འོས་སྦྱོར།
དྲ་ཐོག་ཏུ་ཉེན་རྟོག་པར་དམའ་འབེབས་གཏོང་མཁན་བསྟན་ཆེ་གེ་མོར་……
ལྷ་ས་གྲོང་ཁྱེར་གྱི་དྲ་བའི་བར་མཐོངས་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱ་ཆེད། སྤྱི་བདེ་པུའི“2023ལོའི་དྲ་བ་གཙང་སེལ”གྱི་ཆེད་དོན་བྱ་སྤྱོད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་བའི་བདེ་འཇགས་སྡེ་ཚན་གྱིས་ཁྲིམས་ལྟར་དྲ་ཐོག་ཏུ“ཉེན་རྟོག་པར་དམའ་འབེབས་གཏོང་བའི”ཆ་འཕྲིན་སྤེལ་མཁན་ཞིག་ལ་ཆད་པ་བཅད་པ་རེད།
2023ལོའི་ཟླ་12ཚེས་31ཉིན། བསྟན་ཆེ་གེ་མོ་དང་ཁོ་པའི་རོགས་པ་རླངས་འཁོར་བཏང་ནས་ཕྱིར་སྐྱོད་སྐབས། འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ལྡན་ཡོད་པར་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཆད་པ་བཅད་པ་རེད། དེ་རྗེས། བསྟན་ཆེ་གེ་མོས་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཆད་པ་བཅད་པར་མི་འདོད་པར། 2024ལོའི་ཟླ་1པའི་ཚེས་4ཉིན་དྲ་བའི་སྟེགས་བུ་ཞིག་ཏུ་འགྲིམ་འགྲུལ་ཉེན་རྟོག་པར་དམའ་འབེབས་གཏོང་བའི་ཆ་འཕྲིན་སྤེལ་ཏེ། ཉེན་རྟོག་པར་མི་འདོད་པའི་རྣམ་འགྱུར་བསྟན་ཡོད།
འོས་སྦྱོར།
རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། ཆོས་བཟང་།ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།
རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com