查看原文
其他

པད་མ འུ་གཉིས་འདི་ཕྱི་གཉིས་རེད།

སྦྱིན་པ། Jinba 2024-04-03

སྔོན་གླེང་།



     ངའི་མིང་ལ་སྦྱིན་པ་ཟེར།  གེའུ་ཡང་ཟེར།  སྙན་ངག་འབྲི་མཁན་དག་ལ་བག་ཆགས་ཅུང་ཙམ་ཡོད་ཀྱང་སྲིད།   ཡི་གེ་རྣམས་ཐང་མར་བརྡལ་ཚེ་མི་ཉིད་སྐྱིད་པ་དང་མི་སྐྱིད་པ།  མཁའ་རུ་འཕགས་པ།  ས་རུ་བརྡབས་པ།   བར་སྣང་དུ་གཡོ་བ་ལ་སོགས་པའི་ཚོར་བ་འབྱུང་།    ང་ཡང་རང་ཚོད་ཀྱིས་མི་ཡི་གཟུགས་ཤིག་ཡིན་སྣང་སྐྱེ།   འཁྲུལ་བ་ཡིན་ནམ་ཅི་ཆ།  ད་ནས་ངས་ཁྱེད་ཅག་ལ་ཡི་གེ་འབྲི་འདང་ཡིན།  སྙན་ངག་ཡིན་ནམ་ཅི་ཆ།

             གློག་བརྙན༼གསའ༽རྒྱལ་ཡོངས་སུ་གཏོང་རན་ཁར་སྙན་ངག་ཅིག་འབྲི་འདོད་སྐྱེས།
གསའ་བསླེབས་པ་དང་མཉམ་དུ
མི་མང་བོ་རྡོག་ཐོན་བརྒྱབ་བྱུང
མདུན་གྱི་མཚོ་ཆུང་ནོར་བུ་རང་འབྱུང་ལས
ཉ་རྣམས་མཁའ་རུ་རྩེན་སོང

འདི་རུ་ཆག་ཆེ་ཉམས་ང་བཟློག་ཏུ་མེད
མིའི་ལས་དབང་གི་སྐྱ་ལམ་རིང་མོ
ས་འདི་ནས་བསྲིངས་ཏེ་ཕར་ཀའི་གད་པ་སྐྱ་བོ་རུ་འཐེན

མི་རྣམས་གཉིད་རྗེས
བས་མཐའ་འདི་རུ་སྐར་མ་འདར་འདར་འགུལ་བྱུང
ངའི་ཕོར་བའི་ནང་གི་ཁ་ཧྥེ་འཁྱག་པ་རྡོ་རུ་གྱུར
ཀློག་གིན་པའི་སྒྲུང་གི་མི་སྣ་འཆི་བར་གདོང་ཐུག་བྱས
ངས་ནི་ཁྱོད་ཀྱང་ལོ་གཉིས་ཀྱི་རྗེས་སུ
ཤི་འཕོས་གྱུར་ཏེ་ང་ཚོ་བཞག་ནས་བུད་འགྲོ་འདང་མ་བྱས

ཡོད་ཚད་མི་རྟག་པ་འདིས་མི་ཉིད་སྡོད་བཟོད་མེད་པ་བཟོས

ངས་གསའ་འདི་གཏོང་འདང་ཡོད་ཀྱང
སྙིང་ནད་བརྩད་ནས་ཚར་བ་མེད་ཀྱང
ཞེ་སྤོ་གཏིང་ནས་ལངས་པར་སེམས་གསོ་མཛོད་དང
མི་སེམས་ཆུ་རུ་ཟགས་ཏེ
ལྷུང་ལྷུང་རྒྱ་མཚོར་བབས་འགྲོ་ཨང  སྙིང་ཉེ་བ་དག   

དམག་འཁྲུག་མཚམས་ཞོག་དང
མདེའུར་ཟད་པ་མེད་ཀྱང
ངུ་སྐད་དམའ་བར་མཛོད་དང
ཞེ་འདང་རི་མོ་གསལ་ཡང

གསའ   ག་བར་ཕྱིན་ན་ཡང
ང་ཡི་ཁྱིམ་མཚེས་རེད་དོ
2024.4.1པེ་ཅིང་ནས་བྲིས།




继续滑动看下一个
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存