查看原文
其他

འབྲེལ་ཚད་བདེ་བ་ཅན་དུ་འདྲེན་པའི་ཞལ་བཞེས་སྒྲ་ཡིག་གཉིས་ལྡན།

藏家韵味 藏家韵味 2022-06-06

འབྲེལ་ཚད་བདེ་བ་ཅན་དུ་འདྲེན་པའི་ཞལ་བཞེས།

ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུས་གསུང་།


ཨོ་རྒྱན་ཆེན་པོ་དང་བླ་མ་མི་ཕམ་པས་ཀྱང་ངས་འགྲོ་དོན་ཆེན་པོ་ཡོང་གསུངས་ཡོད་ཀི   འབྲེལ་ཚད་བདེ་ཆེན་ཞིང་ལ་སྐྱེ་འགྲོ་གསུངས་ཡོད་ཀི  ལྷག་ཏུ་ལོ་གཉིས་བརྒྱའི་སྔོན་ཞིག་ནས་རྡོ་གྲུབ་རྒན་ཟེར་བའི་བླ་མ་ཞིག་གིས།  བླ་རུང་གི་སྨད་ན་རྔ་ལ་སྟག་རྩེ་དང་སྟོད་ན་དམ་ཅན། དེ་ནས་ཤིང་གི་ལྷ་མོ་དང་བླ་རུང་ཟེར་རྒྱུའི་ས་ཆ་འདི་དང་ཆོས་སྡེ་ཁག་བཞིའི་དགེ་འདུན་པ་རྣམས་དང་ང་རང་བཅས་ལུང་གསལ་པོར་བསྟན་ཡོད་ཀི  གཞན་ཡང་ལས་རབ་གླིང་པས། རྫུ་མེད་ཆོས་ལྷས་ཟེར་ས་ཞིག་ན་འཇིགས་མེད་ཕུན་ཚོགས་ཟེར་བའི་ཡབ་པདྨ་དང་ཡུམ་གཡུ་མཚོ་གཉིས་ཀྱི་བུ་ལོ་སྙིང་བྱ་ལོ་བ་ཅན་ཞིག་ལུས་ངག་ཡིད་གསུམ་ན་རྟགས་མང་པོ་ཡོད་པ་དེས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སྙིགས་མའི་རྒུད་པ་དབྱིངས་སུ་ཞི་ནས་ཀུན་ཀྱང་བདེ་ཆེན་ཞིང་དུ་འདྲེན་འགྲོ་གསུངས་ཡོད་ཀི  དེས་ན་ཁོང་རྣམ་པའི་རྫུན་ནི་གསུང་རྒྱུ་མ་རེད། ང་མ་སྐྱེས་པའི་ཡར་སྔོན་ཡར་སྔོན་ཞིག་ནས་གསུངས་པ་རེད་མ་གཏོགས་ང་སྐྱེས་ཚར་རྒྱབ་ཡིན་ན་ད་བླ་མ་དག་གིས་ཁ་ཡག་བཤད་པ་ཡིན་སྲིད་ཀྱང་དེ་འདྲ་ཞིག་མ་རེད། ད་དུང་ལུང་བསྟན་མང་པོ་ཡོད་ཀི ངས་རྫུན་བཤད་ནི་མིན། ང་བཟང་ཆེད་དུ་ཡང་བཤད་པ་མིན།ཁྱེད་རྣམ་པ་དགའ་བའི་ཆེད་དུ་བཤད་པ་ཡིན། དེས་ན་ཁྱེད་རྣམས་པས་ཀྱང་དགའ་དགའ་སྤྲོ་སྤྲོའི་ངང་ནས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཐོབ། ད་ཐེངས་ཀྱི་ཆོས་ཚོགས་འདིར་ཐོན་ཡོད་པ་རྣམས་ཀྱིས་དད་པ་དང་ཁས་ལེན་ཡག་པོ་གྱིས། དམེ་མ་བྱེད། རྐུ་མ་བྱེད་དང་ཁྱེད་ཚོ་གཅིག་ཀྱང་མི་ལྷག་པར་བདེ་བ་ཅན་དུ་སྐྱེ་ཨེ་འགྲོ་བསམ་རྒྱུ་ཞིག་གསུངས་ཡོད་ཀི  ང་ཤི་ལ་ཁད་ཀྱི་དུས་འདི་འདྲ་ཞིག་ལ་འདི་ལྟར་རྒོད་རྒོད་བྱེད་འདུག་རྒྱུ་དེ་ཡང་ལུང་བསྟན་འདི་ཚོ་ལ་འཁྲུལ་བ་ཡོད་རྒྱུ་མ་རེད་འདོད་པས་ཡིན།  ངས་ཀྱང་འགྲོ་དོན་རྒྱ་ཆེན་པོ་ཞིག་ཡོང་ས་རེད་བསམས་ནི་ཡིན། དེས་ན་ཁྱེད་རྣམ་པས་འོད་མཚན་བྱེ་ཆུང་རེ་ཐོན་དང་ཆོས་སྤངས་ཀྱི་ལས་ངན་པ་རེ་བསགས་མེད་ན་ཤི་མ་ཐག་ཏུ་བདེ་བ་ཅན་ལ་སྐྱེ་རྒྱུ་ངས་རྒྱལ་བ་སྲས་དང་བཅས་པ་དཔང་པོར་བཞག་ནས་ཁག་ཁུར་ནི་ཡིན། སྐད་ཆ་འདི་ལ་ཐེ་ཚོམ་དང་ཡིད་གཉིས་མི་དགོས། 

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུས།



ཕ་རྒན་བྱ་རྒྱལ་རྒོད་པོ་མཁའ་དབྱིངས་སུ་བསྐྱོད་ནས། །

སྤྱི་རྒྱ་རླབས་ཀྱིས་གཅོད་པའི་ལྟད་མོ་ཞིག་བསྟན་ཡོད། །

རྩལ་ཕྲུག་ནར་དུ་སོན་པའི་བུ་རྒྱུད་འདྲ་ཡོད་ན། །

རྟོགས་པའི་གཤོག་རྩལ་འགྲན་བཞིན་ཡར་ཡར་ལ་ཕེབས་ཤོག །

像大鹏鸟一样的上师,已经展开雄健有力的智慧翅膀,展示着遨游天际的精彩舞姿。若有羽翼丰满、力量成熟的幼子,也应借着证悟的翅膀,冲向法界虚空,与上师一起,演绎比翼双飞的绝唱。

ཡ་གི་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་བཀོད་པ། །

གྲངས་མེད་འཇིག་རྟེན་མང་པོའི་ཆོད་པ་རུ་གྲགས་ཀྱང་། །

ལས་སྨོན་སྒྱུ་མའི་འཕྲུལ་གྱི་རྩེད་འཇོ་ལ་མཁས་ན། །

གནས་ཡུལ་བསྐལ་དོན་མི་འདུག་དམ་ལྡན་གྱི་སློབ་ཚོགས། །

具备誓言的弟子们啊!虽说上方极乐世界的美妙庄严,远在无量众多世界之外,但对通达善业胜愿幻化境界的人儿来说,此等景象,其实并非遥远。 

སྒྱུ་ལུས་རྣག་གི་ཕུང་པོའི་རྒོང་རྒྱ་འདི་རལ་ཚེ། །

རིག་པ་མི་སྡོད་ནུབ་ཕྱོགས་མཁའ་དབྱིངས་སུ་འཕུར་འགྲོ། །

ཨ་མའི་མངལ་ནས་གཤོག་དྲུག་མཐའ་ནས་རང་རྒྱས་ཕྱིར། །

ཉམ་ངའི་གཡང་སར་མི་ལྷུང་དཔའ་གདེང་ཞིག་ཡོད་དོ། །

当舍弃此等如幻蕴身躯壳的时候,

我的明觉心识将直接飞往西方极乐。

因为在母胎中,我的羽翼已经丰满成熟,有了不再坠落凶恶之地的把握。

འབྲེལ་ཚད་བདེ་ཆེན་དག་པའི་ཞིང་མཆོག་ཏུ་ཁྲིད་པའི། །

བསླུ་མེད་རྡོ་རྗེ་གསུང་གི་དབུགས་དབྱུང་དེ་ཐོབ་ནས། །

ཚེ་གཅིག་ཡིད་ལ་བརྣག་པའི་འདོད་དོན་གྱི་རི་མོ། །

གེགས་མེད་མངོན་དུ་གྱུར་བའི་ལས་ལྡན་ང་སྐྱིད་པ། །

获得了能引导结缘众生往生极乐的无欺金刚语之授记安慰,在内心描绘了一生的宏伟蓝图,已经有了可以无碍现前的缘分。我,是多么的幸福啊! 

 ———法王如意宝:






བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།





〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』


〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗


〖3〗༄༅། །འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ། །༸མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།སྐུ་ཉིད་ཀྱིས་ལྗགས་ཁྲིད་གནང་བའི་སྒྲ་〖ཆ་ཚང་།〗


མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】


ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས།   མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད།   གང་ཞེ་ན།   འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད།  དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།


གསལ་བཤད།


སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ།  ཡུལ་ལུང་གོམས་སྤྱོད་ངོ་སྤྲོད།   ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར།  ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།



འཕྲིན་སྟེགས་གཙོ་སྐྱོང་པས།




སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ།  མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།

版权为原著所有,著有侵犯到您的权益,请您与我们联系,我们将立即删除

སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️

རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】

ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དགོངས་པ་ཆོས་དབྱིངས་སུ་མ་རྫོགས་གོང་བླ་རུང་ཞིང་སྒྲུབ་ཀྱི་རྣམ་པ་དང་སྐྱབས་རྗེ་བླ་མའི་བཀའ་སློབ་དང་ཞིང་དབང་བསྐུར་བའི་བརྙན།

ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།

འདུལ་བ་མདོ་རྩ། མཁན་ཚུལ་ཁྲིམས་བློ་གྲོས།༼སྒྲ་ཆ་ཚང་།

ས་སྐྱ་ལེགས་བཤད། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམ་བློ་གྲོས།༼ཆ་ཚང་།

༄༅། ། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་རྣམ་པར་འགྲེལ་བ་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། འཆད་ཁྲིད་གསུང་མཁན། ༧བླ་མ་ཚུལ་ཁྲིམས་བློ་གྲོས།

སད་རྨི་རྩོད་པའི་གླུ་སྒྱུ་མའི་རོལ་མོ་དགུ་འགྱུར་ཞེས་བྱ་བ་བཞུགས་སོ། །

མཛད་པ་པོ། ཀུན་མཁྱེན་མི་ཕམ་རྣམ་རྒྱལ་རྒྱ་མཚོ། འཆད་ཁྲིད་པ། མཁས་དབང་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།༽

སྐུ་གསུང་ཐུགས་རྟེན་ལ་གུས་པར་བྱེད་པའི་ཚུལ་བརྗོད་པ་ལེགས་ལམ་དམ་པའི་གསོས་སྨན་ཞེས་བྱ་བ་བཞུགས་སོ། ། 

མཛད་པ་པོ། དཔལ་སྤྲུལ་རིན་པོ་ཆེ། འཆད་ཁྲིད་པ། མཁས་དབང་ཚུལ་ཁྲིམས་བློ་གྲོས།

༼ཆ་ཚང་།༽

ཚད་མ་རིག་གཏེར་གྱི་རྩ་བ། འཆད་ཁྲིད་པ། མཁས་དབང་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་༽

སྙིང་གཏམ་སྤྲིན་གྱི་རོལ་མོ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼སྒྲ་ཆ་ཚང་།༽

ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།

སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽

འཛམ་གླིང་འཕྲོད་བརྟེན་ཉིན་མོར་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བདེ་སྲུང་ཚན་ཆུང་གི་བགྲོ་གླེང་ཐེངས་གཉིས་པའི་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གནང་བའི་བཀའ་སློབ།

མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ། 

ནང་ཆོས་དང་ཚན་རིག མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུངས།༼ཆ་ཚང་།

རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།

བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽

དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽

བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』

༧ཆོས་རྗེ་ཡིད་བཞིན་ནོར་བུའི་རྣམ་ཐར་རྒྱས་པའི་འཆད་ཁྲིད། <སྒྲ་ཆ་ཚང་།

དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག

མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།

པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། ༼སྒྲ་ཆ་ཚང་རྫོཊ་སོ།

འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽

རྗེ་བཙུན་མི་ལ་རས་པའི་རྣམ་ཐར།༼གློག་བརྙན་ཆ་ཚང་།༽

སྙིང་གཏམ་སྤྲིན་གྱི་རོལ་མོ། ཀློག་འདོན་པ། གངས་ལྷ་སྲས།【ཆ་ཚང་།】

འཕོ་ལུང་། སྒྲ། ཆོས་རྗེ་བླ་མ་དང་མཁན་ཆེན་རྣམ་གཉིས་ཀྱིས་གསུང་།

གྲུབ་བསྡུས་གནད་ཀྱི་སྒྲོན་མེ། མཁན་པོ་ཀུན་བཟང་།༼སྒྲ་ཆ་ཚང་།༽




您可能也对以下帖子感兴趣

文章有问题?点此查看未经处理的缓存