པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། སྒྲ་དང་ཡི་གེ 80-81
80༽པཎ་ཆེན་བི་མ་མི་ཏྲ་གདན་དྲངས་པའི་ལེའུ།
81༽པཎ་ཆེན་བི་མ་མི་ཏྲས་རྫུ་འཕྲུལ་བསྟན་པའི་ལེའུ།
པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།
༨༠། པཎ་ཆེན་བི་མ་མི་ཏྲ་གདན་དྲངས་པ།
དེ་ནས་བོད་ཀྱི་རྒྱལ་པོའི་ཐུགས་དགོངས་ལ༔ བོད་ཁམས་འདི་དག་ཆོས་ལ་བཀོད་འདོད་པས༔ སྐུ་རྟེན་གཙུག་ལག་ཁང་ནི་ཁྱད་འཕགས་གྲུབ༔ གསུང་རྟེན་ཆོས་བསྒྱུར་ལོ་ཙཱ་མ་རྙེད་དེ༔ རྙེད་ནས་ཤེས་རབ་བློ་སྟོབས་ཅན་རྣམས་ཀུན༔ རྒྱ་གར་བཏང་བས་ཁྱད་འཕགས་ཆོས་རྙེད་ཀྱང་༔ བོན་བློན་རྣམས་ཀྱིས་ཆོས་ལ་ཕྲག་དོག་བྱས༔ ཆོས་ལ་དག་ཐེར་མ་ཐོན་སྤྱུགས་དགོས་བྱུང་༔ བོན་ཆོས་ཡིན་མིན་མེད་པར་བསྒྱུར་དགོས་བསམས༔ ཞང་ཞུང་ཡུལ་དུ་གཤེན་བོན་འབོད་དུ་བཏང་༔ གཤེན་བོན་ཤང་རིའི་དབུ་ཅན་ཞེས་བྱ་བའི༔ ལོ་ཙཱ་བ་ལ་ཐང་ནག་བོན་པོ་བཅུག༔ ཨཱརྱ་པ་ལོར་ཀླུ་འབུམ་པོད་བཞི་བསྒྱུར༔ བོན་གྱི་བསྟན་པ་འཛུགས་པ་ཡིན་ནོ་བསྒྲགས༔ བང་སོ་འདི་དག་བོན་ལུགས་ཡིན་འདུག་པས༔ དོན་མགར་མུ་རིར་ང་ཡི་བང་སོ་བརྩིགས༔ ཞེས་གསུངས་བོན་བློན་བང་སོ་བརྩིག་ཏུ་བཅུག༔ མཆོད་རྟེན་འདི་དག་ཆོས་ལུགས་ཡིན་འདུག་པས༔ གཙུག་སྣའི་རི་ལ་ང་ཡི་མཆོད་རྟེན་བརྩིགས༔ ཞེས་གསུངས་ཆོས་བློན་ཐམས་ཅད་བརྩིག་ཏུ་བཅུག༔ ད་ནི་རྒྱ་གར་མཁས་པ་པཎྜི་ཏ༔ བརྒྱ་དང་རྩ་བརྒྱད་བོད་དུ་གདན་དྲངས་ནས༔ ལོ་ཙཱ་སློབ་ཅིང་རབ་ཏུ་བྱུང་བར་བྱས༔ སྔར་གྱི་ཆོས་རྣམས་ཡིན་མིན་དེར་གསལ་སྙམ༔ སྐ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚན༔ རྨ་བན་རིན་མཆོག་གསུམ་ལ་གསེར་ཕྱེ་བསྐུར༔ ཨིནྡྲ་བོ་དྷི་དྷརྨཱ་རཱ་ཛ་ལ༔ པཎ་ཆེན་ལྔ་བརྒྱའི་ནང་ནས་མཁས་ཆེན་པོ༔ སྐྱེས་ལན་བོད་དུ་རྫོངས་ཞེས་ཤོག་འཕྲིན་བསྐུར༔ ལོ་ཙཱ་གསུམ་གྱིས་རྒྱ་གར་ཡུལ་དུ་ཕྱིན༔ རྒྱ་གར་ཡུལ་གྱི་སེར་སྐྱའི་གྲོང་ཁྱེར་དབུས༔ ཆོས་རྒྱལ་དྷརྨཱ་རཱ་ཛ་ཞེས་བྱ་བ༔ པཎྜི་ཏ་ནི་ལྔ་བརྒྱས་མཆོད་གནས་མཛད༔ དེ་ལ་རྒྱལ་པོའི་དྲིལ་ཡིག་གསེར་ཕྱེ་ཕུལ༔ སྔར་གྱི་འཕྲིན་བྱས་རྒྱལ་པོ་རབ་ཏུ་དགྱེས༔ བོད་ཀྱི་བྱང་ཆུབ་སེམས་དཔའ་འདིར་བཞུགས་གསུངས༔ པཎྜི་ཏ་རྣམས་དྲོ་ལ་ཕྱིན་པའི་དུས༔ གདུགས་ཚོད་གསོལ་བའི་གྲལ་ལ་རྒྱལ་པོས་གསུངས༔ ཀྱེ༔ པཎ་ཆེན་མཁས་པ་ཆེན་པོ་རྣམས༔ བདག་ལ་བོད་ཀྱི་རྒྱལ་པོ་ཡིས༔ ཤིན་ཏུ་བཟང་བའི་སྐྱེས་བསྐུར་ནས༔ སྐྱེས་ལན་པཎྜི་ཏ་བཟང་བ༔ ཁྱད་པར་གསང་སྔགས་ལ་མཁས་པ༔ ཐོང་ཞིག་ཟེར་བས་གཅིག་བཏང་འཚལ༔ ཞེས་གསོལ་སློབ་དཔོན་སངས་རྒྱས་གསང་བ་ཡིས༔ སྐྱེས་སྐྱེལ་མི་གསུམ་གང་ན་འདུག་གྱུར་པ༔ འདིར་ཁྲིད་ཤོག་གསུངས་རྒྱལ་པོས་ཁྲིད་ནས་འོངས༔ བི་མ་མི་ཏྲའི་སྐུ་ཡི་མཚན་བཟང་མཐོང་༔ མོས་པ་རབ་ཏུ་སྐྱེས་ནས་མཎྜལ་ཕུལ༔ ཡར་མར་དུས་གཅིག་བི་མ་ལ་ལ་བལྟ༔ དོན་གྱིས་སོང་ཞིག་བར་བསྐུལ་བི་མས་བཞེངས༔ མ་ནུ་དུ་རུ་ཀྲོ་ཧེ༔ ཞེས་པ་ལན་གསུམ་སྒྲ་བརྗོད་པས༔ ལོ་ཙཱ་གསུམ་ལ་གོ་ལུགས་རེ༔ ཅོག་རོ་ཀླུ་ཡི་རྒྱལ་མཚན་གྱིས༔ གཞུ་མོ་དག་ལ་བརྟེན་པའི་མདའ༔ སྐྱེས་བུའི་མཐེབ་མོས་རྩོལ་ཕོད་ན༔ མདའ་ཡིས་འབེན་དྲུང་ཕྱིན་པར་ནུས༔ ཞེས་དང་སྐ་བ་དཔལ་བརྩེགས་ཀྱིས༔ གྲུ་བོ་དག་ལ་བརྟེན་པའི་མི༔ མཉན་པའི་སྐྱ་བས་རྩོལ་ཕོད་ན༔ གྲུས་ཀྱང་ཆུ་བོ་སྒྲོལ་བར་ནུས༔ ཞེས་དང་རྨ་བན་རིན་མཆོག་གིས༔ ཡོན་ཏན་དག་ལ་བརྟེན་པའི་མི༔ རང་ཡུལ་མིན་པའི་ས་ཕྱོགས་སུ༔ ལུས་ཀྱི་བུམ་པ་གར་འདྲིལ་བར༔ སེམས་ཀྱི་ཆུ་བོ་དེ་རུ་འབོ༔ ཞེས་གསུངས་བོད་དུ་བཞུད་པར་གོ༔ དེ་ནས་བི་མ་མི་ཏྲ་ཡིས༔ རྒྱལ་པོ་ཁྱེད་ཀྱིས་གཏོང་ཕོད་ན༔ ང་ཡིས་བོད་ལ་ཕན་ཐོགས་འོང་༔ སྤྲེའུ་ཚ་བོད་ཀྱི་ས་ཆ་རུ༔ ཕྱི་ནང་ཆོས་མཁས་བི་མ་ལ༔ སྙིང་ཐིག་མ་བུ་ཚར་གཅིག་བཅས༔ བོད་ཡུལ་མི་བླུ་གདུལ་བྱར་འགོད༔ ཅེས་གསུངས་ཨཱ་ཙར་སའི་སྙིང་གཡོག་པོར་ཁྲིད༔ ལོ་ཙཱ་གསུམ་དང་བསྡེབས་ནས་བོད་དུ་བྱོན༔ དེ་ཡི་མཚན་མོ་རྨི་ལམ་ཐམས་ཅད་འཁྲུགས༔ མཁའ་འགྲོ་མ་རྣམས་ཆོ་ངེས་འདེབས་ཤིང་ངུ་༔ རྒྱལ་པོའི་ཆུ་ཚོད་དབྱུ་གུའི་རྩིས་ཀྱང་འཁྲུགས༔ ནང་པར་དུས་སུ་རྒྱལ་པོའི་ཕོ་བྲང་དུ༔ རྒྱ་གར་མི་རྣམས་ཐམས་ཅད་འདུས་བྱས་ནས༔ རྨི་ལམ་བསྡུར་བས་ཀུན་མཐུན་ཅིས་ལན་ཟེར༔ ལ་ལ་ཅང་ཟེར་ལ་ལ་ཅི་ཟེར་གླེང་༔ ལྷ་འདྲེས་བརླམས་པའི་བུད་མེད་ཅིག་ན་རེ༔ རྒྱལ་པོའི་བླ་མཆོད་བོད་དུ་མ་ཤོར་རམ༔ རྒྱལ་པོ་ལ་དྲིས་ཟེར་ནས་དྲིས་པ་དང་༔ མཁས་པ་བི་མ་ཏྲ་བོད་ཤོར་ཟེར༔ རྒྱ་གར་མི་ཡིས་རྐང་མགྱོགས་བརྫངས་པར་གྱུར༔ བོད་ཀྱི་ས་འགག་སྲང་མདོ་ཐམས་ཅད་དུ༔ བོད་ཀྱི་བནྡེ་གསུམ་གྱིས་མུ་སྟེགས་པ༔ ཕྲ་མེན་ངན་སྔགས་མཁན་པོ་ཁྲིད་ནས་སོང་༔ བོད་ཀྱི་རྒྱལ་ཁམས་ཐམས་ཅད་ཕུང་ནས་འགྲོ༔ ཞེས་པའི་ཡི་གེ་མདོ་བྱང་མང་པོ་བཏབ༔ དེ་ནས་བི་མ་མི་ཏྲས་བསམ་ཡས་བརྟོལ༔ རྒྱལ་པོ་རྗེ་འབངས་བསུ་བ་བྱས་པའི་ཚེ༔ ཕྱག་ནི་འཚལ་རེས་གང་ཡང་མེད་པ་ལ༔ ལོ་ཙཱ་གསུམ་གྱིས་ངོ་སོ་དང་བཅས་ནས༔ རྒྱལ་པོའི་སྙན་དུ་བི་མའི་བསྔགས་པ་བརྗོད༔ སྤྱིར་ན་མདོ་སྔགས་སྡེ་སྣོད་མང་པོ་མཁྱེན༔ ཁྱད་པར་མཆོག་ཏུ་འབྲས་བུ་གསང་སྔགས་མཁས༔ འདི་ལྟ་བུ་ལ་བཀུར་སྟི་ལེགས་པར་ཞུ༔ དེ་སྐད་གསོལ་བས་རྒྱལ་པོའི་ཞལ་ནས་ནི༔ དོ་ནུབ་དབུ་ཚལ་གསེར་གྱི་ལྷ་ཁང་གཟིམས༔ ནང་པར་དྲོ་གོང་གང་མོས་སྤྲོ་བར་བྱ༔ ཞེས་གསུངས་དཔོན་སློབ་དབུ་ཚལ་གསེར་ཁང་བཞུགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ པཎ་ཆེན་བི་མ་མི་ཏྲ་གདན་དྲངས་པའི་ལེའུ་སྟེ་བརྒྱད་ཅུ་པའོ༔ ༔༨༡། པཎ་ཆེན་བི་མ་མི་ཏྲས་རྫུ་འཕྲུལ་བསྟན་པ།
དེ་ནས་བོད་ཀྱི་བློན་པོ་གདུག་པ་ཅན༔ བང་སོ་མཆོད་རྟེན་བརྩིག་པའི་ཁ་བརྒྱགས་ལ༔ བསམ་ཡས་པཎྜི་ཏ་ཞིག་བྱོན་ཟེར་ཐོས༔ མདོ་བྱང་བཏགས་པའི་ཡི་གེ་བཀྲོལ་ནས་ཕྱིན༔ བློན་པོ་ཐམས་ཅད་རྒྱལ་པོའི་སྤྱན་སྔར་འདུས༔ འོ་སྐོལ་འདི་ན་མཐའ་མི་ཕྲ་མེན་མཁན༔ བོད་ལ་ངན་བྱེད་མི་ཞིག་ཁྲིད་འོངས་འདུག༔ འདི་རུ་མ་བཞག་ཞུ་ཕུལ་ཡི་གེ་བསྟན༔ ནང་པར་ལོ་ཙཱ་གསུམ་གྱིས་སྔ་བར་ལངས༔ རྒྱལ་པོར་ཞལ་མཇལ་ཞུ་ཞེས་འཕྲིན་བསྲིངས་པས༔ བཞེངས་མ་ཟིན་ཟེར་ཉི་མ་ཤར་བར་འགོར༔ དེ་ནས་བློན་པོ་འགའ་ཞིག་དོན་བྱུང་བས༔ ལོ་ཙཱ་གསུམ་པོས་མ་ལེགས་མགྲིན་གཅིག་བརྗོད༔ རང་ལ་རང་གི་རིག་པའི་དོན་ཤར་ཏེ༔ རྒྱལ་པོ་མཇལ་བས་ཞལ་ནས་འདི་སྐད་གསུངས༔ པཎྜི་ཏ་དེ་གཤའ་མ་མིན་ཡོད་འདུག༔ མུ་སྟེགས་ཕྲ་མེན་མཁན་ཞིག་ཡིན་ཚོད་གདའ༔ ཞག་འགའ་མཚན་ཉིད་བརྟག་ཟེར་མཇལ་མ་གནང་༔ ལོ་ཙཱ་གསུམ་པོ་རབ་ཏུ་སྡུག་བསྔལ་ཞིང་༔ ཡི་དྭགས་མདོག་འདྲ་ཁ་སྣ་ཟགས་པར་གྱུར༔ བི་མས་མཁྱེན་ནས་ཞག་གསུམ་ནང་པར་དེ༔ རྣམ་པར་སྣང་མཛད་སྒྱུ་མ་གཟུགས་ཀྱི་ལྷར༔ བི་མ་མི་ཏྲ་ཡེ་ཤེས་ལྷ་ཡི་ལྷས༔ ཀུན་རྫོབ་གཟུགས་ཀྱི་ལྷ་ལ་ཕྱག་འཚལ་ལོ༔ ཞེས་གསུངས་ཕྱག་བཙལ་ལྡེར་ཚོ་ཐལ་ཕུང་སོང་༔ ལོ་ཙཱ་གསུམ་པོ་ངོ་མཚར་རབ་སྐྱེས་ནས༔ རྒྱལ་པོའི་སྙན་གསོལ་རྒྱལ་པོའི་ཞལ་ནས་ནི༔ དེ་ཀུན་ཕྲ་མེན་ངན་སྔགས་ཡིན་མོད་དེ༔ ང་ཡིས་ལྷ་དེ་བཞེངས་པར་དཀའ་ལས་བྱས༔ ལྷ་འཇིག་པ་ལ་གདན་དྲངས་པ་མིན་གསུངས༔ ལོ་ཙཱ་གསུམ་སེམས་རབ་ཏུ་མ་དགའ་ནས༔ གཅིག་ལ་གཅིག་བལྟ་བཞིན་གྱི་དཀྱིལ་འཁོར་ཉམས༔ བདག་ཅག་གསུམ་གྱིས་རྒྱ་གར་ཡུལ་དུ་ཕྱིན༔ དཀའ་བ་སྤྱད་ནས་བོད་ཡུལ་དབུས་སུ་འོངས་༔ ཐམས་ཅད་ཀུན་གྱི་བླ་རུ་ཕྱིན་པ་ཡི༔ མཁས་མཆོག་ངོ་མཚར་འདི་འདྲ་གདན་དྲངས་ན༔ རྒྱལ་པོ་ཅི་ཉེས་སྙམ་ནས་ཐུགས་རབ་མུག༔ དེ་ནས་ཞག་གསུམ་བི་མ་ལ་བཞེངས་ནས༔ རྣམ་པར་སྣང་མཛད་གཟུགས་སྐུ་བཅོས་མའི་ལྷ༔ བི་མ་མི་ཏྲ་ཡེ་ཤེས་ལྷ་ཡི་ལྷས༔ ཡེ་ཤེས་ལྔ་ལྡན་རྟགས་ཀྱི་དབང་བསྐུར་རོ༔ ཞེས་གསུངས་རྣམ་སྣང་སྤྱི་བོར་ཕྱག་བཞག་པས༔ སྐུ་གཟུགས་སྔ་མ་བས་ལྷག་རྒྱ་གར་ལུགས༔ འོད་ཟེར་འཕྲོས་པས་དབུ་རྩེ་འོད་ཀྱིས་ཁྱབ༔ དེ་ནས་བསམ་ཡས་ལྷ་ཁང་ཐམས་ཅད་ཁྱབ༔ ལོ་ཙཱ་གསུམ་གྱིས་རྒྱལ་པོའི་སྙན་དུ་གསོལ༔ དེ་ནས་རྒྱལ་པོ་ཐུགས་ཆེས་མངའ་འོག་ལ༔ ཟླ་གཅིག་རྐང་མགྱོགས་བརྫངས་ནས་ཚེས་བཅུའི་ཉིན༔ བོད་ཀྱི་རྒྱལ་བློན་མ་ལུས་ཐམས་ཅད་འདུས༔ དབུ་རྩེ་རིགས་གསུམ་སྒོ་མདུན་གཡས་ཕྱོགས་སུ༔ རྒྱལ་པོའི་གཡུ་ཁྲི་རབ་ཏུ་དཔངས་མཐོ་བརྩིགས༔ རྒྱལ་པོས་བི་མ་ལ་ལ་ཕྱག་མཛད་པས༔ རྒྱལ་པོའི་ཐུགས་ཀར་རིགས་གསུམ་མགོན་པོ་འདུག༔ དེ་ལ་བི་མས་རིན་ཆེན་པྲོག་ཞུ་ལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་གསུངས་སེ་གོལ་ལན་ལྔ་བརྡབས་པ་ལས༔ རིགས་ལྔའི་སངས་རྒྱས་བཀྲ་ལམ་ཀུན་གྱིས་མཐོང་༔ བོད་ཀྱི་རྒྱལ་ཁམས་ཀུན་གྱིས་བསྟོད་ཅིང་བསྔགས༔ དེ་དུས་བི་མ་མི་ཏྲ་གྱིས་དང་གསུངས༔ བྱེ་མ་མུ་ཏྲ་ལས་ནི་མ་ཤེས་སོ༔ ལོ་ཙཱ་གསུམ་བསྒྱུར་བི་མས་ཆོས་མང་གསུངས༔ དགུང་ལོ་གླང་ཡིན་སུམ་བརྒྱ་ལོན་ནས་བྱོན༔ དེ་དུས་སངས་རྒྱས་མྱ་ངན་ལས་འདས་ནས༔ ལོ་ནི་སྟོང་དང་བརྒྱད་ཅུ་ཐམ་པ་སོང་༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ པཎ་ཆེན་བི་མ་མི་ཏྲས་རྫུ་འཕྲུལ་བསྟན་པའི་ལེའུ་སྟེ་གྱ་གཅིག་པའོ༔ ༔

བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།
〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』
〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗
མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】
ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས། མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད། གང་ཞེ་ན། འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད། དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།
གསལ་བཤད།
སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ། ཡུལ་ལུང་གོམས་སྤྱོད་ངོ་སྤྲོད། ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར། ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།
འཕྲིན་སྟེགས་གཙོ་སྐྱོང་པས།
སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ། མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།
版权为原著所有,著有侵犯到您的权益,请您与我们联系,我们将立即删除
སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️
རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】
ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽
ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།
ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།
རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།
སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽
ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽
མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ།
རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།
སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།
བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽
དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽
བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』
དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག