查看原文
其他

ཆང་རག་བཏུངས་རྗེས་འདི་དག་བཟས་ན་གཟུགས་པོར་ཕན་གྱི་འདུག

    དུས་ཆེན་རིང་ནང་མི་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་འཛོམས་སྐབས་མི་མང་པོ་ཞིག་གིས་ཕན་ཚུན་ཆང་རག་འགྱོག་རེས་བྱས་ནས་དགའ་སྤྲོའི་དཔལ་ལ་རོལ་གྱི་ཡོད། ཡིན་ནའང་ཆང་རག་བཏུངས་རྗེས་མི་མང་པོ་ཞིག་ལ་ལུས་པོ་མི་བདེ་བའི་ཚོར་སྣང་ཡོང་གི་ཡོད། གཤམ་ལ་རྩོམ་སྒྲིག་པས་ཐབས་ཤེས་ཁ་ཤས་ངོ་སྤྲོད་ཞུ་རྒྱུ་ཡིན་པས། གལ་ཏེ་ཁྱེད་ཀྱིས་འདི་ལྟར་གནང་ན། ལུས་པོ་བདེ་རུ་འགྲོ་སྲིད།

སྦྲང་རྩི།

    ཆུ་དྲོ་འཇམ་ལ་སྦྲང་རྩི་ཏོག་ཙམ་བླུགས་ནས་བཏུངས་ན་མགོ་ན་བར་ཕན། རིགས་གཅིག་མཁས་ཅན་གྱིས་ཞིབ་འཇུག་བྱས་པར་གཞིགས་ན། སྦྲང་རྩིར་དམིགས་བསལ་གྱི་མངར་རྒྱུ་ཞིག་ལྡན་པ་དེས་ལུས་པོའི་ནང་གི་ཨ་རག་གི་ཉིང་ཁུ་བསལ་ནས་མགོའི་ན་ཟུག་འཇོམས་ཐུབ། གཞན་ཡང་སྦྲང་རྩིར་གཉིད་ཁུག་པའི་ནུས་པ་ལྡན་པས། དགོང་མོ་སྦྲང་རྩི་བཏུངས་ན་ཉིན་གཉིས་པར་མགོ་མི་ན་བ་ཡོང་ཐུབ།

ཞོ།

    ཆང་རག་བཏུངས་རྗེས་ཞོ་འཐུང་དགོས། ལྷག་པར་དུ་ཨ་རག་དཀར་པོ་བཏུངས་རྗེས་ཞོ་བཏུངས་ན་ཕོ་བར་སྲུང་སྐྱོབ་ཐུབ། ཞོ་ལ་ད་དུང་འཚོ་བཅུད་ཀལ་མང་པོ་འདུས་ཡོད་པས། དེས་སེམས་ལྷོད་ལ་འབེབས་ཐུབ།

ཀྲོ་མ་ཀྲུའི་ཁུ་བ།

    ཀྲོ་མ་ཀྲུའི་ཁུ་བར་མངར་རྒྱུ་མང་པོ་འདུས་པ་དེས་ཨ་རག་གི་ཉིང་ཁུ་བསལ་ནས་མགོ་ཡུ་འཁོར་བ་དང་། ཞེ་མེར་ལངས་པ་འགོག་ཐུབ།

རྒུན་འབྲུམ།

    ར་བཟི་སྐབས་རྒུན་འབྲུམ་སོས་པ་བཟས་ཚེ་ར་དྭངས་བར་ཕན་ཐོགས་ཡོད་ལ། ཞེ་མེར་ལངས་པ་ཡང་སེལ་ཐུབ། གལ་ཏེ་ཆང་རག་མ་བཏུངས་གོང་རྒུན་འབྲུམ་བཟས་ན། ར་མ་བཟི་བ་ཡོང་ཐུབ།

ཇིན་ཚལ་གྱི་ཁུ་བ།

    ཆང་རག་བཏུངས་རྗེས་ཕོ་བ་མི་བདེ་བ་བྱུང་ན། ཇིན་ཚལ་གྱི་ཁུ་བ་འཐུང་དགོས། གང་ཡིན་ཟེར་ན། ཇིན་ཚལ་ལ་འཚོ་བཅུད་Bམང་པོ་ཡོད་པས། དེས་ཕོ་བར་སྲུང་སྐྱོབ་བྱེད་ཐུབ། གཞན་ཡང་ཇིན་ཚལ་གྱི་ཁུ་བས་ངོ་གདོང་དམར་པོར་འགྱུར་བ་སེལ་ཐུབ།

ཤིས་ཀྭ་ཡི་ཁུ་བ།

    ཤིས་ཀྭ་ཡི་ཁུ་བ་བཏུངས་ན་ཁོག་པའི་ནང་གི་ཨ་རག་གི་ཉིང་ཁུ་གཅིན་ལམ་བརྒྱུད་ཕྱི་རུ་འབུད་ཐུབ། ཤིས་ཀྭ་ཡི་ཁུ་བར་ད་དུང་ཁོག་པའི་ནང་གི་ཚད་པ་འཇོམས་པའི་ནུས་པ་ལྡན་ཞིང་། དེས་ཆང་རག་ལས་བྱུང་བའི་ལུས་ཀྱི་ཚ་བ་གཅོག་ཐུབ།


འོས་སྦྱོར།

ཁྱེད་ཀྱིས་པར་འདི་དག་མཐོང་བྱུང་ངམ། འདི་འདྲའི……

མི་སྤྱི་པུས་ང་ཚོར་དྲན་སྐུལ་གལ་ཆེན་ཞིག་བྱས་འདུག

དྲ་ཐོག་ཏུ་ཉེན་རྟོག་པར་དམའ་འབེབས་གཏོང་མཁན་བསྟན་ཆེ་གེ་མོར་……




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། ཆོས་བཟང་།ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com

继续滑动看下一个

ཆང་རག་བཏུངས་རྗེས་འདི་དག་བཟས་ན་གཟུགས་པོར་ཕན་གྱི་འདུག

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存