查看原文
其他

གཅོད་ཀྱི་དབྱངས་རྟ་ལྷད་མེད་གཡས་འཁྱིལ་དུང་གི་རང་སྒྲ།

藏家韵味 2023-06-06

བླ་མ་རིན་པོ་ཆེ་བཤད་སྒྲུབ་བསྟན་པའི་ཉི་མ།


༈ བདུད་འཇོམས་ཁྲོས་མའི་གཅོད་ཀྱི་དབྱངས་རྟ་ལྷད་མེད་གཡས་འཁྱིལ་དུང་གི་རང་སྒྲ


དེ་ཡང་། དགོངས་འདུས་སྤྱི་ཆིངས་གལ་མདོའི་སྐོར་གྱི་ཐེམ་བྱང་ཉི་ཟླའི་སྤར་ཁབ་ལས།  ལས་དྲུག་གི་ནང་གསེས་ངག་གི་སྒྲ་དོན་ཡེ་ཤེས་ལྷའི་གསུང་དུ་སྒྲུབ་ཅིང་ཡེ་ཤེས་དང་ལས་ལས་གྲུབ་པ་རྣམས་ཀྱི་ཐུགས་དམ་སྐོང་བ་དབྱངས་གྱེར་གྱི་ལས་ཏེ་ཞེས་གསུངས་པ་ལྟར། ལས་འདི་ནི་རྣམ་འབྱོར་སློབ་ལམ་པ་ཞིག་ལ་མཚོན་ན་དགོས་གལ་ཧ་ཅང་ཆེ་བར་མ་ཟད། སྒྲུབ་བརྒྱུད་དང་བཀའ་གཏེར་གང་ཡིན་ཡང་རང་རང་གི་དབྱངས་རྟ་འདོན་སོགས་ཀྱི་བརྒྱུད་པ་གཞན་དང་མ་འདྲེས་པར་བྱིན་རླབས་ཀྱི་ཚད་ཁ་མ་ཉམས་པའི་ཕྱག་བཞེས་མན་ངག་སོགས་དང་འབྲེལ་དགོས་པ་གཙོ་བོའི་གནད་དོན་ཞིག་སྟེ།  དགོངས་འདུས་བསྐྱེད་རྫོགས་ཟུང་འཇུག་མཁྱེན་བརྩེའི་མེ་ལོང་འོད་ཟེར་བརྒྱ་བ་ལས། འབྲེལ་བ་བཞིའི་འོག་མ་གཉིས་ཀྱི་བསྟན་དོན་ནི། ཆོ་ག་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་བརྒྱུད་པའི་གདམས་ངག་དང་འབྲེལ་དགོས་ཚུལ་གསུངས་པའི་ཚུལ་ལ་བསམ་ན་གར་དབྱངས་ཐིག་གསུམ་གང་ཡིན་ཡང་བླ་མའི་མན་ངག་དང་འབྲལ་ཐབས་མེད་པ་ཡིན་པར་མ་ཟད། བླ་མའི་མན་ངག་དེ་ལ་ཡང་མོས་གུས་ཁྱད་པར་བཞི་ལྡན་གྱི་སྒོ་ནས་ལག་ལེན་ཚུལ་བཞིན་མཛད་ན། འདུས་མདོའི་དབང་གི་ཆོ་ག་རྡོ་རྗེའི་ཐེམ་སྐས་ལས།བྱིན་རླབས་ཕྲལ་དུ་འཇུག  ཡེ་ཤེས་སྐད་ཅིག་ལ་ཕེབས། མཆོག་དང་ཐུན་མོང་གི་འདོད་དོན་དཀའ་བ་མེད་པར་འགྲུབ་པར་འགྱུར་བ་ཡིན་པས། ཞེས་གསུངས་པ་ལྟར། ལྟ་བ་བསྐྱེད་རྫོགས། བསྒོམ་པ་ལྷ་སྔགས། སྤྱོད་པ་གར་དབྱངས་ཐིག་སོགས་གང་ཡིན་ཡང་མཐོང་བརྒྱུད་ཀྱི་བླ་མའི་ཕྱག་བཞེས་དང་མ་འཛོལ་བ་གནད་ཀྱི་དམ་པའོ། །

ད་ལམ་འདིར་རྟོག་ལྡན་སྦས་པའི་རྣལ་འབྱོར་མཁན་རིན་པོ་ཆེ་བཤད་སྒྲུབ་བསྟན་པའི་ཉི་མ་ཁོང་ནི། འཁྲུལ་མེད་རྡོ་རྗེའི་གཏེར་ལུང་དུ་མ་ལས་ཁྲག་འཐུང་བདུད་འཇོམས་གླིང་པའི་ཟབ་གཏེར་གྱི་ཕྲིན་ལས་སྤེལ་བའི་བྱེད་པོ་རུ་ལུང་གིས་བསྔགས་ཤིང་བརྡ་ཡིས་བསྟན་པ་ཇི་བཞིན། གཏེར་ཆེན་མཆོག་གི་ཟབ་ཆོས་དག་སྐལ་ལྡན་འདུས་པ་རྒྱ་མཚོ་ལ་བཀའ་ལུང་དབང་གསུམ་མན་ངག་དམར་ཁྲིད་དང་བཅས་རྒྱ་ཆེར་སྤེལ་བས་ཟབ་ཆོས་འདིའི་ཕྲིན་ལས་ཉི་ཟླའི་སྣང་བ་ལྟར་བྱས་པའོ། །ཁྱད་པར་དུ་བདུད་གཅོད་ཟབ་མོའི་ཉམས་ལེན་ཚེ་འདིར་ཆོས་སྐུའི་གོ་འཕང་འཐོབ་བྱེད་ཟབ་ཆོས་གཞན་ལས་ཁྱད་པར་དུ་འཕགས་པ་འདི་ནི་མཁན་རིན་པོ་ཆེ་ཉིད་ཀྱི་ཐུགས་དམ་གྱི་མཐིལ་ལྟ་བུ་ཞིག་ཏུ་ཉམས་བཞེས་མཛད་པ་ཡིན། དེའི་སྟབས་ཀྱིས་ཁོང་གི་སློབ་མ་སློབ་བརྒྱུད་དང་བཅས་པར་ཟབ་ཆོས་ཁྲོས་མ་ནག་མོ་འདི་ལ་དད་གུས་པདྨོ་རབ་དུ་བཞད་པའི་སྙིང་དབུས་སུ་ཁྲོས་མའི་དབྱངས་རྟ་འདོན་གྱི་ཕྱག་བཞེས་འཁྲུལ་མེད་ཅིག་ཤེས་འདོད་ཀྱི་ཀུན་སློང་དེ་སྐོམ་པ་ཆུ་ལ་རེ་བའི་ངང་ཚུལ་ལས་མ་འདས་པ་ཞིག་གོ། རྒྱུ་མཚན་འདི་དག་ལ་བརྟེན་ནས་མ་ཅིག་ཁྲོས་མ་ནག་མོའི་དབྱངས་རྟ་བརྒྱུད་པའི་བྱིན་རླབས་མ་ཉམས་ཤིང་གཞན་གྱི་ལྷད་མ་ཤོར་བའི་དུང་དཀར་པོའི་རང་སྒྲ་ལྟ་བུ་ཞིག་ཏུ་རློམས་ནས་ཀུན་ལ་ཕན་པའི་བློས་བརྩོན་པ་ཆེར་བསྐྱེད་ཀྱིས་སྤེལ་བ་ལགས་སོ། །

འོ་ན་ད་ལན་སྤེལ་བའི་དབྱངས་རྟ་འདི་ཉིད་ཀྱི་བརྒྱུད་པ་དང་གཞན་གྱིས་ལྷད་མ་ཞུགས་པའི་གསལ་བཤད་མདོ་ཙམ་བརྗོད་ན། བརྒྱུད་པའི་ཆུ་འགོ་གངས་ལ་གཏུགས་པའི་དཔེ་ལྟར་ཐོག་མར་གཏེར་ཆེན་བདུད་འཇོམས་རིན་པོ་ཆེ་ནས་ཁོང་གི་ཉེ་སྲས་བརྒྱད་ཀྱི་ཡ་གྱལ་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ། སྤྲུལ་སྐུ་རྡོ་རྗེ་དགྲ་འདུལ་དང་། དེ་ནས་ཁོང་གི་དངོས་སློབ་བླ་མ་ཨོ་རྒྱན་ཉི་མ། དེ་ལས་མཁན་རིན་པོ་ཆེ་བཤད་སྒྲུབ་བསྟན་པའི་ཉི་མ།  དེ་ནས་ཁོང་གི་དངོས་སློབ་སྡེར་ནང་དགོན་གྱི་དབུ་ཆེན་བློ་ཤེར་རམ་དྲྭ་མིང་དུ་རྨ་ཡུལ་དབྱར་རྔ་ལགས་ལ་བརྒྱུད་པའི་ཚུལ་ལས་བྱུང་བ་ལགས་ཤིང་། དབུ་མཛད་ཆེན་མོ་ཁོང་གིས་ཀྱང་མཁན་རིན་པོ་ཆེ་བཤད་སྒྲུབ་བསྟན་པའི་ཉི་མའི་མདུན་ནས་ཞགས་བརྒྱ་གསུམ་གྱི་རིང་ལ་བརྩོན་པ་ལྷོད་མེད་ཀྱིས་དཀའ་སྤྱད་སྡུག་རུས་གནང་ཏེ་མཐར་མཁན་རིན་པོ་ཆེ་བཤད་སྒྲུབ་བསྟན་པའི་ཉི་མ་ཚང་གི་ཐུགས་བློར་བབས་ཤིང་ཁོང་གིས་ཀྱང་བདུད་འཇོམས་ཁྲོས་མའི་དབྱངས་རྟ་རྣམ་དག་ལྷད་མེད་ཅིག་རེད་འདུག་གསུངས་ནས་བཀའ་ཡིས་བསྔགས་བརྗོད་ཀྱི་མེ་ཏོག་ཟིམ་བུར་འཐོར་བ་ནི་བླ་མས་བཀའ་གསུང་ཚད་མས་ལྷད་མེད་དུ་གྲུབ་པའོ། །

རྒྱུ་མཚན་འདི་དག་ལ་བརྟེན་ནས་སྤྲུལ་རིན་པོ་ཆེ་ངེས་དོན་བསྟན་འཛིན་ལགས་ཀྱིས་ཆེད་དུ་ཁྲོས་མའི་དབྱངས་རྟ་སྙན་མོ་འདི་དེང་རབ་འཕྲུལ་ཆས་ཀྱི་སྒྲ་བཟོས་སྦྱོར་བ་ལ་འཇུག་པའི་དངོས་རྒྱུའི་ས་བོན་དང་། དེ་ཙམ་དུ་མ་ཟད་སྤྲུལ་ངེས་དོན་བསྟན་འཛིན་ཁོང་གིས་ཀྱང་བླ་མ་རིན་པོ་ཆེ་བཤད་སྒྲུབ་བསྟན་པའི་ཉི་མ་ལ་བཀའ་ཡི་གནང་བ་ཞུས་ཤིང་ཐུགས་ཀྱི་དགོང་པ་གནང་བར་མ་ཟད་ཐུགས་དགྱེས་ཚུལ་དང་བཅས་ད་ལན་གྱི་ཁྲོས་མའི་དབྱངས་རྟ་འདི་སྤེལ་བ་ཡིན་པ་ལས། རང་དགར་ཡིད་ལ་ཅི་ཤར་དང་ངག་ལ་གང་བདེ་ཙམ་གྱིས་ཐད་གར་ལས་ལ་འཇུག་པ་ནི་གཏན་ནས་མ་ཡིན་ནོ། །དེས་ན་ད་ལན་འདིར་«བདུད་འཇོམས་ཁྲོས་མའི་གཅོད་ཀྱི་དབྱངས་རྟ་ལྷད་མེད་གཡས་འཁྱིལ་དུང་གི་རང་སྒྲ»ཞེས་མིང་བཏགས་པ་དེ་ཡང་གཞན་གྱི་བཅོས་ལྷད་མེད་པ་དང་ཐོག་མའི་ཀུན་སློང་གཙང་བ། བར་གྱི་སྦྱོར་བ་དག་པ། ཐ་མའི་གྲུབ་དོན་སོགས་གཞན་ཕན་ཁོ་ནས་རྐྱེན་བྱས་ཡོད་སྟབས་ངོ་བོ་དཀར་ལ་རང་བཞིན་གཏེར་གསར་ཁྲོས་མའི་སྒྲ་དབྱངས་ཇི་བཞིན་པ་ཞིག་གིས་སྲིད་པ་གསུམ་པོའི་ཁྱོན་ཀུན་ཆོས་དུང་དཀར་པོའི་སྒྲས་ཁྱབ་པའི་སྨོན་འདུན་དང་བཅས་ཕུལ་བའོ། །


ཡང་ཟབ་རྡོ་རྗེའི་དགོངས་དོན་རྨད་པོ་ཆེ།།

མཁས་གྲུབ་འབུམ་རྒུའི་ཕྱག་སྲོལ་བདུད་རྩིའི་རྒྱུན།།

བྱིན་རླབས་བརྒྱུད་པའི་དྲི་བསུང་མ་ཡལ་བ།།

འགྲོ་བློ་དགེ་ལ་སྐུལ་བའི་སྐྱེས་སུ་འབུལ།།


    ཞེས་བོད་རབ་བྱུང་༡༧པའི་འཕར་བ་ཞེས་པ་ལྕགས་གླང་ལོའི་ཐ་སྐར་ཟླ་བ་སྟེ་བོད་ཟླ་དགུ་པའི་ཚེས་ཉེར་གསུམ། ལེགས་པ་བརྒྱད་འཛོམས་ཀྱི་དུས་ཚེས་འགྲུབ་སྦྱོར་དགེ་བའི་ཉིན། སྙོམས་ལས་པ་རིག་འཛིན་རྒྱལ་པོས་གུས་བཅས་ཕུལ་བ་དགེ་ལེགས་འཕེལ།༢༠༢༡  ༡༠  ༢༨

ཞལ་འདོན་པ་སྡེར་ནང་དགོན་གྱི་དབུ་ཆེན་བློ་ཤེར།






བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།





〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』


〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗


〖3〗༄༅། །འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ། །༸མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།སྐུ་ཉིད་ཀྱིས་ལྗགས་ཁྲིད་གནང་བའི་སྒྲ་〖ཆ་ཚང་།〗


མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】


ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས།   མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད།   གང་ཞེ་ན།   འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད།  དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།


གསལ་བཤད།


སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ།  ཡུལ་ལུང་གོམས་སྤྱོད་ངོ་སྤྲོད།   ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར།  ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།



འཕྲིན་སྟེགས་གཙོ་སྐྱོང་པས།




སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ།  མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།

版权为原著所有,著有侵犯到您的权益,请您与我们联系,我们将立即删除

སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️

རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】

ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དགོངས་པ་ཆོས་དབྱིངས་སུ་མ་རྫོགས་གོང་བླ་རུང་ཞིང་སྒྲུབ་ཀྱི་རྣམ་པ་དང་སྐྱབས་རྗེ་བླ་མའི་བཀའ་སློབ་དང་ཞིང་དབང་བསྐུར་བའི་བརྙན།

ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།

འདུལ་བ་མདོ་རྩ། མཁན་ཚུལ་ཁྲིམས་བློ་གྲོས།༼སྒྲ་ཆ་ཚང་།

ས་སྐྱ་ལེགས་བཤད། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམ་བློ་གྲོས།༼ཆ་ཚང་།

༄༅། ། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་རྣམ་པར་འགྲེལ་བ་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། འཆད་ཁྲིད་གསུང་མཁན། ༧བླ་མ་ཚུལ་ཁྲིམས་བློ་གྲོས།

སད་རྨི་རྩོད་པའི་གླུ་སྒྱུ་མའི་རོལ་མོ་དགུ་འགྱུར་ཞེས་བྱ་བ་བཞུགས་སོ། །

མཛད་པ་པོ། ཀུན་མཁྱེན་མི་ཕམ་རྣམ་རྒྱལ་རྒྱ་མཚོ། འཆད་ཁྲིད་པ། མཁས་དབང་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།༽

སྐུ་གསུང་ཐུགས་རྟེན་ལ་གུས་པར་བྱེད་པའི་ཚུལ་བརྗོད་པ་ལེགས་ལམ་དམ་པའི་གསོས་སྨན་ཞེས་བྱ་བ་བཞུགས་སོ། ། 

མཛད་པ་པོ། དཔལ་སྤྲུལ་རིན་པོ་ཆེ། འཆད་ཁྲིད་པ། མཁས་དབང་ཚུལ་ཁྲིམས་བློ་གྲོས།

༼ཆ་ཚང་།༽

ཚད་མ་རིག་གཏེར་གྱི་རྩ་བ། འཆད་ཁྲིད་པ། མཁས་དབང་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་༽

སྙིང་གཏམ་སྤྲིན་གྱི་རོལ་མོ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼སྒྲ་ཆ་ཚང་།༽

ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།

སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽

འཛམ་གླིང་འཕྲོད་བརྟེན་ཉིན་མོར་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བདེ་སྲུང་ཚན་ཆུང་གི་བགྲོ་གླེང་ཐེངས་གཉིས་པའི་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གནང་བའི་བཀའ་སློབ།

མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ། 

ནང་ཆོས་དང་ཚན་རིག མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུངས།༼ཆ་ཚང་།

རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།

བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽

དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽

བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』

༧ཆོས་རྗེ་ཡིད་བཞིན་ནོར་བུའི་རྣམ་ཐར་རྒྱས་པའི་འཆད་ཁྲིད། <སྒྲ་ཆ་ཚང་།

དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག

མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།

པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། ༼སྒྲ་ཆ་ཚང་རྫོཊ་སོ།

འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽

རྗེ་བཙུན་མི་ལ་རས་པའི་རྣམ་ཐར།༼གློག་བརྙན་ཆ་ཚང་།༽

སྙིང་གཏམ་སྤྲིན་གྱི་རོལ་མོ། ཀློག་འདོན་པ། གངས་ལྷ་སྲས།【ཆ་ཚང་།】

འཕོ་ལུང་། སྒྲ། ཆོས་རྗེ་བླ་མ་དང་མཁན་ཆེན་རྣམ་གཉིས་ཀྱིས་གསུང་།

གྲུབ་བསྡུས་གནད་ཀྱི་སྒྲོན་མེ། མཁན་པོ་ཀུན་བཟང་།༼སྒྲ་ཆ་ཚང་།༽




您可能也对以下帖子感兴趣

文章有问题?点此查看未经处理的缓存