查看原文
其他

གཟའ་འཁོར་འདིར་བོད་ཀྱི་ས་ཆ་མང་ཆེ་བར་གངས་འབབ་རྒྱུ་རེད་འདུག


    ཚེས་14ཉིན་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན། གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་དབུས་རྒྱུད་དང་ཤར་རྒྱུད་དུ་གངས་སམ་ཆར་པ་ཡང་སེ་འབབ་རྒྱུ་ཡིན་པས། དྲོད་ཚད་འཕར་ཆག་ཆེན་པོ་ཡོད། གཟའ་འཁོར་འདིའི་གངས་སམ་ཆར་པ་འབབ་ཚད་ནི། ལྷོ་ཁའི་དབུས་རྒྱུད་དང་ཤར་རྒྱུད་དང་། ཉིང་ཁྲིའི་ས་ཆ་མང་ཆེ་བ། ལྷ་སའི་ཤར་རྒྱུད་བཅས་ལ་གངས་སམ་ཆར་པ་འབབ་ཚད་ཅུང་མང་བ་དང་། ས་ཆ་གཞན་དག་ལ་རྒྱུན་གཏན་ལྟར་རམ་ཡང་ན་གངས་སམ་ཆར་པ་འབབ་ཀྱི་མེད། གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད་ལྗོངས་ཡོངས་ཀྱི་ས་ཆ་མང་ཆེ་བར་རྒྱུན་གཏན་ལས་ཅུང་དམའ་བ་ཡོད།


གནམ་གཤིས་ཀྱི་འགྱུར་བ།

    ཟླ་1ཚེས་15དང་16ཉིན། ཉིང་ཁྲི་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁ། ལྷ་ས། ནག་ཆུའི་ཤར་རྒྱུད་བཅས་ལ་གངསཆར་པཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངསཆར་པའབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཁག་གཅིག་ལ་གངས་ཆུང་བ་འབབ་རྒྱུ་རེད་འདུག དེར་བརྟེན་ནུབ་ནས་ཤར་བར་དྲོད་ཚད་ཧྲི་ཧྲེ་ཏུའུ་3ནས་6བར་ཆག་རྒྱུ་རེད།

    ཚེས་17ཉིན་དང་18ཉིན། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད་དང་ཤར་རྒྱུད། གཞིས་རྩེའི་ལྷོ་རྒྱུད། ནག་ཆུའི་ཤར་རྒྱུད་བཅས་ལ་གངསཆར་པཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངསཆར་པཆེ་བ་འབབ་རྒྱུ། ལྷ་ས་དང་། ཆབ་མདོ། ནག་ཆུའི་དབུས་རྒྱུད་བཅས་ལ་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ། ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་རེད་འདུག དེར་བརྟེན་ནུབ་ནས་ཤར་བར་དྲོད་ཚད་ཧྲི་ཧྲེ་ཏུའུ་5ནས་10བར་ཆག་རྒྱུ་རེད།

    ཚེས་19དང་21ཉིན། ཉིང་ཁྲི་དང་། ལྷོ་ཁ། ནག་ཆུའི་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་ལ་གནམ་འཐིབས་ནས་གངསཆར་པཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངསཆར་པའབྲིང་བ་འབབ་རྒྱུ། ལྷ་ས་དང་། ཆབ་མདོའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་གངས་ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ་རེད་འདུག









གནམ་གཤིས་ལས་ཁུངས་ཀྱི་གྲོས་འགོ

1.བོད་ཀྱི་དབུས་རྒྱུད་དང་ཤར་རྒྱུད་དུ་གངས་སམ་ཆར་པ་ཡང་སེ་འབབ་རྒྱུ་ཡིན་ཞིང་། ས་བབ་མཐོ་བའི་རི་ཁུལ་དུ་གངས་གསོག་དང་འཁྱག་པ་ཐེབས་སྲིད་པས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས། དེ་བཞིན་གངས་འབབ་པ་དང་དྲོད་ཚད་ཆག་པའི་དབང་གིས་ལས་གྲྭ་གཙོ་བོའི་ཨར་སྐྲུན་དང་དངོས་ཟོག་སྐྱེལ་འདྲེན་ལ་ཤུགས་རྐྱེན་མི་ཐེབས་པའི་དོགས་ཟོན་བྱེད་དགོས།2.ཆབ་མདོར་དེ་གོང་གངས་སམ་ཆར་པ་ཅུང་ཉུང་བས་ནགས་ཁུལ་དང་ནགས་ཚལ་ཁག་གཅིག་གི་མེ་ཟོན་གྱི་ཉེན་ཁ་སྔར་བཞིན་ཆེ་བས། མེ་ཟོན་ལ་དོ་སྣང་བྱེད་དགོས།3.གཟའ་འཁོར་འདིར་དྲོད་ཚད་དམའ་བས། གྲང་འགོག་དྲོད་སྲུང་དང་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས།4.གཟའ་འཁོར་འདིའི་ནང་ལྷགས་པ་ཆེན་པོ་རྒྱག་སྲིད་པས། ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེ་བ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། ལྷ་ས་དང་། ལྷོ་ཁ། གཞིས་རྩེའི་བྱང་རྒྱུད་དུ་ལྷགས་པ་རིམ་པ་5ཡས་མས་ཡུད་ཙམ་རྒྱག་རྒྱུ། དེར་བརྟེན་ལྷགས་པ་ཆེན་པོ་བརྒྱབ་པ་ལས་ཡོང་སྲིད་པའི་ཤུགས་རྐྱེན་ངན་པར་དོགས་ཟོན་བྱེད་དགོས།


འོས་སྦྱོར།

སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མིན་པའི་ལེགས་སྐྱེས་འབུལ་མཁན……

ཆང་རག་བཏུངས་རྗེས་འདི་དག་བཟས་ན་གཟུགས་པོར་ཕན་གྱི་འདུག

▶ སོ་ནམ་ལོ་གསར་ལ“གཙང་གི་ཨ་ཇོའི”ཉམས་བཟང་ལ་གཟིགས་དང་།




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། ཆོས་བཟང་།ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com

继续滑动看下一个

གཟའ་འཁོར་འདིར་བོད་ཀྱི་ས་ཆ་མང་ཆེ་བར་གངས་འབབ་རྒྱུ་རེད་འདུག

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存