པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། སྒྲ་དང་ཡི་གེ 78-79
78༽དགེ་སློང་མི་ལྔ་དངོས་གྲུབ་བརྙེས་པའི་ལེའུ།
79༽ནམ་མཁའི་སྙིང་པོ་ལྷོ་བྲག་མཁར་ཆུར་སྤྱུགས་པའི་ལེའུ།
པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།
༧༨། དགེ་སློང་མི་ལྔ་དངོས་གྲུབ་བརྙེས་པ།
དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ཟ་ཧོར་མཁན་པོ་བོ་དྷི་སཏྭ་ལ༔ བོད་ཀྱི་མི་ལྔ་རབ་ཏུ་བྱུང་བ་ཡི༔ ནམ་མཁའི་སྙིང་པོ་གྲུ་གུ་ཨེ་བག་ཤ༔ རུ་གྱོང་བཱིརྱ་ངས་ཆེན་དཔལ་སེང་དང་༔ འབྲེ་བཙུན་རྒྱལ་བའི་བློ་གྲོས་རྣམ་པ་ལྔ༔ དབུ་ཡི་མཆོད་གནས་བཀུར་བར་བཀའ་ལ་བཏགས༔ གསེར་ཕྱེ་བྲེ་རེ་བསྐུར་ནས་ཆོས་འཚོལ་བཏང་༔ དགེསློང་མི་ལྔས་དཀའ་བ་སྲོག་བསྡོས་ནས༔ རྒྱ་གར་ཡུལ་ཕྱིན་ཕྲད་ཚད་དྲི་བ་བྱས༔ གྲུབ་ཐོབ་གྲགས་པ་ཇི་སྐད་བྱ་བ་ཡོད༔ རོ་ལངས་བདེ་བ་ཧཱུྃ་ཀར་ཞེས་བྱ་བསྟན༔ རོ་ལངས་བདེ་བའི་སྤྱན་སྔར་ཕྱིན་པ་ཡིས༔ ངས་བོད་འདུལ་བའི་དུས་ལ་མ་བབ་གསུངས༔ རྒྱལ་པོ་ཀུཀྐུ་རཱ་ཛ་ཞེས་བྱ་བ༔ ཉིན་བཞིན་ཁྱི་མོ་ལྔ་བརྒྱའི་དབུས་སུ་ནི༔ དམ་ཆོས་ཁྱི་ཡི་སྐད་དུ་བསྒྱུར་ནས་འཆད༔ མཚན་བཞིན་ཁྱི་མོ་ལྷ་མོ་ལྔ་བརྒྱར་སྤྲུལ༔ མ་ཆགས་ཐབས་ཀྱི་སྦྱོར་བ་དེ་ལ་ཞུས༔ ཞེས་གསུངས་ལུང་བསྟན་ཞུས་པས་གོང་བཞིན་གསུངས༔ གསེར་བྲག་བྱ་སྐྱིབས་ཚལ་ཞེས་བྱ་བ་ན༔ སློབ་དཔོན་ཆེན་པོ་ཧཱུྃ་ཀར་བཞུགས་ཟེར་ཕྱིན༔ ཁང་སྲུང་རྒན་མོ་ཆུ་ལེན་ཞིག་དང་ཕྲད༔ ཧཱུྃ་ཀར་གར་བཞུགས་དྲིས་པས་ལན་མ་བྱིན༔ འདི་དེ་རྣ་བ་འོན་སྙམ་སྐད་ཆེར་བསྐྱར༔ རྩེ་རྒོད་ནག་པོ་བྱ་བ་ཞིག་ན་རེ༔ དེ་ལ་དྲིས་ཀྱང་ལན་མེད་སྨྲ་བཅད་ཡིན༔ བྱ་སྐྱིབས་ཚལ་ན་བཞུགས་ཟེར་གསེར་ཕྱེ་བྱིན༔ ནང་དུ་སྦ་འཚངས་ཕྱིན་པས་མ་དགྱེས་ཏེ༔ བོད་ཀྱི་གདུག་འདྲེ་བྱུང་ཞེས་ཧཱུྃ་ཧཱུྃ་གསུངས༔ ཤངས་ནས་འོད་ཟེར་མེ་སྟག་ཚ་ཚ་འཕྲོས༔ དགེ་སློང་མི་ལྔ་ས་ལ་བརྒྱལ་བར་འགྱུར༔ སྔོན་ལ་ནམ་མཁའི་སྙིང་པོ་བརྒྱལ་སངས་ནས༔ བདག་ཅག་བོད་ཀྱི་ལྷ་འདྲེ་གདུག་ཅན་མིན༔ བོད་ཀྱི་རྒྱལ་པོས་གསང་སྔགས་ཆོས་འཚོལ་བཏང་༔ ཚེ་འདི་ཉིད་ལ་རིག་འཛིན་སར་འགྲོ་བ༔ སློབ་དཔོན་གནང་དགོས་ཞུ་རྟེན་གསེར་འདི་ལགས༔ ཆོས་མ་རྙེད་ན་ངེད་ཚོ་ཁྲིམས་ལ་གཏུགས༔ ཐུགས་རྗེས་བཟུང་བྱས་གུས་ཕྱག་འཚལ་བ་ཡིས༔ ངས་བོད་འདུལ་བའི་དུས་ལ་བབ་མ་བབ༔ ཡེ་ཤེས་ལྷ་ལ་འདྲི་གསུངས་དགོངས་པ་མཛད༔ དར་ཅིག་ཙ་ན་དུས་ལ་བབ་འདུག་གསུངས༔ ང་དང་ཕྲད་པ་ཁྱེད་རྣམས་ཚོགས་རེ་བསགས༔ དཔེར་ན་སྣོད་ཀྱིས་བཅུད་ཐུབ་བྱེད་པ་ལ༔ བཟོ་གནས་དོད་པས་མི་ཆོག་སོ་བཏང་དགོས༔ དེ་བཞིན་སྔོན་ལ་དབང་བསྐུར་མ་བྱས་པར༔ གསང་སྔགས་བཤད་སྒྲུབ་གང་ཡང་བྱར་མི་རུང་༔ ཟླ་གམ་ལྔ་བཅུ་རྩ་བརྒྱད་ཞལ་ཕྱེ་ནས༔ ཁྲག་འཐུང་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་བསྟན༔ དང་པོ་སྒྲུབ་གཞི་ཡང་དག་རྩ་བ་བཤད༔ དེ་ཡི་ཆ་རྐྱེན་དོན་གྱི་ཆ་ལག་དགུ༔ རྟོག་པའི་བློ་བཅད་སེམས་ཀྱི་རྩ་བ་ལྔ་༔ སྒྲུབ་པར་འཇུག་པ་རྫས་ལ་བརྟེན་དགོས་པས༔ ཕྱི་པྲ་བརྟག་པ་བམ་རི་ཐོད་པ་མཁར༔ ནང་པྲ་བརྟགས་པ་ལྷ་མོ་གནས་མཁར་བཤད༔ སྒྲུབ་པ་ལ་འཇུག་ཐབས་ཤེས་འབྲེལ་དགོས་པས༔ མུ་དྲའི་བརྟག་ཐབས་ཀརྨ་ཤ་ཏཾ་བཤད༔ སྒྲུབ་པས་ལྷ་མཆོད་དངོས་གྲུབ་བླང་བའི་ཕྱིར༔ བདུད་རྩི་མཆོག་ལུང་སྨན་གྱི་སྒྲུབ་པ་བཤད༔ དེ་ལྟར་བསྒྲུབ་པའི་བར་ཆོད་ཟློག་པའི་ཕྱིར༔ མ་ཏྲཾ་བསྒྲལ་མནན་གསལ་ཤིང་ཆེ་ཆུང་བཤད༔ སྒྲུབ་པ་བྱིན་ཆེ་ཉམས་བག་ལྡན་པའི་ཕྱིར༔ འཕྲིན་ལས་གཞུང་སྲོང་བསྐྱེད་རྫོགས་མ་བུ་བཤད༔ སྒྲུབ་གཞི་བཟླས་བརྗོད་འཛབ་ལ་བསྡུ་བའི་ཕྱིར༔ བཟླས་བརྗོད་བྱེད་ཐབས་རུ་ལུ་གསེར་ཕྲེང་བཤད༔ སྒྲུབ་ལ་བར་ཆད་འོང་བ་བཟློག་པའི་ཕྱིར༔ ཕུར་པ་བིདྱོཏྟ་མ་འབུམ་སྡེ་བཤད༔ དེ་དུས་དངོས་གྲུབ་རེ་ཡང་བརྙེས་པར་གྱུར༔ ནམ་མཁའི་སྙིང་པོ་ཤེས་རབ་ཕུལ་དུ་ཕྱིན༔ བསོད་ནམས་སྙིང་རུས་གཉིས་ཀ་མཆོག་ཏུ་གྱུར༔ ས་ལ་ཆག་གང་མ་རེག་ཙམ་ལ་འགྲོ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་བྲན་བཞིན་འཁོལ༔ ཡེ་ཤེས་ལྷ་མོ་བདུན་དང་དངོས་སུ་སྦྱོར༔ རུ་གྱོང་བཱིརྱས་རྫུ་འཕྲུལ་ཡ་མ་ཟུང་༔ གྲུ་གུ་ཨེ་བག་ཡེ་ཤེས་འོད་དང་འགྲོགས༔ རྒྱལ་བའི་བློ་གྲོས་དུས་མིན་འཆི་བ་ལྷོགས༔ རླངས་དཔལ་འབྲོང་རྭ་གཤིབས་བྱུང་སེ་གོལ་བཟློག༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ དགེ་སློང་མི་ལྔ་རྒྱ་གར་དུ་བརྫངས་ཤིང་དངོས་གྲུབ་བརྙེས་པའི་ལེའུ་སྟེ་དོན་བརྒྱད་པའོ༔ ༔
༧༩། ནམ་མཁའི་སྙིང་པོ་ལྷོ་བྲག་མཁར་ཆུར་སྤྱུགས་པ།
དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ བོད་ཀྱི་བློན་པོ་ཕྲག་དོག་ཅན་རྣམས་ཀྱིས༔ ལོག་མན་སྙན་ཕྲའི་ཡི་གེ་བཅུ་རེ་བསྲིངས༔ འོ་སྐོལ་བནྡེ་ལྔ་པོ་དེས་ཀྱང་ནི༔ ཚོལ་དུ་བཏང་བའི་དམ་ཆོས་མ་རྙེད་པར༔ ཕྲ་མེན་ངན་སྔགས་མང་པོ་ཁྱེར་འོངས་ནས༔ བོད་ཕུང་བྱེད་ཟེར་བྲིས་པ་རྗེ་ཡིས་བརྫངས༔ རྒྱ་གར་དགེ་སློང་རྣམས་ཀྱི་ཕྱག་ཏུ་འཕྲོད༔ སློབ་དཔོན་ཧཱུྃ་ཀར་ཉིད་དང་བཀའ་བགྲོས་པས༔ སྒྲུབ་པའི་དལ་ཞལ་རེ་ཙམ་མ་ཕྱེ་བར༔ གསང་སྔགས་ཟབ་མོ་བོད་དུ་ཁྱེར་བ་ན༔ ཁྱེད་རྣམས་ཚེ་ལ་བར་གཅོད་འོང་གསུངས་ནས༔ དགེ་སློང་རྣམས་ཀྱིས་བསྒྲུབ་པའི་ལས་བྱས་པས༔ དཔལ་གྱི་སེང་གེ་ཉན་དུ་མ་བཏུབ་སྟེ༔ འོ་སྐོལ་རུ་འདི་ལྷོ་བལ་བྲག་ཏུ་འདུག༔ སྔ་མ་ཟས་ངོ་ནོར་ངོར་ཆོས་བཤད་ཡིན༔ ད་ནི་བོད་དུ་ཆོས་ཟབ་སྒྲོག་དགོས་པས༔ འོ་སྐོལ་བསད་པའི་ཉེན་ཡོད་ཕྱིན་པ་དྲག༔ མགྱོགས་པར་མྱུར་དུ་འདོང་ཟེར་མ་ཉན་ནོ༔ ནམ་མཁའི་སྙིང་པོས་དེ་སྐད་མ་ཟེར་གསུངས༔ ཕ་ཡིས་བུ་ལ་མ་ལེགས་མི་སློབ་ཅིང་༔ མ་ཡིས་བུ་ལ་དུག་མི་ལྡུད་པས་ན༔ བླ་མས་སློབ་མར་ལོག་པ་མི་སློབ་བོ༔ བསླབས་ཀྱང་བཀའ་བཅག་དམྱལ་བའི་གནས་སུ་འགྲོ༔ ང་ནི་མི་འགྲོ་ཁྱེད་རྣམས་འགྲོ་ན་སོང་༔ དཔལ་གྱི་སེང་གེ་བོད་དུ་འགྲོ་བ་ལ༔ སློབ་དཔོན་རྫོང་བར་གོང་བཤད་ཆོས་རྣམས་དང་༔ བར་ཆད་སེལ་བའི་སེང་ལྡེང་ཕུར་པ་བསྐུར༔ ཕུར་པ་འདི་ཉིད་ཉལ་དུས་སྔས་ཐོབ་གསུངས༔ གཡོག་པོ་མོན་བུ་སྤྱི་ཟླུམ་ཞིག་ཀྱང་བཏང་༔ བལ་ཡུལ་ཉི་མ་ཁུད་ཀྱི་མཚོ་འགྲམ་དུ༔ ས་རུབ་ལམ་མ་མཐོང་བར་ཞག་ས་བྱས༔ གཟིམས་ཏེ་སེང་ལྡེང་ཕུར་པ་སྔས་སུ་བཏབ༔ སློབ་དཔོན་མནལ་སོང་གཡོག་པོར་གཉིད་མ་བྱུང་༔ མཚོ་ནས་སྦྲུལ་ཆེན་ཞིག་བྱུང་སློབ་དཔོན་བསྐོར༔ གཡོག་པོ་བྲེད་ནས་སློབ་དཔོན་བོས་པ་ཡིས༔ སྦྲུལ་དེ་བྲོས་ནས་མཚོ་ནང་མཆོངས་ཏེ་སོང་༔ སང་ནུབ་མཚོ་འདི་བརྒལ་ན་རུང་སྟེ་སྙམ༔ སང་ནུབ་ཀྱང་ནི་མཚོ་འགྲམ་དེ་ཀར་ཉལ༔ སློབ་དཔོན་གཉིད་སོང་སྔས་ནས་ཕུར་པ་བཏོན༔ ཁོ་རང་སྔས་སུ་བཏབ་པས་སྦྲུལ་བྱུང་སྟེ༔ སློབ་དཔོན་སྐུ་ལ་འཁྲིལ་ནས་སྐད་ངན་ཤོར༔ མཚོ་དེའི་ཀླུ་ནག་འདམ་འཛིན་བྱ་བ་དེས༔ དཔལ་གྱི་སེང་གེའི་རྩེའུ་ཆུང་འཇིབས་ནས་བཀུམས༔ དེ་ནི་བླ་མའི་བཀའ་བཞིན་མ་བགྱིས་པར༔ བཀའ་བཅག་དམ་ཚིག་རལ་པའི་སྐྱོན་ཡིན་གསུངས༔ དགེ་སློང་མི་གསུམ་སྒྲུབ་པ་བྱས་པ་ཡིས༔ མེ་མར་རང་འབར་གཏོར་མ་ཞག་ཏུ་འཁྱིལ༔ བནྡྷ་བུམ་པ་ཙམ་སོང་དམ་རྫས་ཁོལ༔ དཔལ་ཆེན་ཡབ་དང་ཡུམ་གྱི་ཞལ་མཐོང་ངོ་༔ དེ་དུས་བོད་ཀྱི་རྒྱལ་པོ་བསྙུན་གྱིས་ཟིན༔ ཅི་བྱས་མ་ཕན་ཀག་བསྐོར་མོ་བཏབ་པས༔ ནམ་མཁའི་སྙིང་པོ་བྱོན་ན་ཕན་ཅེས་ཟེར༔ བང་ཆེན་བརྫངས་ནས་བོད་དུ་མ་བྱོན་ན༔ ཉེ་གཞི་རྩ་ལག་ཐམས་ཅད་ཁ་དག་གཏོང་༔ ཞེས་པའི་ཡི་གེ་བསྐུར་བས་མ་དགྱེས་ཏེ༔ ང་ཉིད་རྒྱ་གར་ཡོད་པས་མི་འཇིགས་རུང་༔ བོད་ཀྱི་གནུབས་རྣམས་ཁ་དག་སྙིང་རྗེ་བསམས༔ དེ་ནས་བོད་དུ་འབྱོན་དགོངས་སློབ་དཔོན་ཞུས༔ ཁྱོད་ཀྱིས་མ་ཕྱིན་འོ་སྐོལ་སྒྲིབ་པ་འོང་༔ བོད་དུ་སོང་གསུངས་དགེ་སློང་གསུམ་སྔོན་བཏང་༔ ལྟ་བ་འཕངས་སྨས་ཆོས་དབྱིངས་དོན་མ་རྟོགས༔ ཞེས་པ་ལ་སོགས་བཤགས་པ་བྱས་ནས་འོངས༔ གསུམ་པོའི་ཕྱི་ལ་ཕྱིན་པས་སྔོན་ལ་བརྟོལ༔ དེ་ནས་དགེ་སློང་མི་བཞི་རྗེ་དང་མཇལ༔ ནམ་མཁའི་སྙིང་པོས་བྱིན་བས་མཛད་པས་སོས༔ རྗེ་ཉིད་བཞེད་པའི་ཡང་དག་དོན་ལོན་ཡོད༔ རྒྱུ་ནི་སེམས་ཅན་འབྲས་བུ་ཕྱག་རྒྱ་ཆེ༔ དཔལ་ཆེན་ཡང་དག་གྲུབ་པ་གཅིག་པུ་ཉིད༔ སྣང་སྲིད་སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ ཆུ་རྒྱུན་རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས༔ གསང་ཆེན་མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ༔ ཞེས་གསུངས་རང་གི་ཐུགས་ཀ་གྲིས་གཤགས་ཏེ༔ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བསྟན༔ ཚིག་དོན་གསུམ་མཐུན་རྒྱལ་པོ་ངེས་ཤེས་སྐྱེས༔ ཕྱག་མང་དབུ་ཐོད་བུད་བུད་བཙལ་བར་གྱུར༔ དེ་ནས་རྗེ་ལ་ཡང་དག་དབང་བསྐུར་ནས༔ ཡང་དག་རྩ་རྒྱུད་འགྲེལ་ཆེན་སྒྲོན་མ་དང་༔ ཡང་དག་ལུས་དཔེ་མི་གཅིག་སྙིང་ལྟ་བུ༔ ཡང་དག་ཚོང་པ་ཕུར་པ་སྐྱེལ་མ་ལྟར༔ ཡང་ཕུར་སྦྲགས་མའི་བསྒྲུབ་ཐབས་རྗེ་ལ་གསུངས༔ མཁའ་དབྱིངས་དག་པ་སྦྱོར་བ་བཞི་བསྒྲུབ་པ༔ སྙིང་རྗེ་དག་པ་སྒྲོལ་བ་བཅུ་བསྒྲུབ་པ༔ སྦྱོར་སྒྲོལ་གཉིས་དང་ཞི་ཁྲོ་རྩ་འབུམ་གསུངས༔ རྗེ་འབངས་ཁ་ཅིག་སྒྲུབ་པ་བྱས་པ་ལ༔ ཚེ་སྤོང་བཟས་འཁུམས་བོན་བློན་རྣམས་ལ་བཤད༔ ཀ་པཱ་ལ་ཟེར་སྟེགས་ཁར་མི་མགོ་བཞག༔ བ་སུ་ཏ་ཡིན་ཟེར་ནས་རྒྱུ་མ་བྲེས༔ རྐང་གླིང་ཡིན་ཟེར་མི་ཡི་རྐང་དུ་འདུག༔ ཞིང་ཆེན་གཡང་གཞི་ཡིན་ཟེར་མི་ལྤགས་བཀྲམ༔ རཀྟ་ཡིན་ཟེར་གཏོར་མར་ཁྲག་བླུགས་འདུག༔ དཀྱིལ་འཁོར་ཡིན་ཟེར་ཁྲ་ཁྲ་ཤིག་ཤིག་འདུག༔ གར་པ་ཡིན་ཟེར་རུས་པའི་ཕྲེང་བ་གྱོན༔ གིང་པ་ཡིན་ཟེར་མི་རིང་གཅེར་རྒྱུགས་བྱེད༔ བྱིན་འབེབས་ཡིན་ཟེར་ཅི་འདྲའི་གསོབ་གྱོན་འདུག༔ ཞལ་བརྙན་ཡིན་ཟེར་སྣ་ཚོགས་འབག་གྱོན་འདུག༔ ཆོས་མིན་རྒྱ་གར་བོད་ལ་ངན་བསླབས་ཡིན༔ ཞེས་སྨྲས་པ་དམར་རྒྱན་གྱིས་གསང་བརྟོལ་ནས༔ བོན་བློན་རྣམས་ཀྱིས་རྗེ་ལ་ཡང་ཞུས་པ༔ ཕྲ་མེན་ངན་སྔགས་མཁན་དེ་ཕུགས་སུ་བཞག༔ ཅི་ཟེར་ཁ་ལ་ཉན་ནས་ཅི་བྱེད་པ༔ ལོག་ཆོས་བྱེད་པའི་སྒྲུབ་པ་དེ་ལྟ་བུ༔ དེ་འདྲ་དར་ན་མི་ལ་གསོན་སྒྲོལ་ཡོང་༔ ཆོས་མ་ཡིན་གྱི་ལོག་པ་བསླབས་ཏེ་མཆི༔ ཁོང་བཞིས་དཔལ་གྱི་སེང་གེ་བསད་བྱས་ནས༔ རྗེ་ལ་བརྙས་པ་ཡིན་པས་བསད་པ་དྲག༔ ཅེས་གསོལ་རྒྱལ་བློན་བློ་བསྡུར་བསམས་པ་ཡིས༔ རྒྱལ་པོ་ཉིད་ཀྱང་ཅུང་ཟད་ཐེ་ཚོམ་ནས༔ འོ་ན་བསད་པས་མི་འོང་སྤྱུག་གི་གསུངས༔ ནམ་མཁའི་སྙིང་པོ་ལྷོ་བྲག་མཁར་ཆུར་སྤྱུགས༔ གྲུ་གུ་ཨེ་བག་ཞང་ཞུང་ཡུལ་དུ་སྤྱུགས༔ རུ་གྱོང་བྱང་རྒྱུད་ཐོ་ཡོར་ནག་པོར་སྤྱུགས༔ རྒྱལ་བའི་བློ་གྲོས་ལི་ཡུལ་ལྕང་རར་སྤྱུགས༔ ནམ་མཁའི་སྙིང་པོས་བསྒྲུབ་པ་མཛད་ཅིང་བཞུགས༔ གྲུབ་རྟགས་བྲག་ལ་སྐུ་རྒྱབ་གཏད་པའི་རྗེས༔ མེ་ནི་རང་འབར་བྲག་ལ་ཕུར་པ་བཏབ༔ ཉི་མའི་ཟེར་ལ་ཆིབས་ནས་གཤེགས་བཞུད་མཛད༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ནམ་མཁའི་སྙིང་པོ་ལྷོ་བྲག་མཁར་ཆུར་སྤྱུགས་པའི་ལེའུ་སྟེ་དོན་དགུ་པའོ༔ ༔
78༽དགེ་སློང་མི་ལྔ་དངོས་གྲུབ་བརྙེས་པའི་ལེའུ།
79༽ནམ་མཁའི་སྙིང་པོ་ལྷོ་བྲག་མཁར་ཆུར་སྤྱུགས་པའི་ལེའུ།
པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།
༧༨། དགེ་སློང་མི་ལྔ་དངོས་གྲུབ་བརྙེས་པ།
དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ཟ་ཧོར་མཁན་པོ་བོ་དྷི་སཏྭ་ལ༔ བོད་ཀྱི་མི་ལྔ་རབ་ཏུ་བྱུང་བ་ཡི༔ ནམ་མཁའི་སྙིང་པོ་གྲུ་གུ་ཨེ་བག་ཤ༔ རུ་གྱོང་བཱིརྱ་ངས་ཆེན་དཔལ་སེང་དང་༔ འབྲེ་བཙུན་རྒྱལ་བའི་བློ་གྲོས་རྣམ་པ་ལྔ༔ དབུ་ཡི་མཆོད་གནས་བཀུར་བར་བཀའ་ལ་བཏགས༔ གསེར་ཕྱེ་བྲེ་རེ་བསྐུར་ནས་ཆོས་འཚོལ་བཏང་༔ དགེསློང་མི་ལྔས་དཀའ་བ་སྲོག་བསྡོས་ནས༔ རྒྱ་གར་ཡུལ་ཕྱིན་ཕྲད་ཚད་དྲི་བ་བྱས༔ གྲུབ་ཐོབ་གྲགས་པ་ཇི་སྐད་བྱ་བ་ཡོད༔ རོ་ལངས་བདེ་བ་ཧཱུྃ་ཀར་ཞེས་བྱ་བསྟན༔ རོ་ལངས་བདེ་བའི་སྤྱན་སྔར་ཕྱིན་པ་ཡིས༔ ངས་བོད་འདུལ་བའི་དུས་ལ་མ་བབ་གསུངས༔ རྒྱལ་པོ་ཀུཀྐུ་རཱ་ཛ་ཞེས་བྱ་བ༔ ཉིན་བཞིན་ཁྱི་མོ་ལྔ་བརྒྱའི་དབུས་སུ་ནི༔ དམ་ཆོས་ཁྱི་ཡི་སྐད་དུ་བསྒྱུར་ནས་འཆད༔ མཚན་བཞིན་ཁྱི་མོ་ལྷ་མོ་ལྔ་བརྒྱར་སྤྲུལ༔ མ་ཆགས་ཐབས་ཀྱི་སྦྱོར་བ་དེ་ལ་ཞུས༔ ཞེས་གསུངས་ལུང་བསྟན་ཞུས་པས་གོང་བཞིན་གསུངས༔ གསེར་བྲག་བྱ་སྐྱིབས་ཚལ་ཞེས་བྱ་བ་ན༔ སློབ་དཔོན་ཆེན་པོ་ཧཱུྃ་ཀར་བཞུགས་ཟེར་ཕྱིན༔ ཁང་སྲུང་རྒན་མོ་ཆུ་ལེན་ཞིག་དང་ཕྲད༔ ཧཱུྃ་ཀར་གར་བཞུགས་དྲིས་པས་ལན་མ་བྱིན༔ འདི་དེ་རྣ་བ་འོན་སྙམ་སྐད་ཆེར་བསྐྱར༔ རྩེ་རྒོད་ནག་པོ་བྱ་བ་ཞིག་ན་རེ༔ དེ་ལ་དྲིས་ཀྱང་ལན་མེད་སྨྲ་བཅད་ཡིན༔ བྱ་སྐྱིབས་ཚལ་ན་བཞུགས་ཟེར་གསེར་ཕྱེ་བྱིན༔ ནང་དུ་སྦ་འཚངས་ཕྱིན་པས་མ་དགྱེས་ཏེ༔ བོད་ཀྱི་གདུག་འདྲེ་བྱུང་ཞེས་ཧཱུྃ་ཧཱུྃ་གསུངས༔ ཤངས་ནས་འོད་ཟེར་མེ་སྟག་ཚ་ཚ་འཕྲོས༔ དགེ་སློང་མི་ལྔ་ས་ལ་བརྒྱལ་བར་འགྱུར༔ སྔོན་ལ་ནམ་མཁའི་སྙིང་པོ་བརྒྱལ་སངས་ནས༔ བདག་ཅག་བོད་ཀྱི་ལྷ་འདྲེ་གདུག་ཅན་མིན༔ བོད་ཀྱི་རྒྱལ་པོས་གསང་སྔགས་ཆོས་འཚོལ་བཏང་༔ ཚེ་འདི་ཉིད་ལ་རིག་འཛིན་སར་འགྲོ་བ༔ སློབ་དཔོན་གནང་དགོས་ཞུ་རྟེན་གསེར་འདི་ལགས༔ ཆོས་མ་རྙེད་ན་ངེད་ཚོ་ཁྲིམས་ལ་གཏུགས༔ ཐུགས་རྗེས་བཟུང་བྱས་གུས་ཕྱག་འཚལ་བ་ཡིས༔ ངས་བོད་འདུལ་བའི་དུས་ལ་བབ་མ་བབ༔ ཡེ་ཤེས་ལྷ་ལ་འདྲི་གསུངས་དགོངས་པ་མཛད༔ དར་ཅིག་ཙ་ན་དུས་ལ་བབ་འདུག་གསུངས༔ ང་དང་ཕྲད་པ་ཁྱེད་རྣམས་ཚོགས་རེ་བསགས༔ དཔེར་ན་སྣོད་ཀྱིས་བཅུད་ཐུབ་བྱེད་པ་ལ༔ བཟོ་གནས་དོད་པས་མི་ཆོག་སོ་བཏང་དགོས༔ དེ་བཞིན་སྔོན་ལ་དབང་བསྐུར་མ་བྱས་པར༔ གསང་སྔགས་བཤད་སྒྲུབ་གང་ཡང་བྱར་མི་རུང་༔ ཟླ་གམ་ལྔ་བཅུ་རྩ་བརྒྱད་ཞལ་ཕྱེ་ནས༔ ཁྲག་འཐུང་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་བསྟན༔ དང་པོ་སྒྲུབ་གཞི་ཡང་དག་རྩ་བ་བཤད༔ དེ་ཡི་ཆ་རྐྱེན་དོན་གྱི་ཆ་ལག་དགུ༔ རྟོག་པའི་བློ་བཅད་སེམས་ཀྱི་རྩ་བ་ལྔ་༔ སྒྲུབ་པར་འཇུག་པ་རྫས་ལ་བརྟེན་དགོས་པས༔ ཕྱི་པྲ་བརྟག་པ་བམ་རི་ཐོད་པ་མཁར༔ ནང་པྲ་བརྟགས་པ་ལྷ་མོ་གནས་མཁར་བཤད༔ སྒྲུབ་པ་ལ་འཇུག་ཐབས་ཤེས་འབྲེལ་དགོས་པས༔ མུ་དྲའི་བརྟག་ཐབས་ཀརྨ་ཤ་ཏཾ་བཤད༔ སྒྲུབ་པས་ལྷ་མཆོད་དངོས་གྲུབ་བླང་བའི་ཕྱིར༔ བདུད་རྩི་མཆོག་ལུང་སྨན་གྱི་སྒྲུབ་པ་བཤད༔ དེ་ལྟར་བསྒྲུབ་པའི་བར་ཆོད་ཟློག་པའི་ཕྱིར༔ མ་ཏྲཾ་བསྒྲལ་མནན་གསལ་ཤིང་ཆེ་ཆུང་བཤད༔ སྒྲུབ་པ་བྱིན་ཆེ་ཉམས་བག་ལྡན་པའི་ཕྱིར༔ འཕྲིན་ལས་གཞུང་སྲོང་བསྐྱེད་རྫོགས་མ་བུ་བཤད༔ སྒྲུབ་གཞི་བཟླས་བརྗོད་འཛབ་ལ་བསྡུ་བའི་ཕྱིར༔ བཟླས་བརྗོད་བྱེད་ཐབས་རུ་ལུ་གསེར་ཕྲེང་བཤད༔ སྒྲུབ་ལ་བར་ཆད་འོང་བ་བཟློག་པའི་ཕྱིར༔ ཕུར་པ་བིདྱོཏྟ་མ་འབུམ་སྡེ་བཤད༔ དེ་དུས་དངོས་གྲུབ་རེ་ཡང་བརྙེས་པར་གྱུར༔ ནམ་མཁའི་སྙིང་པོ་ཤེས་རབ་ཕུལ་དུ་ཕྱིན༔ བསོད་ནམས་སྙིང་རུས་གཉིས་ཀ་མཆོག་ཏུ་གྱུར༔ ས་ལ་ཆག་གང་མ་རེག་ཙམ་ལ་འགྲོ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་བྲན་བཞིན་འཁོལ༔ ཡེ་ཤེས་ལྷ་མོ་བདུན་དང་དངོས་སུ་སྦྱོར༔ རུ་གྱོང་བཱིརྱས་རྫུ་འཕྲུལ་ཡ་མ་ཟུང་༔ གྲུ་གུ་ཨེ་བག་ཡེ་ཤེས་འོད་དང་འགྲོགས༔ རྒྱལ་བའི་བློ་གྲོས་དུས་མིན་འཆི་བ་ལྷོགས༔ རླངས་དཔལ་འབྲོང་རྭ་གཤིབས་བྱུང་སེ་གོལ་བཟློག༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ དགེ་སློང་མི་ལྔ་རྒྱ་གར་དུ་བརྫངས་ཤིང་དངོས་གྲུབ་བརྙེས་པའི་ལེའུ་སྟེ་དོན་བརྒྱད་པའོ༔ ༔༧༩། ནམ་མཁའི་སྙིང་པོ་ལྷོ་བྲག་མཁར་ཆུར་སྤྱུགས་པ།
བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།
〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』
〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗
མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】
ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས། མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད། གང་ཞེ་ན། འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད། དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།
གསལ་བཤད།
སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ། ཡུལ་ལུང་གོམས་སྤྱོད་ངོ་སྤྲོད། ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར། ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།
འཕྲིན་སྟེགས་གཙོ་སྐྱོང་པས།
སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ། མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།
版权为原著所有,著有侵犯到您的权益,请您与我们联系,我们将立即删除
སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️
རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】
ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽
ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།
ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།
རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།
སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽
ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽
མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ།
རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།
སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།
བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽
དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽
བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』
དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག