查看原文
其他

སྒོར་ཁྲི་15.5ཟིན་པའི“ཨ་རག་གྲགས་ཅན”ཤེལ་དམ་186བཙན་ཉར་བྱས་པ་མ་ཟད་……

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ། ཨ་རག་དཀར་པོའི་ཁྲོམ་རར་ལྟ་འདོམས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཁྲོམ་རའི་སྒྲིག་སྲོལ་ཚད་ལྡན་དུ་གཏོང་བ་དང་རྒྱ་ཆེའི་མང་ཚོགས་ཀྱི་གཟུགས་གཞིའི་བདེ་ཐང་ལ་འགན་ལེན་བྱ་ཆེད། ཉེ་དུས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཨ་རག་དཀར་པོའི་ཁྲོམ་རར་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད། ཞིབ་བཤེར་བྱས་པ་བརྒྱུད། ཁྲིམས་སྒྱུར་མི་སྣས“ཐེན་ཀྲི་ལན་དང་། གོ་ཅའོ་1573 ཅན་ནན་ཁྲུན། ཧྲེ་ཏེ། ཧྥེན་ཅིའུ”སོགས་རྒྱལ་ནང་གི་ཨ་རག་གྲགས་ཅན་ལ་བརྫུས་པའི་ཨ་རག་རྫུན་མ་ཤེལ་དམ་186བཙན་ཉར་བྱས་ཤིང་། དེ་དག་གི་རིན་གོང་སྒོར་ཁྲི་15.5ཟིན་གྱི་ཡོད།



ཁྲིམས་སྒྱུར་མི་སྣས་ཨ་རག་གི་འབྲེལ་ཡོད་ཐོན་སྐྱེད་ཆ་འཕྲིན་ལ་ལྟ་ཞིབ་བྱེད་པ།


    ཞིབ་བཤེར་བྱེད་རིང་། ཁྲིམས་སྒྱུར་མི་སྣས་ཚོང་ཁང་གི་བཟའ་བཅའ་གཉེར་སྐྱོང་གི་འོས་ཐོབ་དང་། ཚོང་ཟོག་འཐེན་སྟངས་ལ་བརྟག་དཔྱད། སྤ་སེ་བཤེར་བ། རིན་གོང་གསལ་འགོད་སོགས་ཀྱི་གཉེར་སྐྱོང་འགན་འཁྲི་ལག་བསྟར་བྱས་ཚུལ་ལ་གཙོ་གནད་ཐོག་ལྟ་ཞིབ་བྱས་ཤིང་། ཚོང་ཟོག་འཐེན་ཚོང་གི་རྩིས་ཐོ་ཚང་མེད་པ་དང་། སྤ་སེ་ལེན་སྲོལ་མེད་པ། ལག་ཁྱེར་མི་འགེལ་བར་གཉེར་སྐྱོང་བྱེད་པ། ཚོང་ཟོག་འཐེན་ས་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་བར་འབྲེལ་ཡོད་ཚོང་དུད་ལ་རང་སར་དག་ཐེར་བྱེད་དུ་བཅུག་ཡོད།



ཁྲིམས་སྒྱུར་མི་སྣས་ཨ་རག་གི་འབྲེལ་ཡོད་ཐོན་སྐྱེད་ཆ་འཕྲིན་ལ་ལྟ་ཞིབ་བྱེད་པ།



ཁྲིམས་སྒྱུར་མི་སྣས་ཨ་རག་རྫུན་མ་བཙན་ཉར་བྱེད་པ།



ཁྲིམས་སྒྱུར་མི་སྣས་ཨ་རག་རྫུན་མ་བཙན་ཉར་བྱེད་པ།


    གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། 2023ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་12315ཞུ་གཏུག་ཐེར་འདོན་གྱི་ཁ་པར་ཨང་གྲངས་དང་དྲ་དམངས་ཀྱི་ལན་འཇོག་པ་སོགས་ཐབས་ལམ་དང་ཁུངས་སྣེར་གཞིགས་ཏེ་ཨ་རག་གི་ཁྲོམ་རའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཁྲོམ་རའི་གཉེར་སྐྱོང་སྒྲིག་སྲོལ་སྔར་བས་ལེགས་སུ་བཏང་ཞིང་། ཤེས་བྱའི་བདག་དབང་ལ་བཙན་གནོད་བྱས་པའི་ཨ་རག་རིགས་ཀྱི་གྱོད་གཞི་ཁྱོན་22ལ་ཞིབ་བཤེར་ཐག་གཅོད་བྱས་ཏེ་དངུལ་ཆད་སྒོར་ཁྲི་37.24བཏང་བ་རེད།

(གོང་གི་པར་འདི་དག་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མཁོ་འདོན་བྱས།)



འོས་སྦྱོར།

སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མིན་པའི་ལེགས་སྐྱེས་འབུལ་མཁན……

ཆང་རག་བཏུངས་རྗེས་འདི་དག་བཟས་ན་གཟུགས་པོར་ཕན་གྱི་འདུག

▶ སོ་ནམ་ལོ་གསར་ལ“གཙང་གི་ཨ་ཇོའི”ཉམས་བཟང་ལ་གཟིགས་དང་།




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། ཆོས་བཟང་།ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com

继续滑动看下一个

སྒོར་ཁྲི་15.5ཟིན་པའི“ཨ་རག་གྲགས་ཅན”ཤེལ་དམ་186བཙན་ཉར་བྱས་པ་མ་ཟད་……

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存