查看原文
其他

པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། ༼108རྫོགས་སོ།

关注👉🏼⏯ 藏家韵味 2021-07-10



1008༽མོས་གུས་བརྗེད་བྱང་དཀར་ཤོག་ལ་བཏབ་པའི་ལེའུ།



མཇུག་བྱང་དང་བཅས་རྫོགས་སོ།



པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།

༡༠༨། མོས་གུས་བརྗེད་བྱང་དཀར་ཤོག་ལ་བཏབ་པ།

དེ་ནས་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ ཨེ་མ་ཧོ༔ ཡོན་ཏན་དུ་མས་བརྒྱན་པའི་པདྨ་འབྱུང་༔ བསྐལ་པ་གྲངས་མེད་སངས་རྒྱས་མཛད་ཚུལ་བསྐྱངས༔ སྐྱེ་བ་དུ་མར་སྤྲུལ་པའི་སྐུ་རུ་བརྒྱུད༔ འདིར་འཁྲུངས་གོང་དུ་མཱ་རི་རཱ་ཛར་འཁྲུངས༔ འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན༔ འཇམ་དཔལ་སྤྲུལ་པའི་ཞིང་ཁམས་འདི་རུ་དྲངས༔ བོད་བྱོན་མི་ལོ་བཅུ་གསུམ་སོང་ཙ་ན༔ བསྒྲགས་པ་ནམ་མཁའ་ཡེ་ཤེས་ཡབ་ཀྱི་མཚན༔ གནུབས་མོ་དགེ་བ་འབུམ་ཞེས་ཡུམ་གྱི་མཚན༔ ཤིང་མོ་བྱ་ཡི་ལོ་ལ་མཚོ་རྒྱལ་འཁྲུངས༔ མེ་མོ་བྱ་ཡི་ལོ་ལ་རྗེ་དང་མཇལ༔ མི་བརྗེད་གཟུངས་ཐོབ་ཆོས་རྣམས་སློབ་མ་དགོས༔ བརྒྱད་ཅུ་རྩ་ལྔའི་བར་དུ་ཞབས་ཏོག་བསྒྲུབས༔ སྤྲུ་གུ་ཕོ་མོ་གང་ཡང་བདག་ལ་མེད༔ དགེ་སློང་མ་ཡིན་འཁོར་བའི་སྐྱོན་མ་གོས༔ སྐུ་གསུམ་བླ་མ་པདྨ་འབྱུང་གནས་དེ༔ བོད་ཁམས་ཡོངས་ལ་ཐུགས་རྗེས་ཁྱབ་པར་གཟིགས༔ རྗེ་འབངས་ཡོངས་ལ་བཀའ་དྲིན་ཆེ་བར་མཛད༔ རི་བྲག་ཐམས་ཅད་སྒྲུབ་གནས་བྱིན་གྱིས་བརླབས༔ སྐལ་ལྡན་རྣམས་ལ་ཆོས་ཀྱི་ཆར་པ་ཕབ༔ ཤེས་རབ་ཅན་ལ་ཐེག་པ་མཐའ་དག་བསྟན༔ སྣོད་ལྡན་རྣམས་ལ་གདམས་ངག་རྫོགས་པར་གནང་༔ མོས་གུས་ཅན་ལ་བྱིན་བས་ཉི་མ་ཤར༔ ལས་འཕྲོ་ཅན་ལ་མ་འོངས་ལུང་དུ་བསྟན༔ ཐུགས་རྗེ་ཕྱོགས་རིས་མེད་པའི་པད་འབྱུང་དེ༔ རྔ་ཡབ་གླིང་དུ་སྲིན་པོ་འདུལ་དུ་བཞུད༔ དཔའ་བོ་མཁའ་འགྲོ་འདུ་བའི་ཚེས་བཅུའི་ཉིན༔ སྤྲིན་ནམ་འཇའ་ཚོན་བཞིན་དུ་མཁའ་ལ་ཡལ༔ མོས་གུས་ཅན་གྱི་མཚོ་རྒྱལ་གང་དགར་བཞག༔ སྙིགས་མའི་སྐྱབས་མགོན་པདྨ་འབྱུང་གནས་བཞུད༔ འཛམ་གླིང་སྐྱབས་མེད་སེམས་ཅན་ཤུལ་དུ་བཞག༔ སངས་རྒྱས་གཉིས་པ་པདྨ་འབྱུང་གནས་བཞུད༔ དད་གུས་ཅན་གྱི་མཚོ་རྒྱལ་ཤུལ་དུ་བཞག༔ ལྷ་མིའི་མཆོད་འོས་པད་འབྱུང་དགུང་ལ་ཡལ༔ རྗེ་འབངས་དད་གུས་ཅན་རྣམས་ཤུལ་དུ་བཞག༔ འདི་ཕྱིའི་རེ་སའི་སྡོང་པོ་སྲིན་ཡུལ་བཞུད༔ རེ་ལྟོས་མེད་པའི་མཚོ་རྒྱལ་ཤུལ་དུ་བཞག༔ མེད་ཐབས་མེད་པའི་རྒྱན་པད་འབྱུང་བཞུད༔ ཀྱེ་མ་ཀྱི་ཧུད་ཨུ་རྒྱན་རིན་པོ་ཆེ༔ ཁྱོད་འདྲའི་སྤྲུལ་སྐུ་བཞུད་པ་ཅང་བདེན་ནམ༔ བོད་དུ་བྱོན་ནས་གཏན་དུ་མི་བཞུགས་པར༔ ཡེ་ཤེས་རྟ་མཆོག་ཆིབས་པ་ཅང་བདེན་ནམ༔ འཛམ་གླིང་རྒྱལ་པོའི་བླ་མཆོད་མི་མཛད་པར༔ བོད་ཡུལ་སྟོང་པར་བཞག་པ་ཅང་བདེན་ནམ༔ ལོ་ཙཱ་རྣམས་ལ་མདོ་སྔགས་མི་གསུང་པར༔ རྗེ་འབངས་ཕྱོགས་སུ་གྱེས་པ་ཅང་བདེན་ནམ༔ ཆོས་ཀྱི་ཉིང་ཁུ་གསང་སྔགས་མི་གསུང་པར༔ མཚོ་རྒྱལ་སྟོང་ལོག་བྱེད་པ་ཅང་བདེན་ནམ༔ ཉམས་ལེན་མཐར་ཐུགས་རྫོགས་ཆེན་མི་གསུང་པར༔ གདམས་ངག་ཞུ་ས་མེད་པ་ཅང་བདེན་ནམ༔ ཀྱེ་མ་ཀྱི་ཧུད་ཨུ་རྒྱན་རིན་པོ་ཆེ༔ གསལ་བྱེད་ཉི་མའི་འོད་ཀྱི་དཀྱིལ་འཁོར་ནུབ༔ ཉོན་མོངས་གདུང་སེལ་ཆུ་ཤེལ་ཟླ་བ་འདས༔ དུག་ལྔའི་ནད་སེལ་སྨན་གྱི་སྡོང་པོ་བསྐམས༔ ཐུགས་རྗེའི་ཉེ་རིང་མེད་པའི་ཕ་དེ་བཞུད༔ འཁོར་བའི་རྒྱ་མཚོ་སྒྲོལ་བའི་གཉན་པ་འདས༔ མ་རིག་མུན་པ་སེལ་བའི་སྒྲོན་མ་ཤི༔ ཐམས་ཅད་གསོལ་བ་འདེབས་པའི་རྟེན་དེ་མེད༔ སྣོད་ལྡན་སྨིན་མཛད་དབང་གི་བུམ་པ་ཆག༔ ཐེག་པ་ཀུན་ལ་མཁས་པའི་པད་འབྱུང་བཞུད༔ རང་སེམས་ཆོས་སྐུར་སྟོན་པའི་བླ་མ་བཞུད༔ སྡོམ་པ་གསུམ་གྱིས་བརྒྱན་པའི་བླ་མ་བཞུད༔ བླ་མ་ཁྱོད་ཀྱི་མཛད་པ་དྲན་ཙ་ན༔ མིག་ནས་མཆི་མ་རང་དབང་མེད་པར་ཤོར༔ དབུགས་ཁར་མ་ཤོང་བྱང་ཁོག་སྟོད་དུ་བརྒྱངས༔ གློ་སྙིང་ཁོང་པར་མ་ཤོང་ཁ་རུ་འཚངས༔ རྐང་པ་ས་ལ་མ་ཚུགས་ཐང་ལ་འགྱེལ༔ མཚོ་རྒྱལ་བསམ་པའི་སེམས་ལ་ཚུགས་ཐབས་མེད༔ ཀྱེ་མ་ཀྱི་ཧུད་སྙིང་ནས་བླ་མ་དྲན༔ མ་འོངསསེམས་ཅན་དོན་དུ་མི་བཞུགས་པར༔ ཆོས་རྣམས་གཏེར་དུ་སྦེད་པའི་དུས་ཀྱང་བྱུང་༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབེན་གནས་སུ༔ སྒྲུབ་པའི་རྒྱལ་མཚན་བོད་དུ་མི་འཛུགས་པར༔ དབེན་གནས་སྟོང་པར་འཇོག་པའི་དུས་ཀྱང་བྱུང་༔ སྐྱེ་དམན་བུད་མེད་ཡེ་ཤེས་མཚོ་རྒྱལ་འདི༔ མ་ཁྲིད་བོར་ནས་ཨུ་རྒྱན་པད་འབྱུང་བཞུད༔ མོས་གུས་ཅན་གྱི་བུ་སློབ་སྐྱོང་འཕྲོ་བཅད༔ ཀྱེ་མ་ཀྱི་ཧུད་ད་ནི་སུ་ལ་རེ༔ ཨུ་རྒྱན་པད་འབྱུང་བཞུད་པའི་དུས་ཀྱང་བྱུང་༔ རྒྱལ་ཁམས་ཐམས་ཅད་ཕ་མེད་དྭ་ཕྲུག་གང་༔ ཉིན་མཚན་མེད་པར་གདུང་བའི་སྒྲ་ཡིས་འབོད༔ གུང་ཐང་ལ་ཀར་ཐམས་ཅད་རོ་བཞིན་འགྱེལ༔ རྒྱུན་ཆད་མེད་པར་མཆི་མ་ཁྲག་ཏུ་འཛག༔ རྐང་པས་གར་ཕྱིན་དོན་མེད་ས་ལ་འགྱེལ༔ བསྡད་པས་མ་ཚུགས་ཕྱིན་ནས་དོན་མ་མཆིས༔ བསམས་པས་རྗེ་དྲན་ཉལ་བས་གཉིད་མ་བྱུང་༔ གང་ལ་བསམས་ཀྱང་པད་འབྱུང་མེད་ཐབས་མེད༔ ཀྱེ་མ་ཀྱི་ཧུད་ཨུ་རྒྱན་རིན་པོ་ཆེ༔ སྐྱེ་དམན་མཚོ་རྒྱལ་སྙིང་ནི་མི་རྗེའམ༔ སྤྲིན་གྱི་གསེབ་ནས་བྱུང་བའི་རྟ་སྔོན་ཁྱོད༔ བདག་གི་བླ་མ་གང་དུ་གདན་འདྲེན་ན༔ བར་སྣང་དཀར་དམར་ལྷ་དང་ལྷ་མོས་གང་༔ ཨུ་རྒྱན་པད་འབྱུང་ནམ་མཁའི་དབྱིངས་སུ་གཤེགས༔ མཚོ་རྒྱལ་གདུང་བ་ཞི་བར་མ་གྱུར་ནས༔ སྨྲེ་སྔགས་གདུང་བས་ཕྱོགས་བཅུར་བོས་ལགས་ཀྱང་༔ སྐད་ཅིག་ཙམ་ཡང་རྗེ་ཉིད་མ་བྱོན་ན༔ ས་སྟེང་འགྲོ་བ་མི་ཡི་གནས་འདི་ན༔ བདག་ལས་སེམས་པ་སྐྱོ་བ་སུ་ཞིག་ཡོད༔ བོད་ཀྱི་ས་གཞི་ཐམས་ཅད་སྟོང་པར་སོང་༔ རྗེ་འབངས་བུ་སློབ་ཐམས་ཅད་ཆོ་ངེ་འདེབས༔ གང་དུ་ཕྱིན་ཀྱང་ཨུ་རྒྱན་པད་འབྱུང་དྲན༔ ཉིན་དྲན་མཚན་དྲན་ཅི་ལ་བསམས་ཀྱང་དྲན༔ བུད་མེད་ངན་མ་མཁར་ཆེན་མཚོ་རྒྱལ་གྱིས༔ གཞོན་ནུའི་དུས་ནས་སློབ་དཔོན་གཟུང་མ་བྱས༔ བསམ་པ་རྙེད་ནས་བླ་མ་མིག་བཞིན་བསྟེན༔ དམ་ཚིག་གཙང་བས་ཆོས་རྣམས་མ་ལུས་གནང་༔ ད་ལྟའི་དུས་ན་ཆོས་རྣམས་ཉམས་ལེན་བདེ༔ རྒས་པའི་དུས་བྱུང་ཤི་ཡང་འགྱོད་མེད་བྱས༔ གུ་རུའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་༔ མ་འོངས་སེམས་ཅན་མོས་གུས་རྟེན་ཙམ་ལ༔ ལྷུན་པོའི་དྲུང་དུ་རི་ཕྲན་ཙམ་ཞིག་བཀོད༔ འདི་བཀོད་དགེ་བས་འགྲོ་དྲུག་སེམས་ཅན་རྣམས༔ ཨུ་རྒྱན་པད་འབྱུང་ཞབས་དྲུང་སྐྱེ་བར་ཤོག༔ སྐྱེས་ནས་གཞན་དོན་དཔག་མེད་འགྲུབ་པར་ཤོག༔ སྐྱེ་ཤི་གཉིས་སྤངས་ཁྱོད་ཀྱི་བྱིན་བས་ཀྱིས༔ བདག་གིས་སྨོན་ལམ་གང་བཏབ་འགྲུབ་པར་ཤོག༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ མོས་གུས་བརྗེད་བྱང་དཀར་ཤོག་ལ་བཏབ་པའི་ལེའུ་སྟེ་བརྒྱ་དང་བརྒྱད་པའོ༔ ༔










བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།





〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』


〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗


〖3〗༄༅། །འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ། །༸མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།སྐུ་ཉིད་ཀྱིས་ལྗགས་ཁྲིད་གནང་བའི་སྒྲ་〖ཆ་ཚང་།〗


མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】


ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས།   མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད།   གང་ཞེ་ན།   འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད།  དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།


གསལ་བཤད།


སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ།  ཡུལ་ལུང་གོམས་སྤྱོད་ངོ་སྤྲོད།   ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར།  ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།



འཕྲིན་སྟེགས་གཙོ་སྐྱོང་པས།




སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ།  མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།

版权为原著所有,著有侵犯到您的权益,请您与我们联系,我们将立即删除


སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️

རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】

ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དགོངས་པ་ཆོས་དབྱིངས་སུ་མ་རྫོགས་གོང་བླ་རུང་ཞིང་སྒྲུབ་ཀྱི་རྣམ་པ་དང་སྐྱབས་རྗེ་བླ་མའི་བཀའ་སློབ་དང་ཞིང་དབང་བསྐུར་བའི་བརྙན།

ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།

ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།

སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽

འཛམ་གླིང་འཕྲོད་བརྟེན་ཉིན་མོར་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བདེ་སྲུང་ཚན་ཆུང་གི་བགྲོ་གླེང་ཐེངས་གཉིས་པའི་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གནང་བའི་བཀའ་སློབ།

མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ། 

རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།

བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽

དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽

བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』

དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག

མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།

འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽

རྗེ་བཙུན་མི་ལ་རས་པའི་རྣམ་ཐར།༼གློག་བརྙན་ཆ་ཚང་།༽

སྙིང་གཏམ་སྤྲིན་གྱི་རོལ་མོ། ཀློག་འདོན་པ། གངས་ལྷ་སྲས།【ཆ་ཚང་།】

འཕོ་ལུང་། སྒྲ། ཆོས་རྗེ་བླ་མ་དང་མཁན་ཆེན་རྣམ་གཉིས་ཀྱིས་གསུང་།

གྲུབ་བསྡུས་གནད་ཀྱི་སྒྲོན་མེ། མཁན་པོ་ཀུན་བཟང་།༼སྒྲ་ཆ་ཚང་།༽






    您可能也对以下帖子感兴趣

    文章有问题?点此查看未经处理的缓存