查看原文
其他

མི་སྤྱི་པུས་ང་ཚོར་དྲན་སྐུལ་གལ་ཆེན་ཞིག་བྱས་འདུག

    ཡིད་གཟབ་གནང་རོགས། ཡིད་གཟབ་གནང་རོགས། ཉེ་ཆར། མི་ཁག་གཅིག་ལ་འཕྲིན་ཐུང་འདི་འདྲ་ཞིག་འབྱོར་ཡོད་པ་སྟེ།


    འཕྲིན་ཐུང་ནང“ཁྱེད་ཀྱི་སྤྱི་ཚོགས་འགན་སྲུང་གཱའི་གོ་ཆོད་དུས་ཚོད་ཡོལ་རུང་གློག་རྡུལ་ཆ་འཕྲིན་གསར་བརྗེས་བྱས་མི་འདུག”ཅེས་འཁོད་པ་དེ་ནི་སྤྱི་ཚོགས་འགན་སྲུང་གཱ་ཡི་བདག་པོས་ཞོར་འབྲེལ་འཕྲིན་ཐུང་ལྟ་བར་སྐུལ་བའི་ཁ་བསླུས་རྒྱག་སྟངས་ཤིག་རེད།
    གལ་ཏེ་འཕྲིན་ཐུང་འདི་མནན་ན། དྲ་ངོས་མི་སྤྱི་པུའི་གཞུང་ཕྱོགས་དྲ་ཚུགས་ཀྱི་དྲ་ངོས་དང་སྤྱིར་ན་འདྲ་པོ་ཡོད་པ་ཞིག་ཏུ་སླེབས་མོད། འོན་ཀྱང་དེ་ནི་ཁྲིམས་འགལ་བས་བཟོས་པའི་ཁ་བསླུས་དྲ་ཚུགས་རྫུན་མ་ཞིག་རེད།


    གལ་ཏེ་ཁ་བསླུས་དྲ་ཚུགས་ཀྱི་གོ་རིམ་ལྟར་མིང་དང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། དངུལ་ཁང་གཱའི་ཨང་གྲངས་སོགས་ཀྱི་ཆ་འཕྲིན་བཀོད་ཚེ་སྤྱི་ཚོགས་འགན་སྲུང་གཱ་གཞན་གྱིས་རྐུ་སྤྱོད་བྱེད་པའི་ཉེན་ཁ་ཆེན་པོ་ཡོད།


ཤ་ཚའི་དྲན་སྐུལ།
    
    མི་སྤྱི་པུའི་གཞུང་ཕྱོགས་དྲ་ཚུགས་ནི་www.mohrss.gov.cnརེད། མི་སྤྱི་སྡེ་ཚན་གྱིས་བསྐུར་བའི་འཕྲིན་ཐུང་ལ་ཁ་གསལ་པོ་མེད་པའི་དྲ་ཚུགས་གང་རུང་ཡོད་མི་སྲིད། དེར་བརྟེན་མི་སྒེར་གྱི་ཆ་འཕྲིན་དང་དངུལ་ཁང་གི་རྩིས་ཁྲ་སོགས་ཀྱི་ཆ་འཕྲིན་གང་རུང་བཀོད་དགོས་མེད།
    སྤྱི་ཚོགས་འགན་སྲུང་གཱ་ཡོད་མཁན་ལ་ཁ་བསླུས་ཀྱི་ཆ་འཕྲིན་འདི་རིགས་འབྱོར་བ་ཡིན་ན། ལམ་སེང་12333ཞབས་ཞུའི་ཐད་སྦྲེལ་ཁ་པར་རྒྱག་པའམ་ཡང་ན་མི་སྤྱི་ཐིང་གི་ཞབས་ཞུའི་ཚོམས་ཆེན་དུ་བློ་འདྲིར་སྐྱོད་པ་སོགས་བྱས་ནས་ཆ་འཕྲིན་དེ་བདེན་པ་ཡིན་མིན་ཁ་གསལ་བཟོ་དགོས།
    གལ་ཏེ་ཁ་བསླུས་ཐེབས་ཚེ་དུས་ཐོག་ཏུ་ཉེན་རྟོག་པར་ཉེན་དོན་སྙན་སེང་ཞུ་དགོས།



འོས་སྦྱོར།

ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཝང་ཅུན་ཀྲེང་གིས……

གཟིགས་དང་། ད་ལོ་བོད་ཀྱིས“དོན་ཆེན་བཞི”འདི་ལྟར་སྒྲུབ་རྩིས་འདུག

གཞི་རིམ་ནས་ཕེབས་པའི་འཐུས་མི་ཁོང་རྣམ་གཉིས་ཀྱིས་གསུངས་དོན་……




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། ཆོས་བཟང་།ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com

继续滑动看下一个

མི་སྤྱི་པུས་ང་ཚོར་དྲན་སྐུལ་གལ་ཆེན་ཞིག་བྱས་འདུག

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存