查看原文
其他

དབང་པོ་སྐྱོན་ཅན་ལ་ཁ་གསབ་འདི་སྤྲོད་རྩིས་འདུག

    ཉེ་ཆར། བོད་ལྗོངས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དབང་པོ་སྐྱོན་ཅན་ལ་གཞི་རྩའི་རམ་འདེགས་ཡོ་ཆས་སྒྲིག་སྦྱོར་གྱི་ཁ་གསབ་སྤྲོད་པའི་བྱ་ཐབས་བཏོན་ཞིང་། དེས་ན་རང་རྒྱལ་གྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་སྲིད་ཇུས་དེ་བཏོན་པས། རྒྱལ་ཡོངས་ཀྱི་དབང་སྐྱོན་མི་སྣའི་གཞི་རྩའི་རམ་འདེགས་ཡོ་ཆས་སྒྲིག་སྦྱོར་ཞབས་ཞུར་ལམ་ལུགས་ཅན་གྱི་འགན་ལེན་རགས་ཙམ་ཐུབ་ཡོད།


    ཁ་གསབ་སྤྲོད་ཡུལ་ཐད། ས་གནས་ཁག་གིས་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་དབང་སྐྱོན་མི་སྣའི་ཁྱིམ་ཚང་དང་ཚབས་ཆེ་བའི་དབང་པོ་སྐྱོན་ཅན་ཁ་གསབ་སྔོན་ལ་སྤྲོད་པའི་ཁོངས་སུ་བཞག་ཡོད། ཞིང་ཆེན་མང་ཆེ་བས་ཁ་གསབ་སྤྲོད་ཡུལ་དེ་ས་གནས་དེ་གའི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་དང་གཏན་འབེབས་དང་མཐུན་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པར་གཏན་འཁེལ་བྱས་ཡོད། པེ་ཅིང་དང་། ཅང་སུའུ། ཀྲེ་ཅང་། ཅང་ཤིས། ཧོ་ནན། ཧྲའན་ཤིས། ཤིན་ཅང་སོགས་ཀྱིས་སློབ་གྲྭར་འགྲོ་མུས་ཀྱི་དབང་སྐྱོན་སློབ་མ་ཁ་གསབ་སྤྲོད་ཡུལ་གཙོ་བོར་བརྩིས་པ་དང་། ཧའེ་ནན་དང་བོད་ལྗོངས་ཀྱིས་ལག་ཁྱེར་མེད་པའི་དབང་སྐྱོན་རྒན་རྒོན་དང་ལོ་65ཡན་གྱི་རང་ཁ་རང་གསོ་མི་ཐུབ་པའི་རྒན་རྒོན་རྣམས་ཁ་གསབ་སྤྲོད་ཡུལ་གྱི་ཁོངས་སུ་བཞག་ཡོད་པ་རེད།


    ཁ་གསབ་ཀྱི་ནང་དོན་དང་ཚད་གཞིའི་ཐད། ས་གནས་ཁག་གིས་དབང་སྐྱོན་མི་སྣར་དགོས་མཁོ་ཆེ་བའི་གཞི་རྩའི་རམ་འདེགས་ཡོ་ཆས་སྤྲོད་པ་ནང་དོན་གཙོ་བོར་བརྩི་ཡི་ཡོད། ས་གནས་ཁ་ཤས་སུ་ཁ་གསབ་སྤྲོད་པའི་འབྲེལ་ཡོད་རམ་འདེགས་ཡོ་ཆས་རིགས་190ལྷག་ཙམ་ཟིན་ཡོད། ས་གནས་ཁག་གིས་རམ་འདེགས་ཡོ་ཆས་ཀྱི་ཐོན་རྫས་རིགས་དང་། ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ། དབང་སྐྱོན་གྱི་ཚབས་ཆེ་ཆུང་སོགས་ལ་གཞིགས་ནས་ཁ་གསབ་སྤྲོད་པའི་ཚད་གཞི་གཏན་འཁེལ་བྱས་ཡོད།


འོས་སྦྱོར།

སྡོད་ཁང་གསར་པའི་ནང་འཚོ་བ་གསར་པར་རོལ།

སྦི་རག་ཡག་ཉེས་འབྱེད་སྟངས་དང་ཆང་ནད་སེལ་ཐབས།

ཁ་བ་བུ་ཡུག་ཁྲོད་དུ་གདང་ལའི“མཁའ་ལམ”སྲུང་མཁན……




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཞོན་པ།ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com

继续滑动看下一个

དབང་པོ་སྐྱོན་ཅན་ལ་ཁ་གསབ་འདི་སྤྲོད་རྩིས་འདུག

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存