུལ་བྱའི་དཔལ་དུ་ཤར། །
འབྲེལ་ཚད་དོན་ལྡན་ཡིད་བཞིན་ནོར་བུ་ཡི། །
བྱིན་རླབས་འོད་ཀྱིས་ཚེ་རབས་ཀུན་ཏུ་སྐྱོངས། །
རྣམ་དག་ཚུ༷ལ་ཁྲི༷མས་དཔག་བསམ་ལྗོན་པ་ལ། །
ཐོས་བསམ་སྒོམ་པའི་བློ༷་གྲོ༷ས་ཡལ་འདབ་རྒྱས། །
གངས་ལྗོངས་འཆི་མེད་ལྷ་ཡི་སྐྱེད་ཚལ་གྱི། །
ལྟོས་བཅས་འགྲོ་བའི་མགོན་དེར་གསོལ་བ་འདེབས། །
ཡོན་ཏན་ལང་ཚོ་གཞན་དང་མི་མཉམ་པའི། །
ཐུགས་བསྐྱེད་དུས་བབས་པདྨ་དཀར་པོ་ཁྱེད། །
མདོ་ཁམས་ཏྲེ་ཤོད་འཛིན་མའི་བསོད་ནམས་ཀྱིས། །
ཐུབ་བསྟན་སྨན་ལྗོངས་མཛེས་པའི་རྒྱན་དུ་འཁྲུངས། །
གསང་ཆེན་དབེན་པའི་རི་ངོགས་ཉམས་དགའ་བར། །
སྐྱབས་མཆོག་བླ་མ་འཇམ་པའི་རྡོ་རྗེའི་ཞབས། །
མཉེས་པ་གསུམ་གྱིས་བསྟེན་ནས་ཐུགས་དགོངས་ལོན། །
ཤེས་བྱའི་ཆོས་ལ་རྨོངས་པ་མཐའ་ནས་སངས། །
མགོན་དེའི་སྒྲིབ་མེད་མཁྱེན་པའི་ཡེ་ཤེས་ཀྱིས། །
འབྱུང་འགྱུར་བསྟན་འགྲོའི་དཔལ་དུ་ཡོངས་གཟིགས་ནས། །
སྔ་འགྱུར་བསྟན་པའི་བདག་པོ་བསམ་ཡས་པ། །
ཚུལ་ཁྲིམས་བློ་གྲོས་མཆོག་གི་མཚན་དེ་གསོལ། །
གངས་དཀར་རི་བོས་བསྐོར་བའི་རྒྱལ་ཁམས་ནས། །
བསླབ་གསུམ་ཡོན་ཏན་ཡོངས་སུ་རྫོགས་པ་ལས །
འཕྲིན་ལས་དྲི་བསུང་གོ་ལའི་འགྲོས་དང་འབྲེལ། །
ཤར་ནུབ་རྒྱ་མཚོ་ཆེན་པོའི་མཐའ་ལས་བརྒལ། །
ངུར་སྨྲིག་རྒྱན་གྱིས་མཛེས་པའི་ཀུན་སྤྱོད་དག །
བསྟན་དང་འགྲོ་ལ་ཕན་པའི་ལྷག་བསམ་གཙང་། །
མདོ་སྔགས་ཤེས་བྱ་རིག་པའི་གནས་ལ་དབང་། །
ཐར་བའི་ལམ་སྟོན་མཆོག་དེར་གསོལ་བ་འདེབས། །
འཇིགས་རུང་ཁྲག་གི་ཡུར་ཆུ་བཞུར་ས་ན། །
སྡུག་བསྔལ་མཆི་མ་འཁྲིགས་པའི་སེམས་ཅན་གྱི། །
སྲོག་གི་གཤེད་དུ་བརྡར་བའི་རལ་གྲིའི་སོ། །
སྙིང་རྗེའི་ཕྱག་གིས་བཀག་པའི་གྲངས་མི་ཟིན། །
མཐོན་པོའི་གསེར་ཁྲིའི་ཁ་ན་ཁྱེད་ཉིད་མེད། །
འབྱོར་ཕྱུག་འདུ་ལོང་དབུས་ནས་ཁྱེད་མི་མཇལ། །
དམར་ནག་འདམ་རྫབ་གཡོ་བའི་ར་བ་ན། །
ཉམ་ཐག་འགྲོ་བ་འདྲེན་པའི་མགོན་དུ་རྟག །
ལྷ་ཡིས་གནང་བའི་ངུར་སྨྲིག་ན་བཟའི་གོས། །
འཚེ་མེད་དྲང་སྲོང་ཆེན་པོའི་ཆ་ལུགས་དེ། །
སྐྱབས་མེད་འགྲོ་བ་གང་ན་ཡོད་པའི་སར། །
མཐོང་བ་ཁྱེད་འདྲའི་སྐུ་ལ་ལྷག་ཏུ་མཛའ། །
རིང་པོའི་ལོ་ཟླའི་ཁྲོད་ཀྱི་ལུས་སེམས་ཀུན། །
སྙིང་རྗེ་ཉག་མ་གཅིག་གིས་གསོས་པ་ཡི། །
སེམས་དཔའ་ཁྱེད་ཀྱི་ཕྱག་གི་བརྐྱང་བསྐུམ་ཡན། །
མཐའ་དག་འགྲོ་བའི་དོན་དུ་མ་གྱུར་གང་། །
དག་པ་ལྷ་ཡི་ཞིང་ནས་ཕེབས་ཚུལ་སོགས། །
ལྐོག་གྱུར་སྐྱེས་རབས་མང་པོ་མི་ཤེས་ཀྱང་། །
མངོན་གྱུར་ཡོན་ཏན་དེ་ཡིས་དད་གུས་འཕེལ། །
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས །
གངས་ཅན་བཅུ་ཕྲག་རིག་པའི་ཁང་བཟང་དེ། །
ཆར་དང་རླུང་གིས་འཐོར་ལ་ཉེ་བའི་དུས། །
འཆད་རྩོད་རྩོམ་པའི་ཐབས་ཀྱིས་འཛིན་མཁས་ཁྱེད། །
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས། །
ལུགས་གཉིས་མཛད་པ་གང་དང་གང་ལ་ཡང་། །
རང་འདོད་ཉེས་པ་ཕྲ་མོས་མ་གོས་པར། །
སུ་ཡིས་བརྟགས་ཀྱང་སྐྱོན་དང་བྲལ་བ་ཁྱེད། །
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས། །
ཆོས་ཀྱི་རྒྱལ་པོ་དག་པའི་ཞིང་དུ་ཕེབས། །
སྐལ་བཟང་སློབ་མའི་རེ་བའི་སེམས་ཀྱི་རྟེན། །
བསྟན་པའི་གཞི་མ་སྐྱོང་བའི་བརྒྱུད་འཛིན་ཁྱེད། །
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས། །
བླུན་རྨོངས་གཅན་གཟན་གཏུམ་པོའི་འཚོ་བ་བཞིན། །
ཤ་ཁྲག་ཟས་ལ་རྔམ་པའི་ཡུལ་ལྗོངས་འདིར། །
དཀར་ཟས་གཙང་མའི་སྲོལ་བཟང་སྤེལ་མཁན་ཁྱེད། །
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས། །
ཕྱི་ཡི་ལོངས་སྤྱོད་ཅི་ཙམ་འཕེལ་བ་བཞིན། །
ནང་གི་ངེས་འབྱུང་ཤུགས་ཀྱིས་སྲབ་པའི་དུས། །
འཁོར་བའི་རང་མཚང་གཏིང་ནས་རིག་པ་ཁྱེད། །
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས། །
ཐེག་ཆེན་ཆོས་ཀྱི་གྲལ་དུ་ཞུགས་ན་ཡང་། །
ཉམས་ལེན་གནད་ལ་སློབ་མཁན་ཉུང་བའི་དུས། །
བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གང་བ་ཁྱེད། །
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས། །
མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ལམ་གྱི་གསང་། །
བློ་ལས་འདས་པ་ཆོས་ཉིད་ཟབ་མོའི་དོན། །
མཁྱེན་པའི་ཉི་མ་སྙིང་ནས་ཤར་བ་ཁྱེད། །
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས། །
བསྐྱེད་རྫོགས་གདམས་པའི་ཟབ་གནད་མི་ཤེས་པར། །
དབང་ལུང་ཆོས་ཀྱི་ཐོབ་གྲངས་གསོག་པའི་དུས། །
ལྟ་སྒོམ་སྤྱོད་པའི་གནད་གསང་སྟོན་མཁན་ཁྱེད། །
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས། །
ཐེག་པའི་ཡང་རྩེ་འོད་གསལ་རྫོགས་པ་ཆེའི། །
རྩོལ་མེད་ལམ་གྱི་འཕྲིན་ལས་མྱུར་བའི་དུས། །
དོན་བརྒྱུད་བྱིན་རླབས་རྟོགས་པའི་འབྱུང་གནས་ཁྱེད། །
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས། །
ཟབ་དགུའི་གདམས་ངག་མང་དུ་གནང་ན་ཡང་། །
འདོད་འབྱུང་ནོར་བུ་འདྲ་བའི་བྱང་ཆུབ་སེམས། །
བདག་འཛིན་སེམས་ཀྱི་གཉེན་པོར་འགྲོ་དཀའ་བས། །
ད་དུང་ཐུགས་རྗེས་སྐྱོངས་ཤིག་བླ་མ་རྗེ། །
གོམས་པའི་དབང་གིས་གང་སར་རྒྱུག་པ་ཡི། །
རྟ་རྒོད་ལོང་བ་འདྲ་བའི་རྣམ་རྟོག་འདི། །
མཉམ་པར་བཞག་ཀྱང་བཀོལ་དུ་མི་བཏུབ་པས། །
བྱིན་རླབས་ཞགས་པས་ཆོངས་ཤིག་བླ་མ་རྗེ། །
ཐེ་ཚོམ་མུན་པ་མཐའ་ནས་སངས་བ་ཡི། །
ཉ་གང་ཟླ་བ་འདྲ་བའི་རྟོགས་པ་ཞིག །
མྱུར་དུ་སེམས་ཀྱི་ནམ་མཁར་ཤར་བ་ལ། །
བཙན་ཐབས་དགོངས་པ་སྤོར་ཅིག་བླ་མ་རྗེ། །
བར་ཆད་འཕྲང་ལས་བཟུར་ཐབས་མི་ཤེས་པའི། །
ལམ་ཁའི་སྲིན་བུ་འདྲ་བའི་རྨོངས་པ་བདག །
འགལ་རྐྱེན་ལོག་པའི་ལམ་དུ་འགྲོ་སྲིད་ན། །
བརྩེ་བའི་ཕྱག་གིས་སྐྱོབས་ཤིག་བླ་མ་རྗེ། །
ནམ་འོང་འདིར་འོང་ཆ་འཇོག་མེད་པ་ཡི། །
ནམ་མཁའི་ཐོག་དང་འདྲ་བའི་འཆི་བདག་བདུད། །
ཉམ་ཆུང་སྲོག་གི་གཤེད་དུ་བབ་པའི་ཉིན། །
འདྲེན་པའི་དེད་དཔོན་མཛོད་ཅིག་བླ་མ་རྗེ། །
འདི་དང་ཕྱི་མ་བར་དོའི་གནས་སྐབས་དང་། །
སྐྱིད་སྡུག་ལེགས་ཉེས་ལས་བསྐོས་གར་བབས་ཀྱང་། །
མགོན་པོ་གང་ལས་སྐྱབས་གཞན་མི་འདུག་པས། །
འབྲལ་མེད་ཐུགས་རྗེས་གཟིགས་ཤིག་བླ་མ་རྗེ། །
མཁྱེན་རྟོགས་འོད་ཀྱིས་མཛེས་པའི་ཟླ་བ་དེ། །
གང་དུ་སོང་ཡང་ཀུན་གྱི་གཙུག་གི་རྒྱན། །
ང་ཅག་ལྟོས་བཅས་སྐྱེ་འགྲོའི་སྐྱབས་གནས་སུ། །
བསྐལ་བ་རྒྱ་མཚོའི་བར་དུ་ཞབས་བརྟན་ཤོག །
ངན་སྤྱོད་སྣ་དགུས་མ་མོ་འཁྲུགས་པ་ལས། །
བཅོས་མེད་ནད་ཀྱིས་འཛམ་གླིང་ཕོངས་བའི་དུས། །
འབད་པ་བརྒྱ་ཡིས་འགོག་པའི་ལྷག་བསམ་ཅན། །
མགོན་མེད་སྐྱེ་བོའི་གཉེན་དུ་ཞབས་བརྟན་ཤོག །
འདྲ་མིན་སྐད་དང་ཡིག་རིགས་འདྲེས་པ་ལས། །
ལུགས་གཉིས་སྲོལ་ཁའི་རྨང་རྡོ་བཤིག་པས་ན། །
རང་སྐད་གཙང་མའི་ཆུ་རྒྱུན་མཐུད་པའི་མགོན། །
བཅུ་ཕྲག་རིག་པའི་བདག་པོར་ཞབས་བརྟན་ཤོག །
གངས་ལྗོངས་མདོ་སྔགས་ཆོས་ཀྱི་དགའ་ཚལ་དེ། །
ཟུངས་ཟད་ནད་པ་བཞིན་དུ་གྱུར་དུས་འདིར། །
སྣ་ཚོགས་ཐབས་ཀྱིས་འབད་པའི་བསྟན་འཛིན་མཆོག །
ཐུབ་བསྟན་མཛེས་པའི་རྒྱན་དུ་ཞབས་བརྟན་ཤོག །
གནའ་དེང་རིག་པའི་མཐའ་རྒྱ་མ་ཆོད་པར། །
ཐོས་ཆུང་ལོག་པར་སྨྲ་བ་མང་བའི་དུས། །
ཡིན་མིན་དྲང་ཤན་འབྱེད་ལ་ཚངས་པའི་ཐིག །
ལེགས་བཤད་རྒྱ་མཚོའི་གཏེར་དུ་ཞབས་བརྟན་ཤོག །
འཇམ་དཔལ་དབྱངས་དངོས་བློ་གྲོས་མཚུངས་མེད་རྗེའི། །
ཐུགས་བསྐྱེད་མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ། །
འཕྲིན་ལས་གང་སར་སྤེལ་བའི་བྱེད་པོ་ཁྱེད། །
བསྟན་དང་འགྲོ་བའི་དཔལ་དུ་ཞབས་བརྟན་ཤོག །
བདག་སོགས་ཆོས་མེད་འཁོར་བའི་སེམས་ཅན་ལ། །
བླང་དོར་ལམ་གྱི་སྣང་བ་གསལ་བ་ཡི། །
སྤྱི་བོའི་གཙུག་གི་ཉི་མ་ཁྱེད་ཡིན་པས། །
ཐར་འདོད་དད་པའི་རྟེན་དུ་ཞབས་བརྟན་ཤོག །
བསླུ་མེད་རིན་ཆེན་གསུམ་གྱི་བདེན་པ་དང་། །
རྩ་གསུམ་དམ་ཅན་སྲུང་མའི་བྱིན་རླབས་ཀྱིས། །
མཚུངས་མེད་བླ་མའི་ཞབས་པད་ཡུན་བརྟན་ཞིང་། །
མཛད་འཕྲིན་སྣང་བས་ཞིང་འདི་མཛེས་གྱུར་ཅིག །
ཅེས་པ་འདི་ཆོས་རྗེ་བླ་མ་བཀའ་དྲིན་ཅན་གྱི་ཉེ་གནས་དམ་པ་བསོད་དོན་སོགས་དབེན་གནས་བླ་མ་ལུང་གི་སྒྲུབ་སྡེར་བཞུགས་པའི་གྲྭ་འཁོར་དག་གི་ཐུགས་བཞེད་ལྟར། བཅུ་ཕྲག་རིག་པའི་མངའ་བདག་མཁན་ཆེན་དམ་པ་མཆོག་ཉིད་སྐུ་ཚེ་ཡུན་དུ་བརྟན་ཞིང་། མཛད་འཕྲིན་ཕྱོགས་མཐར་རྒྱས་པའི་ཤིས་སྨོན་དུ་དད་ཅིང་གུས་པའི་བློས་བླ་རུང་ཆོས་སྡེ་ཆེན་པོའི་སྐྱབས་འོག་པ་འཆི་མེད་རིག་འཛིན་གྱིས་བྱང་པ་རྡོ་རྗེ་བྲག་གི་དགོན་གནས་སུ་སྨྲས་པ་བཞིན་མཁན་མཆོག་གྲུབ་ལ་ཡི་གེར་ཕབ་ཏུ་བཅུག་པ་དགེ། ༢༠༢༢ ༨ ༡༠
11-25རྒྱལ་སྤྱིའི་དཀར་ཟས་ཉིན་མོ།
ཉེར་གཅིག་དུས་རབས་ཁྲ་ཁྲའི་འཇིག་རྟེན་འདིར། །
སྣ་མང་ཤེས་བྱ་དགོས་དགུ་མང་མོད་ཀྱང་། །
བྱམས་བརྩེའི་གྲུ་ཆར་མེད་ན་སྡོང་སྐམ་ལྟར། །
རིགས་མཐུན་གཞན་གྱི་གྲལ་ནས་ངང་གིས་ཤི། །
ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས། མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད། གང་ཞེ་ན། འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད། དེའི་ཕྱིར་ངེད་༼བྱམས་བརྩེའི་གྲུ་ཆར་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་སྤྱི་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།
སྤྱི་སྟེགས་གཙོ་སྐྱོང་པ་དུས་ཀྱི་ཕོ་ཉ།
ངལ་བ་ཁྱད་དུ་བསད་ནས་ཡུན་རིང་འབད་པའི་སྒྲ་ཡིག་སོགས་རང་གར་བརྐུ་ཁྱེར་མ་མཛད་རོགས།
【慈悲细雨平台】
ཉེར་གཅིག་དུས་རབས་ཁྲ་ཁྲའི་འཇིག་རྟེན་འདིར། །
སྣ་མང་ཤེས་བྱ་དགོས་དགུ་མང་མོད་ཀྱང་། །
བྱམས་བརྩེའི་གྲུ་ཆར་མེད་ན་སྡོང་སྐམ་ལྟར། །
རིགས་མཐུན་གཞན་གྱི་གྲལ་ནས་ངང་གིས་ཤི། །
ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས། མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད། གང་ཞེ་ན། འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད། དེའི་ཕྱིར་ངེད་༼བྱམས་བརྩེའི་གྲུ་ཆར་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་སྤྱི་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།
སྤྱི་སྟེགས་གཙོ་གཉེར་པ་དུས་ཀྱི་ཕོ་ཉ།
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【1】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【2】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【3】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【4】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【5】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【6】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【7】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【8】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【9】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【10】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【11】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【12】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【13】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【14】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【15】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【16】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【17】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【18】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【19】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【20】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【21】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【22】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【23】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【24】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【25】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【26】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【27】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【28】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【29】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【30】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【31】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【32】
རྒྱལ་རབས་དེབ་ཐེར་དཀར་པོ། འཆད་ཁྲིད་པ། གུར་མགོན་སྐྱབས། སྒྲ།【33】
འགོས་ལོའི་དེབ་ཐེར་སྔོན་པོ། འཆད་ཁྲིད་པ། མཁན་དགེ་དཔལ།【1】
འགོས་ལོའི་དེབ་ཐེར་སྔོན་པོ། འཆད་ཁྲིད་པ། མཁན་དགེ་དཔལ།【2】
འགོས་ལོའི་དེབ་ཐེར་སྔོན་པོ། འཆད་ཁྲིད་པ། མཁན་དགེ་དཔལ།【3】
འགོས་ལོའི་དེབ་ཐེར་སྔོན་པོ། འཆད་ཁྲིད་པ། མཁན་དགེ་དཔལ།【4】
འགོས་ལོའི་དེབ་ཐེར་སྔོན་པོ། འཆད་ཁྲིད་པ། མཁན་དགེ་དཔལ།【5】
འགོས་ལོའི་དེབ་ཐེར་སྔོན་པོ། འཆད་ཁྲིད་པ། མཁན་དགེ་དཔལ།【6】
འགོས་ལོའི་དེབ་ཐེར་སྔོན་པོ། འཆད་ཁྲིད་པ། མཁན་དགེ་དཔལ།【7】
འགོས་ལོའི་དེབ་ཐེར་སྔོན་པོ། འཆད་ཁྲིད་པ། མཁན་དགེ་དཔལ།【8】
འགོས་ལོའི་དེབ་ཐེར་སྔོན་པོ། འཆད་ཁྲིད་པ། མཁན་དགེ་དཔལ།【9】
འགོས་ལོའི་དེབ་ཐེར་སྔོན་པོ། འཆད་ཁྲིད་པ། མཁན་དགེ་དཔལ།【10】
བྱམས་བརྩེའི་གྲུ་ཆར་གྱིས་སྤེལ་ཟིན་དྲ་ཚིག
༼ 慈悲细雨!༽
སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་ལེའུ། བརྙན་ཆ་ཚང་།@慈悲细雨平台
https://mp.weixin.qq.com/s/zM0C5d0CBy-JVFqAc3mtGw
འཛམ་གླིང་ཤར་ནུབ་ཀྱི་གནའ་དེང་རིག་པའི་རྣམ་གཞགསྒྲ་ཆ་ཚང་།
https://mp.weixin.qq.com/s/M4CSuZX7r8UcxloQOYSrBQ?from=singlemessage&isappinstalled=0
ཡིག་བསྐུར་གྱི་རྣམ་བཞག་སྒྲ་ཆ་ཚང་།མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
https://mp.weixin.qq.com/s/OJTPPEIa6Bf51kqp6oPbIg?from=singlemessage&isappinstalled=0
མཁན་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་།ནད་ཐོག་མེ་བཙའ་གསར་རུ་སྣང་སྐྱིད་དང་དགེན་མགོ་འཐོམ་ཚོའི་ལན་རེ་གསོན།
https://mp.weixin.qq.com/s/C961UJGs2nwrRZMSpH73vQ?from=singlemessage&isappinstalled=0
གསོལ་འདེབས་དབྱངསུ་གྱེར་བ།ཚུལ་ཁྲིམས་བློ་གྲོས།祈祷文唱诵,慈诚罗珠堪布བརྙན།
https://mp.weixin.qq.com/s/vBQsCcNXi2CEkraQvqnPrA
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་ཀུན་བཟང་བླ་མའི་ཞལ་ལུང་ལས་ཐུན་མོང་ཕྱི་ཡི་སྔོན་འགྲོའི་སྒྲ་ཆ་ཚང་།
https://mp.weixin.qq.com/s/hMrYNynPsls91y61Wm337w?scene=25#wechat_redirect
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་ཀུན་བཟང་བླ་མའི་ཞལ་ལུང་ལས་ཐུན་མིན་ནང་གི་སྔོན་འགྲོའི་སྒྲ་ཆ་ཚང་།
https://mp.weixin.qq.com/s/dQgzKuts6qCvgmXo7VQYFA
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཉེ་ཆར་བྱུང་བའི་སྐྱེ་བ་ཕྱི་དྲན་པའི་སྒྲ་ཆ་ཚང་།
https://mp.weixin.qq.com/s/HKb4_Q-Xb1nVVKgjlWuQ6g
ནང་བསྟན་དང་ཚན་རིག་བར་གྱི་དམིགས་བསལ་གྱི་འཆད་ཁྲིད། བརྙན་ཆ་ཚང་།
https://mp.weixin.qq.com/s/LWBprpqBidvKNKOgza7ueQ
2019ལོར་ནང་བསྟན་དང་ཚན་རིག་བར་གྱི་དམིཊ་བསལ་གྱི་འཆད་ཁྲིད།སྒྲ།
https://mp.weixin.qq.com/s/s_AO0NEqJWSsuSh8v4dETw
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཉེ་ཆར་བྱུང་བའི་སྐྱེ་བ་ཕྱི་དྲན་པའི་སྒྲ་ཆ་ཚང་།
https://mp.weixin.qq.com/s/HKb4_Q-Xb1nVVKgjlWuQ6g
ནང་བསྟན་དང་ཚན་རིག་བར་གྱི་དམིགས་བསལ་གྱི་འཆད་ཁྲིད། བརྙན་ཆ་ཚང་།
https://mp.weixin.qq.com/s/LWBprpqBidvKNKOgza7ueQ
2019ལོར་ནང་བསྟན་དང་ཚན་རིག་བར་གྱི་དམིཊ་བསལ་གྱི་འཆད་ཁྲིད།སྒྲ།
https://mp.weixin.qq.com/s/s_AO0NEqJWSsuSh8v4dETw
བྱང་སེམས་སྤྱོད་འཇུག་ལྗག་ཁྲིད། སྒྲ་ཆ་ཚང་།
https://mp.weixin.qq.com/s/BBdXDNRAtYlLqXsd_chPcw
ཚིག་མཛོད་རིག་པའི་སྒྲ།མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གསུངས།
https://mp.weixin.qq.com/s/a6bMjNdhxLAnKfTROOfBcg
རྒྱལ་པོ་ལུཊ་ཀྱི་བསྟན་བཅོས་བཀའ་ཁྲིད།【ཆ་ཚང་།】ཚུལ་ཁྲིམས་བློ་གྲོས།
https://mp.weixin.qq.com/s/kHitk5W4u4u6-v4CpqBKDQ
2021ལོའི་བྱང་སེམས་སྤྱོད་འཇུག་ཐོགས་འགྲེལ་བཀའ་ཁྲིད་ཆ་ཚང་།
https://mp.weixin.qq.com/s/_9zmYfRd2uPDFCDw3iSthw
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།【ཆ་ཚང་།】མཁན་དགེ་དཔལ།
https://mp.weixin.qq.com/s/oQCvJQmzfGP1-OazxVGIcQ
བདེ་ཆེན་ཞིང་སྦྱོང་དྲང་སྲོང་ལུང་གི་ཉི་མ།【ཆ་ཚང་།】
https://mp.weixin.qq.com/s/DMuivjz9VUE_QtXBf1swUw
ཆོས་རྗེ་བླ་མའི་ཞལ་ཆེམས་ཚིག་གསུམ།
https://mp.weixin.qq.com/s/SDomy8ESAa-0-M01C4MrdA?from=singlemessage&isappinstalled=0
མཁན་པོ་འཆི་མེད་རིག་འཛིན་གྱིས་བརྩམས་པའི་གསོལ་འདེབས་མགུར་དབྱངས་ཤིག
https://mp.weixin.qq.com/s/2qx0nKCqIPIAf3M0mQXWzw
མཁན་པོ་འཆི་མེད་རིག་འཛིན་གྱིས་བརྩམས་པའི་གསོལ་འདེབས་མགུར་དབྱངས་ཤིག
https://mp.weixin.qq.com/s/pt3YJwXX0WjoM1EUE4-2MA?from=singlemessage&isappinstalled=0
ཤ་ཚའི་སྙིང་གཏམ་སྐྱ་རེངས་གསར་པའི་འོད་སྣང་།མཁན་ཆེན་མཆོག་གིས།བརྙན།
https://mp.weixin.qq.com/s/Ai4Sl4VzSyMx81TW6vUtvA
སེམས་ཅན་དོན་བྱེད་བརྟགས་པ་དགུའི་ཟིན་བྲིས་ཀྱི་སྒྲ་ཆ་ཚང་བཞུགས་སོ།།
https://mp.weixin.qq.com/s/lfQ-7CjfzQtgk7nm4AEuzw
མཁན་བརྩོན་འགྲུས་མཐར་ཕྱིན་གྱིས་བློ་ལྡོག་རྣམ་བཞི་གསུང་བའི་སྒྲ།
https://mp.weixin.qq.com/s/6qEC0z05meckFa4Q9MPJjQ
བློ་སྦྱོང་དོན་བདུན་མའི་ལྗགས་ཁྲིད།ཁང་སར་༧བསྟན་པའི་དབང་ཕྱུག【ཆ་ཚང】
https://mp.weixin.qq.com/s/KXgiTHdUW_ysA28VoX73Pg
སྐྱབས་རྗེ་བླ་མ་བསྟན་པའི་དབང་ཕྱུག་མཆོག་གིས་ལྗགས་ཁྲིད་འགའ།
https://mp.weixin.qq.com/s/uSIRW2T69R9u785mgtnyGw
མཁན་བསོ་དར་རྒྱས་ཀྱི་གསུང་གཞོན་རབས་པ་དག་ལ་སྐྱོན་བརྗོད་ཐལ་མི་རུང་།
https://mp.weixin.qq.com/s/P_fGv6kZCLwOG9xzj6pGTw
སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ།宗萨钦哲仁波切
https://mp.weixin.qq.com/s/ITAcAw2QT6pe-ddio_ZG4w
ཀརྨ་པས་བཀའ་བསྟན་དམ་ཆོས་བང་མཛོད་དུས་རབས་དང་འགྲོག་པ།
https://mp.weixin.qq.com/s/MjwMlsXbEtcZM5p8qE6Iuw
བྱ་བྲལ་པ་ཆོས་ཁྱབ་ཀྱིས་བསྟན་པའི་ཁུར་ཟེར་བ་དེ་གང་འདྲ་ཞིག་ལ་ཟེར་བ་ཡིན་ནམ།
https://mp.weixin.qq.com/s/h0BTOHqp7kPCr-MaLaEqIQ
ཡ་ཆེན་བཙུན་མ་རྣམས་ཀྱིས་ཚོགས་འཁོར་བསྐོར་བའི་ཟུར་ངོས།སྐབས་དང་པོ།
https://mp.weixin.qq.com/s/oO_Hed-ZK6Xbr5-9uy768w
དགེ་བཤེས་འཇམ་དཔལ་བློ་ཤེས་ནང་བསྟན་ཆོས་ལུགས་འདི་སློབ་སྦྱོང་གིས་བསྐྱང་དགོས།
https://mp.weixin.qq.com/s/feqGvZKUTmQN0WpDAJ5Nuw
ང་རྒྱལ་ཡོད་པས་ཅི་ཡང་མི་འགྲུབ།མཆོག་སྤྲུལ་རིན་པོ་ཆེས།
https://mp.weixin.qq.com/s/M18TlHNEXGhWGvMQzp1xqQ
རྒྱལ་སྲས་ལག་ལེན་གྱི་བཀའ་ཆོས།(སྒྲ་ཆ་ཚང་།)མཁན་འཆི་མེད་རིག་འཛིན།
https://mp.weixin.qq.com/s/1cynr5T9R3h9AVQCaqizDA
ས་སྐྱ་ལེགས་བཤད་ལས་མཁས་པ་བརྟགས་པ།༼སྒྲ་ཆ་ཚང་།༽སྒོ་ཤེས་རབ་རྒྱ་མཚོ།
https://mp.weixin.qq.com/s/5cbR90w07JWsGE5djP6GdQ
ས་སྐྱ་ལེགས་བཤད་ལས་མཁས་པ་བརྟགས་པ།༼སྒྲ་ཆ་ཚང་།༽སྒོ་ཤེས་རབ་རྒྱ་མཚོ།
https://mp.weixin.qq.com/s/5cbR90w07JWsGE5djP6GdQ
སློབ་དཔོན་སྣ་ཚོགས་གཟུགས་ཅན་ནས།བསྐྱེད་རིམ་བརྙ་ཆ་ཚང་།
https://mp.weixin.qq.com/s/EfPdCAREDZxlh6tGot6NCA
ཡ་བཞི་བརྩི་ཚུལ་སློབ་དཔོན་སྣ་ཚོགས་གཟུགས་ཅན།
https://mp.weixin.qq.com/s/RE3EGctrffZaSq5GLwWc6A?scene=25#wechat_redirect
སློབ་དཔོན་སྣ་ཚོཊ་གཟུཊ་ཅན་ནས།ལས་འཕྲོ་གཏེར་གྱི་སྐོར།1-21བར་ཆ་ཚང་།
https://mp.weixin.qq.com/s/kV3vO1xDIQZ8JnpwcKDR2g
སློབ་དཔོན་སྣ་ཚོཊ་གཟུཊ་ཅན་ནས།གཏེར་སྟོན་དང་སྔཊ་འཆང་གི་ཐབས་གྲོཊ་རིག་མའི་སྐོར།
https://mp.weixin.qq.com/s/QW-qoWCxiVxWzK6CUUM-kg
གར་དབང་འཕགས་པ་ལྷ་དགུའི་ཟབ་སྒྲུབ་ཀྱི་སྒྲ་ཆ་ཚང་།
https://mp.weixin.qq.com/s/LrSRvh5Jh34bJgFehTqhYw
པདྨ་བཀའ་ཐང་གི་ལེའུ་1ནས་20བར་བཀོད་ཟིན།།
https://mp.weixin.qq.com/s/v7yZ6IXO-FuvWtSVxLZJUQ
པདྨ་བཀའ་ཡི་ཐང་ཡིག་རྒྱས་པར་བཀོད་པ་ལེའུ་༡༠༨སྒྲ་ཡིག་གཉིས་ལྡན་ཆ་ཚང་།
https://mp.weixin.qq.com/s/cuxTOKw6JS1N9TN7AqkpJA
ཤེས་བྱ་ཀུན་ཁྱབ་ལས་བཟོ་རིག་པའི་སྐོར། མཁན་དགེ་དཔལ། སྒྲ་ཆ་ཚང་།
https://mp.weixin.qq.com/s/DN3FdoMe8expIoW3UBTcdg
ཆགས་མེད་རི་ཆོས་ལས་ས་དཔྱད་རིན་ཆེན་ཀུན་འདུས། སྒྲ་ཆ་ཚང་།དགེ་དཔལ།
https://mp.weixin.qq.com/s/98IaPxiBrH_uyrTid4iUIg
རྨེ་སྤྲུལ་མཆོག་གིས།སི་ཏུའི་རྟགས་འཇུག སྒྲ་ཆ་ཚང་།
https://mp.weixin.qq.com/s/oMUO26FAEcGUz4G_xWVJnA
འོད་དཔག་མེད་ཀྱི་བསྒོམ་ཐབས་དང་སྒྲིབ་པ་སྦྱོང་ཐབས།ཆ་ཚང་། གཙང་རིག་དར།
https://mp.weixin.qq.com/s/Fy6UFGV-0pWR8Fdc9xj_qw
རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།སྒྲ་ཆ་ཚང་། ཚུལ་ཁྲིམས་བློ་གྲོས།
https://mp.weixin.qq.com/s/txLEyBSWIMqSRs5KC8Xqtw
སྐྱབས་རྗེ་པདྨ་སྐལ་བཟང་གི་གསུང་སྙན་རྒྱུད་དོན་གྱི་མན་ངག་ངོ་མཚར་ནོར་བུའི་མེ་ལོང་ཞེས་བྱ་བ།
https://mp.weixin.qq.com/s/hEokvW_Q_3bX9hsxDje7Xw
སྔོན་འགྲོའི་ངག་འདོན།ཁྱབ་བདག་བླ་མའི་ལྗགས་ཁྲིད།【ཆ་ཚང་།】
https://mp.weixin.qq.com/s/FKfevla7GR5blQ2_ZcjHfg
ཁྱབ་བདག་པདྨ་སྐལ་བཟང་མཆོག་གི་ལྗགས་ཁྲིད་གལ་ཆེན་འགའ།
https://mp.weixin.qq.com/s/lNZxwb11ldeNm9zXFog3hw
ཁྱབ་བདག་པ་པདྨ་སྐལ་བཟང་རིན་པོ་ཆེའི་གསུང་། རིག་འདུས་ཚེ་སྒྲུབ།
https://mp.weixin.qq.com/s/my-d7GwZTfCYkGkV12DHjw
ཁྱབ་བདག་བླ་མའི་ལྗགས་ཁྲིད་བདེ་སྨོན་པདྨ་རཱ་གའི་ཕྲ་ཚོམ་ཆ་ཚང་།
https://mp.weixin.qq.com/s/T1EowGrd7RAPrEjQCtxjuw
ཁྱབ་བདག་བླ་མའི་གསུང་།དབང་སྤྱིའི་གོ་དོན་སོགས་གསུང་ཆ་ཚང་།
https://mp.weixin.qq.com/s/6dF1qdiTPZQ5407De8RYRQ
ཀུན་མཁྱེན་མི་ཕམ་ཆེན་པོའི་རྟགས་རིགས། མཁན་ཆོས་ཐོ། སྒྲ་ཆ་ཚང་།
https://mp.weixin.qq.com/s/-YIiD9okjP_Ko-8w0kZfhA
འཇུ་མི་ཕམ་གྱི་རྟགས་རིགས།མཁན་ཚུལ་ཁྲིམས།སྒྲམ་ཆ་ཚང་།
https://mp.weixin.qq.com/s/TlBMNrHx5Jn2yAunUoU7Gg
མང་ཚོགས་ལ་གནང་བའི་བསླབ་བྱ།【ཆ་ཚང་།】མཁན་ཆེན་འཆི་མེད་རིག་འཛིན།
https://mp.weixin.qq.com/s/GVjEkaUqoo32V3UXFuQ0HQ
རང་བྱུང་རྡོ་རྗེའི་ཞལ་གདམས།སྒྲ་ཆ་ཚང་། མཁན་པོ་འཆི་མེད་རིག་འཛིན།
https://mp.weixin.qq.com/s/OPTlTeJiUmAuQA0OtI-cTw
གྲོས་འདེབས་བདུད་རྩིའི་ཐིག་ལེ།ཆ་ཚང་། མཁན་པོ་འཆི་མེད་རིག་འཛིན།
https://mp.weixin.qq.com/s/iIluCh0yV1CRgHNEhOzHCg
སངས་རྒྱས་ཀྱི་མཛད་པ་བཅུ་གཉིས། མཁན་པོ་འཆི་མེད་རིག་འཛིན།
https://mp.weixin.qq.com/s/59Pb7kcQhycP3c113a3a4g
བསྐྱེད་རིམ་གསལ་བྱེད་ཟུང་འཇུག་སྙེ་མ། { ཆ་ཚང་། } མཁན་རིག་དར།
https://mp.weixin.qq.com/s/YLQscQt5bkccYXMAkO-5rw
བསྐྱེད་རིམ་གསལ་བྱེད་ཟུང་འཇུག་སྙེ་མ་མའི་སྒྲ།【ཆ་ཚང་།】མཁན་དགེ་དཔལ།
https://mp.weixin.qq.com/s/cTnoKFZqVakyhcBpxIp1pQ
ཧོར་གླིང་གཡུལ་འགྱེད།【ཆ་ཚང་།】སྒྲུང་པ་རྫོགས་ཆེན་པདྨ་བཀྲ་ཤིས།
https://mp.weixin.qq.com/s/TF3t0OhemcPC89KJR09wjg
ཆོས་དབྱངས་སྙན་མོ།མངོན་དགའི་སྨོན་ལམ་ཡིད་ཀྱི་ཤིང་རྟ།
https://mp.weixin.qq.com/s/ofWHhxQ10CPLvlFR0zb9xg
སྙན་འགྱུར་ལྡན་པའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ།
https://mp.weixin.qq.com/s/U8g2RvHIkm6xNc-KEbMHTQ
༧ཆོས་རྗེ་འཇིགས་མེད་བླ་མའི་རྣམ་ཐར་རྒྱས་པ་བརྩམ་ཚུལ་ངོ་སྤྲོད།
https://mp.weixin.qq.com/s/hcywlJsj5xqUCju4BJvGTA
༧ཆོས་རྗེ་འཇིགས་མེད་བླ་མའི་རྣམ་ཐར་རྒྱས་པའི་སྒྲ་ཆ་ཚང་།
https://mp.weixin.qq.com/s/vjVDfvX8q-68N4Mo15e46w
ས་དཔྱད་རིན་ཆེན་ཀུན་འདུས། སྒྲ་ཆ་ཚང་། དགེ་དཔལ།
https://mp.weixin.qq.com/s/KlJZ7_-CiwaACEM4551wFg
གཤམ་གྱི་རྒྱ་ཡིག་སྔོན་པོ་དང་ཚོང་རྟགས་ཐོག་ཏུ་ནོན་དང་དཔལ་ཡོན་འཕེལ།