查看原文
其他

༄༅། །ཁ་བ་འབབ་དུས་ཆུང་གྲོགས་དྲན།



༄༅། །ཁ་བ་འབབ་དུས་ཆུང་གྲོགས་དྲན།


ཕ་ཡུལ་དུ་ཁ་བ་འབབ་ཀྱིན་འདུག

ཁ་བའི་འདབ་མ་རེ་རེའི་བར་གསེང་ན།

ཁྱེད་ཀྱི་འཛུམ་མདངས་རེས་གསལ་རེས་མོག་ཏུ་འཆར།

ཁ་བའི་ཁྲོད་ཀྱི་མཛེས་སྡུག་གི་ནམ་ཟླ་དག

 ཁ་བ་ཁོ་ནས་ནང་སེམས་ཀྱི་སྦུག་ཏུ་དྲངས་འོངས།

ཆུང་གྲོགས་ལགས།


ཁ་བ་མདང་སུམ་གྱི་རྨི་ལམ་འཕྲོ་མ་དེ་ཡིན་ན།

ཁ་བས་སེམས་ཚོར་གྱི་སྒོ་མོ་དལ་གྱིས་ཕྱེ་སོང་།

ཁ་བའི་འདབ་མ་རེ་རེ་རུས་གསེང་དུ་ཐིམ་དུས།

བྱིས་དུས་ཀྱི་འཇིག་རྟེན་མིག་ལམ་དུ་འཆར་བྱུང་།

ཆུང་གྲོགས་ལགས།


ཁ་བའི་འོད་དཀར་ས་ཆེན་དུ་ཁྱབ་དུས།

སྒྱུ་མའི་མུན་པ་ནང་སེམས་ཀྱི་ཁྱོན་ནས་བསྐྲད།

ལོ་དེར་ཁ་བ་འབབ་དུས་གཏམ་རྒྱུད་ཀྱི་དབུ་ཁྱུད་བྲིས་ཡོད།

ངས་འཛུམ་མདངས་དྭངས་མོ་ཞིག་དང་ལྷན་དུ།

ཡིད་ཀྱི་ཕྱི་ནང་མཚོན་པའི་ཡིག་ཚོགས་ཀྱིས།

ཁྱོད་ལ་ཐོག་མའི་བསུ་མ་དེ་བྱས།

འཁྲེང་སེམས་ཀྱི་རང་མདངས་ཁ་བ་བཞིན་བཤམས།

ཆུང་གྲོགས་ལགས།


སེམས་ཁོང་ལས་བརྡོལ་བའི་སྐད་ཆ་རེ་རེ།

བག་ཆགས་ཀྱི་དོང་ལས་དབང་མེད་དུ་ཤོར།

རྨི་ལམ་གྱི་དབུ་ཁྱུད་བྲིས་པ་ནས་བཟུང་།

བརྩེ་དུང་གི་མེ་ཏོག་ངང་གིས་འཁྲུངས་སོང་།

ད་ནི། སེམས་ཀྱི་འཁེན་ས་ལོས་ཡིན། 

རྒྱབ་རི་མཐོན་པོ་ལོས་ཡིན།

མདུན་རི་སྨུག་པོ་ལོས་ཡིན།


དེ་བས། 

ཁ་བའི་འདབ་མ་ལྟར་ནང་སེམས་སུ་ཐིམ་པ་དེ་ལོས་ཡིན། 

རྫ་ཤུལ་བློ་བཟང་།



འོས་སྦྱོར།

ལྷ་སར་ཡང་གངས་འབབ་རྒྱུ་རེད་བཞག

བསོད་ནམས་དབང་གྲགས་ལགས། བཀྲ་ཤིས་བདེ་ལེགས།

ཕྲུ་གུ་འཚུབ་ཐེར་འདིས་ཏོག་ཙམ་མ་གཏོགས་ཆག་སྒོ་བསླངས་འདུག




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། ཆོས་བཟང་།ལག་བསྟར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com



继续滑动看下一个

༄༅། །ཁ་བ་འབབ་དུས་ཆུང་གྲོགས་དྲན།

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存