查看原文
其他

པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། སྒྲ་དང་ཡི་གེ 94-95

关注👉🏼⏯ 藏家韵味 2021-07-10



94༽གཏེར་སྟོན་བརྟག་པའི་ལེའུ།



95མ་འོངས་སྒྲུབ་གནས་བསྟན་པའི་ལེའུ།



པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།

༩༤། གཏེར་སྟོན་བརྟག་པ།

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བྲག་དམར་ལྷུན་གྲུབ་དཔལ་གྱི་བསམ་ཡས་སུ༔ མི་འཇིགས་སེང་གེ་བསྣོལ་བ་གསེར་ཁྲིའི་སྟེང་༔ བཀྲག་གསལ་ཟ་འོག་པཉྩའི་གདན་སྟེངས་སུ༔ འཇའ་རིས་འཕན་གདུགས་བྲེས་པའི་བསིལ་གྲིབ་ལ༔ རིན་ཅེན་སྤྱན་གཟིགས་བཀྲམ་པའི་སྟ་ཟུར་གྱི༔ ཕྱི་ནང་མཆོད་པ་བཤམས་པའི་མདུན་རོལ་ཏུ༔ ལྷ་མིའི་སྤྲིན་ཕུང་འཁྲིགས་པའི་དཀྱིལ་དབུས་ན༔ སངས་རྒྱས་གཉིས་པ་འགྲོ་བའི་དོན་བྱོན་པའི༔ སློབ་དཔོན་ཆེན་པོ་པད་འབྱུང་འཛུམ་བཅས་བཞུགས༔ དེ་དུས་ཛམ་གླིང་རྒྱལ་པོ་མངའ་བདག་གིས༔ གསེར་གྱི་མཎྜལ་གཡུ་ཡི་མེ་ཏོག་བཀོད༔ གཟི་དང་མུ་མིན་སྐྱོགས་སུ་འབྲས་ཆང་དང་༔ རྒུན་འབྲུམ་ཆང་བླུགས་སློབ་དཔོན་ཞལ་དུ་དྲངས༔ བཟའ་བཅའ་ཕྱི་ནང་མཆོད་པ་མང་ཕུལ་ནས༔ ཨེ་མ་ཧོ༔ སྤྲུལ་སྐུའི་མཆོག་གྱུར་འགྲོ་མགོན་པདྨ་འབྱུང་༔ བདག་གི་བོད་ཡུལ་མཐའ་འཁོབ་ཁ་བ་ཅན༔ གཅོང་རོང་གྲོག་པོ་མཚོན་ཆ་གཟིངས་པ་འདྲ༔ མ་རུངས་བློན་པོ་གདོང་དམར་སྲིན་པོའི་རིགས༔ དཀར་པོའི་སེམས་མེད་སྡིག་སྤྱོད་སེམས་ཅན་མང་༔ ཐུགས་རྗེས་གཟིགས་ནས་བཀའ་ལུང་མན་ངག་གནང་༔ ཕྱི་རབས་དོན་དུ་རིན་ཅེན་གཏེར་མང་སྦས༔ མ་འོངས་དོན་དུ་གཏེར་སྟོན་མང་འབྱུང་ན༔ སློབ་མའི་ཡིད་ཆེས་བཀུར་གནས་གང་ལ་བགྱི༔ ལས་ཅན་དོན་དུ་རི་བྲག་ལུང་པ་རྣམས༔ ཨུ་རྒྱན་ཉིད་ཀྱིས་སྒྲུབ་རིར་བྱིན་གྱིས་བརླབས༔ ཐུགས་རྗེས་བཟུང་བས་བར་ཆད་མི་འབྱུང་ཞིང་༔ གནས་རྣམས་ཀུན་ཏུ་སྒྲུབ་པ་འཕེལ་མོད་ཀྱང་༔ ཁྱད་པར་འཕགས་པའི་སྒྲུབ་གནས་གང་ལ་བགྱི༔ ཐམས་ཅད་མཁྱེན་པ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་དོན་དུ་བདག་ལ་གསུང་བར་ཞུ༔ ཞེས་གསོལ་དབུ་ཐོད་བུད་བུད་ཕྱག་འཚལ་བས༔ སློབ་དཔོན་ཆེན་པོ་པདྨས་བཀའ་སྩལ་པ༔ གསོན་ཅིག་མངའ་བདག་ཛམ་གླིང་ཆོས་ཀྱི་རྒྱལ༔ རྒྱ་ཆེ་གྲངས་མངཆོས་རྣམས་གསུངས་པ་ཀུན༔ ཀུན་རྫོབ་དོན་དམ་གཉིས་སུ་ཤེས་པ་ཡིས༔ མདོ་སྔགས་སྤྱི་ལུང་ཡིད་ཆེས་དཔང་དུ་ཚུགས༔ གཏེར་སྟོན་རྣམ་ཐར་ཆ་ལུགས་ཅི་འདུག་དྲིས༔ ཆོས་རྣམས་ཐམས་ཅད་སྒྲིབ་པ་མེད་པའི་སྤྱན༔ མདོ་རྒྱུད་ཡིན་པས་ཚད་གཟུང་དཔང་པོ་བཏུབ༔ བསྟན་བཅོས་རྣམས་དང་གང་ཟག་ཚད་མི་གཟུང་༔ དཔང་པོ་མི་བཏུབ་ཁ་འཛིན་ཕྱོགས་ཆ་ཡིན༔ ཆོས་དང་ཆོས་མིན་གཉིས་ཕྱེ་བརྟག་པར་བྱ༔ ས་རྟགས་གང་ཤར་རྒྱལ་ཁམས་ཡོངས་སུ་ཉན༔ མང་པོའི་ནང་ནས་གཅིག་ནི་ཡིན་པར་གཟུང་༔ འགལ་བ་གཏེར་གཉིས་དུས་གཅིག་མི་འབྱུང་སྟེ༔ རིམ་པར་བྱུང་ན་མདོ་སྔགས་ལུང་གིས་ཟིན༔ དེ་ཡང་མྱ་ངན་འདས་པའི་མདོ་སྡེ་ལས༔ ཡུལ་གཅིག་འཁོར་ལོས་སྒྱུར་རྒྱལ་གཉིས་མི་འབྱུང་༔ འཇིག་རྟེན་ཁམས་ན་སངས་རྒྱས་གཉིས་མི་འབྱུང་༔ ཞེས་གསུངས་ང་ཡི་གཏེར་འབྱིན་དེ་འདྲའོ༔ བླ་མེད་དོན་རྫོགས་འདུས་པའི་རྩ་རྒྱུད་ལས༔ གསང་སྔགས་དར་དུས་སྔགས་པ་བདུད་ལས་བྱེད༔ བདེན་པ་མཐོང་བའི་སྤྲུལ་སྐུ་གཉིས་མི་འབྱུང་༔ འབྱུང་ན་མི་སྲིད་མདོ་རྒྱུད་ཀུན་དང་འགལ༔ ཞེས་གསུངས་ཇི་སྲིད་ཉིན་མོར་གྱུར་པའི་དུས༔ ཕྱོགས་བཞི་མཚམས་བརྒྱད་ཉི་མ་ཤར་བྱུང་ན༔ དེ་བཞིན་ང་ཡི་གཏེར་འབྱིན་དེ་འདྲའོ༔ གཞན་ཡང་སོ་སོར་འབྲང་བའི་མདོ་ལས་ཀྱང་༔ མེ་ལས་པདྨོ་སྐྱེ་བ་ངོ་མཚར་ཞིང་༔ འཇིག་རྟེན་སངས་རྒྱས་གཉིས་སྟོན་མཆོག་དེ་འདྲ༔ ཞེས་དང་ཇི་སྲིད་མཚན་མོར་གྱུར་པ་ན༔ ཕྱོགས་བཞི་མཚམས་བརྒྱད་ཟླ་བ་ཤར་བྱུང་ན༔ དེ་བཞིན་ང་ཡི་གཏེར་འབྱིན་དེ་འདྲའོ༔ བྱེ་བྲག་མ་འདྲེས་པ་ཡི་མདོ་ལས་ཀྱང་༔ ཡར་སྐྱེ་གཅིག་དང་མར་འགྲིབ་བཅོ་བརྒྱད་དེ༔ འཕེལ་འགྲིབ་གཉིས་ཀ་དུས་གཅིག་བྱེད་མི་སྲིད༔ མི་སྲིད་སྲིད་པའི་ཁྱད་འཕགས་དེ་འདྲ་བ༔ ས་སྟེང་བྱུང་ན་འཕགས་པའི་ལུང་གིས་བཀག༔ ཅེས་གསུངས་ཡུལ་གཅིག་འཁོར་ལོས་སྒྱུར་རྒྱལ་གཉིས༔ དེ་བཞིན་ང་ཡི་གཏེར་འབྱིན་དེ་འདྲའོ༔ འཕགས་པ་ཡོངས་སུ་མྱ་ངན་འདས་པ་ལས༔ ཁ་ཟས་བཟང་པོ་དུག་དང་འདྲེས་པ་ལ༔ ཡོན་ཏན་རོ་ཞིམ་འགྲངས་པ་སོགས་ཡོད་ལ༔ སྐྱོན་ནི་འཆི་བ་ཡོད་ཅེས་འཚོང་པ་ན༔ གླེན་པ་གཏི་མུག་ཅན་གྱིས་དེ་ཉོ་ཞིང་༔ མཁས་པ་ཤེས་རབ་རྣམས་མི་ཉོ་ཞེས༔ དམ་ཚིག་ཉམས་པའི་རྫུན་གཏེར་ཟོང་མ་ལ༔ ཉོ་བཙོང་བྱེད་པ་བསྟན་པའི་ལག་དམར་ཏེ༔ སྤེལ་སྒྲོགས་བྱེད་པ་ཤོ་གམ་ཅན་གྱི་གནས༔ དམ་པའི་ཆོས་མཆོག་པདྨ་དཀར་པོ་ལས༔ དེ་བས་འཇིག་རྟེན་སློབ་དཔོན་སངས་རྒྱས་ཀྱི༔ སྐྱོབ་པ་ལྡེམ་པོའི་ངག་ནི་ཤེས་པར་གྱིས༔ ཐེ་ཚོམ་ཆོད་ལ་སོམ་ཉི་རྣམས་སྤངས་ཏེ༔ སངས་རྒྱས་འགྱུར་གྱིས་དགའ་བ་རབ་ཏུ་བསྐྱེད༔ ཅེས་གསུངས་ཡིན་མིན་ཐེ་ཚོམ་སྒྲོ་འདོགས་ཆོད༔ འདམ་སེང་མང་སྟེ་གངས་ཀྱི་སེང་གེ་དཀོན༔ མེ་ཏོག་མང་སྟེ་ཨུ་དུམྺཱ་ར་དཀོན༔ ནགས་ཚལ་མང་སྟེ་བྱང་ཆུབ་ལྗོན་ཤིང་དཀོན༔ རྒྱ་མཚོ་མང་སྟེ་འོ་མ་ཅན་ནི་དཀོན༔ འདབ་ཆགས་མང་སྟེ་མཁའ་ལྡིང་ཁྱུང་ནི་དཀོན༔ རྒྱལ་པོ་མང་སྟེ་འཁོར་ལོས་སྒྱུར་རྒྱལ་དཀོན༔ རྫུས་སྐྱེས་མང་སྟེ་པད་སྡོང་སྐྱེས་པ་དཀོན༔ བདུད་རྩི་འབྱུང་བ་རྩ་བའི་རྒྱུད་ཆེན་ལས༔ ང་ཡི་བསྟན་པ་སྙིགས་མར་གྱུར་པ་ན༔ ཆོས་རྣམས་ཚོང་དུས་འོ་མ་ཇི་བཞིན་དུ༔ ངན་པས་བསླད་ནས་ཐུར་དུ་ལྟུང་བར་བྱེད༔ དེ་བཞིན་ལུང་པ་རེ་ན་གཏེར་སྟོན་རེ༔ ཡུལ་གྲུ་རེ་ན་གྲུབ་ཐོབ་གྲགས་འདོད་རེ༔ བསྟན་པའི་ཆོས་བཤས་ལག་དམར་ཁྲག་ཅན་རེ༔ ཀུན་རྫོབ་གཏེར་འདྲ་གཏེར་མའི་སེལ་བྱེད་རེ༔ ཡོན་ཏན་ཆེ་སྟེ་སྐྱོན་གྱི་གོང་པོ་རེ༔ ཡིན་ཡིན་མང་སྟེ་ཡིད་སྐྱོ་ཐེ་ཚོམ་མེད༔ དེ་ལ་མཁའ་འགྲོ་མ་དགྱེས་མི་དགེའི་རྟགས༔ མི་འཚམ་རྣམ་པ་མང་དུ་འབྱུང་བར་འགྱུར༔ དེ་དུས་བཀུར་གནས་ས་རྟགས་ཤར་ལ་བྱེད༔ གཏེར་ཀ་མ་མཐུན་ལུང་བསྟན་ཟིན་ལ་བྱེད༔ ཆང་དང་ཆུ་གཉིས་ངོས་རྟགས་འདྲ་བས་གསལ༔ ཆོས་ལ་རྣོ་བའི་ནུས་པ་འདུག་ལ་བྱེད༔ ཆོས་དེས་འདུལ་ཞིང་ཉམས་སུ་ལེན་ལ་བྱེད༔ ལྷ་དང་འདྲེ་གཉིས་བསྲེས་ཀྱང་མི་འདྲེ་སྟེ༔ ང་ཡིས་བཤད་དང་མཐུན་པ་ཞིག་ལ་བྱེད༔ ས་འོག་གསེར་སྦས་འོད་ནི་མཁའ་ལ་ལྡིང་༔ མདོ་སྔགས་ལུང་དང་མཐུན་པ་ཞིག་ལ་བྱེད༔ ང་ཡི་སྤྲུལ་པར་ཟོག་པོ་ཟེར་ཞིང་གཤེ༔ ཟོག་པོ་རྣམས་ལ་འདི་ཕྱིའི་བློ་རྟེན་འཆའ༔ དྲན་པ་གསལ་ཏེ་སྡིག་ངོ་མི་ཤེས་ན༔ ཤེས་པ་ཞིབ་སྟེ་ཆོས་ཀྱི་མཚང་མི་ལོན༔ དེ་ཕྱིར་བདུད་ཀྱི་བསྟན་པ་དར་བ་ཡིན༔ ང་ལ་རྣམ་ཐར་འདྲ་མིན་མང་པོ་འོང་༔ པདྨ་འབྱུང་གནས་ཆུང་བས་བསམ་ཡས་འོངས༔ ཆེན་པོས་མ་བྱོན་ཟེར་ནས་གྲུབ་མཐའ་རྩོད༔ ངའི་འདི་པད་འབྱུང་ཆེན་པོའི་ཆོས་ཡིན་ཟེར༔ བརྒྱུད་པ་དེ་ནས་བྱས་ཏེ་མི་མགོ་བསྐོར༔ དེ་བཞིན་ཀླུ་སྒྲུབ་ཨཱརྱ་གཉིས་གསུམ་ཟེར༔ མི་འདྲ་མང་པོ་ཡི་གེར་འདུག་པ་ནི༔ ཞི་དུལ་ཤེས་རབ་ཅན་གྱིས་གོ་བར་བྱ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ གཏེར་སྟོན་བརྟག་པའི་ལེའུ་སྟེ་གོ་བཞི་པའོ༔ ༔



༩༥། མ་འོངས་སྒྲུབ་གནས་བསྟན་པའི་ལེའུ།


དེ་ནས་སྒྲུབ་པ་བྱེད་པའི་གནས་གསུངས་པ༔ སྒྲུབ་གནས་ཀུན་གྱི་རྒྱལ་པོ་ཁྱད་འཕགས་ནི༔ མཁའ་འགྲོ་མ་བསྒྲུབས་རང་བཞིན་འདུ་བའི་གནས༔ སྐུ་ཡི་དབེན་གནས་བསྒྲགས་ཀྱི་ཡང་རྫོང་ཡིན༔ གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུ་སྟེ༔ ཐུགས་ཀྱི་དབེན་གནས་ལྷོ་བྲག་མཁར་ཆུ་ཡིན༔ ཡོན་ཏན་དབེན་གནས་ཡར་ཀླུངས་ཤེལ་གྱི་བྲག༔ འཕྲིན་ལས་དབེན་གནས་མོན་ཁ་སེང་གེ་རྫོང་༔ ཁྱད་པར་ཡར་ཀླུངས་ཤེལ་བྲག་མཆིམས་ཕུ་གཉིས༔ རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་དང་མཚུངས༔ ལུང་ལྔ་གླིང་གཅིག་ལྗོངས་གསུམ་གངས་ཉི་ཤུ༔ དེ་ཡང་དབུས་ན་ཤངས་ཀྱི་ཟབ་བུ་ལུང་༔ ཤར་ཕྱོགས་ཀོང་པོའི་ཡུལ་ན་ལྗོན་པ་ལུང་༔ ལྷོ་ཡི་ཕྱོགས་ན་མོན་གྱི་སྲིབས་བཙན་ལུང་༔ ནུབ་ཀྱི་ཕྱོགས་ན་འགོས་ཀྱི་ཕག་རི་ལུང་༔ བྱང་གི་ཕྱོགས་ན་སྐྱིད་ཀྱི་གྲོ་མ་ལུང་༔ ཤར་ལྷོ་མཚམས་ན་སྦས་ཡུལ་པདྨ་གླིང་༔ ལྷོ་ནུབ་མཚམས་ན་སྦས་ཡུལ་འབྲས་མོ་ལྗོངས༔ ནུབ་བྱང་མཚམས་ན་སྦས་ཡུལ་མཁན་པ་ལྗོངས༔ བྱང་ཤར་མཚམས་ན་སྦས་ཡུལ་ལུང་གསུམ་ལྗོངས༔ ཐང་ལྷ་ཏི་སེ་མང་མཁར་བུ་ལེ་གངས༔ སྟར་སྒོ་ཕོ་མ་མཁའ་རི་རྡོ་རྗེ་གངས༔ ཇོ་མོ་ཁ་རག་གང་བཟང་རྩེ་རྡུམ་གངས༔ ལ་ཕྱི་ཚེ་རིང་སྣ་ནམ་ཏེ་སྒྲོ་གངས༔ འོ་དེ་གུང་རྒྱལ་ཤམ་པོ་གསལ་རྗེ་གངས༔ ཧ་འོ་གངས་བཟང་ཙ་རི་ང་ལའི་གངས༔ ང་ཡི་ཞབས་ཀྱིས་བཅགས་པའི་གནས་ཆེན་དུ༔ ཁྱད་པར་འཕགས་པའི་སྒྲུབ་གནས་དེ་དག་ཀུན༔ དེ་ཡང་གང་ཟག་རབ་འབྲིང་ཐ་མ་གསུམ༔ གང་ཟག་དབང་པོར་རབ་ཀྱིས་བསྟེན་པ་ལ༔ བསམ་ཡས་མཆིམས་ཕུ་ཡར་ཀླུངས་ཤེལ་གྱི་བྲག༔ ཡེར་བ་ཟླ་བ་ཕུག་གི་གནས་འདི་གསུམ༔ བསམ་ཡས་ཁྲ་འབྲུག་ར་སའི་གཙུག་ལག་དང་༔ ཟུང་དུ་འབྲེལ་བའི་གནས་ཆེན་སྒྲུབ་པའི་གནས༔ ཞིང་མཆོག་དམ་པ་ཀུན་ལའང་དེ་ལས་མེད༔ འདི་གསུམ་གནས་ལ་མཆོག་ཐུན་གང་བསྒྲུབ་པ༔ སྒྲུབ་པ་བྱས་ན་མི་འགྲུབ་གང་ཡང་མེད༔ གནས་འབྲེལ་ཙམ་ཡང་རིག་འཛིན་གྲལ་ལ་ཚུད༔ ཕུང་པོ་བོར་ནས་མཁའ་སྤྱོད་གནས་སུ་འགྲོ༔ ཁྱད་པར་ཡར་ཀླུངས་ཤེལ་གྱི་བྲག་ཕུག་འདི༔ བདུད་རྩི་སྨན་སྒྲུབ་བྱས་པའི་གནས་ཡིན་པས༔ གསང་སྔགས་མཐར་ཕྱིན་ཨུ་རྒྱན་ཡུལ་ལྟ་བུ༔ ཡ་མཚན་སྒྲུབ་ཁང་བྲག་ཕུག་ཁྱད་འཕགས་ཡོད༔ ཞི་ཁྲོ་སོགས་ཀྱི་གཞལ་ཡས་ཁང་མང་བཞུགས༔ བོད་འབངས་དགའ་དང་སྤྲོ་བར་གྱུར་པའི་བྲག༔ ཡོན་ཏན་བརྒྱ་ལྡན་བསམ་ལས་འདས་པར་བརྗོད༔ དེ་ལ་གནས་ཚད་དུ་རུཥྐས་མི་ཕེབས༔ གངས་དཀར་ཏི་སེ་ཙ་རི་ཟམ་བུ་ལུང་༔ གནས་གཞན་ལ་ཡང་ཡོན་ཏན་ཡོད་མོད་ཀྱང་༔ བསམ་གྲུབ་ཤེལ་གྱི་བྲག་ཕུག་ཆར་མི་ཉེ༔ ཨུ་རྒྱན་ཧེ་རུ་ཀ་དང་མཚུངས་དཔེར་བཞག༔ འབྲིང་དང་ཐ་མས་སྦས་ཡུལ་གངས་ལ་བསྒྲུབ༔ སྒྲུབ་གནས་རི་བྲག་མང་པོ་བསམ་འདས་ཀྱང་༔ སྒྲུབ་གནས་གཙུག་ལག་ཁང་དང་ཟུང་འབྲེལ་བ༔ འདི་གསུམ་དགེ་བ་བརྒྱ་འགྱུར་འཐོབ་པའི་གནས༔ ཚོགས་འཁོར་བྱས་ཚད་ཆུད་ཟོས་སོང་རེ་སྐན༔ ཞེས་གསུངས་འཛམ་གླིང་རྒྱལ་པོ་དགྱེས་པར་གྱུར༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ མ་འོངས་སྒྲུབ་གནས་བསྟན་པའི་ལེའུ་སྟེ་གོ་ལྔ་པའོ༔ ༔












བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།





〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』


〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗


〖3〗༄༅། །འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ། །༸མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།སྐུ་ཉིད་ཀྱིས་ལྗགས་ཁྲིད་གནང་བའི་སྒྲ་〖ཆ་ཚང་།〗


མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】


ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས།   མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད།   གང་ཞེ་ན།   འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད།  དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།


གསལ་བཤད།


སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ།  ཡུལ་ལུང་གོམས་སྤྱོད་ངོ་སྤྲོད།   ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར།  ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།



འཕྲིན་སྟེགས་གཙོ་སྐྱོང་པས།




སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ།  མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།

版权为原著所有,著有侵犯到您的权益,请您与我们联系,我们将立即删除


སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️

རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】

ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དགོངས་པ་ཆོས་དབྱིངས་སུ་མ་རྫོགས་གོང་བླ་རུང་ཞིང་སྒྲུབ་ཀྱི་རྣམ་པ་དང་སྐྱབས་རྗེ་བླ་མའི་བཀའ་སློབ་དང་ཞིང་དབང་བསྐུར་བའི་བརྙན།

ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།

ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།

སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽

འཛམ་གླིང་འཕྲོད་བརྟེན་ཉིན་མོར་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བདེ་སྲུང་ཚན་ཆུང་གི་བགྲོ་གླེང་ཐེངས་གཉིས་པའི་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གནང་བའི་བཀའ་སློབ།

མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ། 

རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།

བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽

དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽

བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』

དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག

མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།

འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽

རྗེ་བཙུན་མི་ལ་རས་པའི་རྣམ་ཐར།༼གློག་བརྙན་ཆ་ཚང་།༽

སྙིང་གཏམ་སྤྲིན་གྱི་རོལ་མོ། ཀློག་འདོན་པ། གངས་ལྷ་སྲས།【ཆ་ཚང་།】

འཕོ་ལུང་། སྒྲ། ཆོས་རྗེ་བླ་མ་དང་མཁན་ཆེན་རྣམ་གཉིས་ཀྱིས་གསུང་།

གྲུབ་བསྡུས་གནད་ཀྱི་སྒྲོན་མེ། མཁན་པོ་ཀུན་བཟང་།༼སྒྲ་ཆ་ཚང་།༽






    您可能也对以下帖子感兴趣

    文章有问题?点此查看未经处理的缓存