查看原文
其他

གནམ་དང་ཐག་ཉེ་ཤོས་ཀྱི་གྲོང་ཚོ་དེ་ནས……

    “རྒན་ལགས། ཁྱེད་ཀྱི་གཟེར་ལྷམ་གྱི་ལྷམ་སྒྲོག་གྲོལ་འདུག་པས་འདྲེད་བརྡར་ཤོར་ཡོང”ཞེས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ཕུ་མ་གཡུ་མཚོའི་མཛེས་ལྗོངས་པར་ལེན་བཞིན་པའི་གསར་འགོད་པར་གློ་བུར་དུ་རྒྱབ་ནས་མི་ཞིག་གིས་སྐད་ཆ་ཤོད་པ་ཐོས།
    ཕྱི་བལྟས་བསློགས་ནས་ལྟ་སྐབས་ཕོ་གཞོན་ཞིག་རང་གི་རྒྱབ་ཏུ་ཡོད་པ་མཐོང་། “ཁྱེད་ཀྱི་གདོང་སྨུག་པོ་ཆགས་འདུག ང་གཉིས་མགྲོན་ཁང་དུ་ངལ་གསོ་ཏོག་ཙམ་རྒྱག་པར་འགྲོ”ཞེས་ཕོ་གཞོན་དེས་དེ་ལྟར་བཤད།
    དེ་རྗེས་གཞོན་པ་དེས་གསར་འགོད་པར་ལྟོ་ཕད་འཁྱེར་རོགས་བྱས་པ་མ་ཟད། གསར་འགོད་པ་དང་མཉམ་དུ་མགྲོན་ཁང་ཕྱོགས་སུ་བསྐྱོད།

ཕུ་མ་གཡུ་མཚོའི་ངོགས་ཀྱི་འཐུས་གྲོང་ཚོ།

    ལམ་བར་དུ་གསར་འགོད་པས་ན་གཞོན་དེའི་མིང་ལ་པད་མ་ཆོས་འཕེལ་ཟེར་ཞིང་། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་འཐུས་གྲོང་ཚོའི་སློབ་གྲྭ་ཆེ་མོ་བ་ཡིན་པ་དང་། ཧང་ཀྲོའུ་གློག་རྡུལ་ཚན་རྩལ་སློབ་ཆེན་དུ་སློབ་གྲྭར་འགྲོ་བཞིན་ཡོད་པ་ཤེས། ཁོང་གིས་བཤད་པའི་མགྲོན་ཁང་ནི་མཚོ་འགྲམ་གྱི་འཐུས་གྲོང་ཚོར་གནས་པ་དང་མགྲོན་ཁང་གི་མིང་ལ“5070”ཟེར་བ་དེ་མགྲོན་ཁང་གནས་སའི་ས་བབ་མཐོ་ཚད་ལ་གཞིཌ་ནས་བཏགས་པ་ཞིག་རེད། དེའང་འཐུས་གྲོང་ཚོ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་གྲོང་ཚོའི་གྲས་ཤིག་ཡིན་པས། དྲ་གྲོགས་ཚོས“ནམ་མཁའ་དང་བར་ཐག་ཉེ་ཤོས་ཀྱི་གྲོང་ཚོ”ཞེས་བརྗོད་ཀྱི་ཡོད།
    མགྲོན་ཁང་འདི་ནི་འཐུས་གྲོང་ཚོའི་སློབ་ཆེན་སློབ་ཐོན་སློབ་མ་དབང་འདུས་ཀྱིས་2019ལོར་ཨན་ཧུའེ་བོད་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་འོག་བཙུགས་པ་ཞིག་ཡིན་པ་དང་ཁང་མིག་7ཡོད། མགྲོན་ཁང་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཐོན་ལས་ཤིག་ཡིན་ཞིང་། ལོ་ལྟར་འཐུས་གྲོང་ཚོར་ཁང་གླ་སྒོར་ཁྲི་15སྤྲོད་ཀྱི་ཡོད།
    “ངའི་ཨ་མ་བརྩིས་ཚེ་མགྲོན་ཁང་ནང་ཁྱོན་ལས་མི་5ཡོད། མི་གཅིག་ནི་ལས་བཟོ་ཡིན”ཞེས་པད་མ་ཆོས་འཕེལ་གྱིས་ངོ་སྤྲོད་བྱས། མགྲོན་ཁང་གིས་ཟླ་རེར་ལས་བཟོར་གླ་ཆ་སྒོར་3000དང་གླ་པར་གླ་ཆ་སྒོར་2100སྤྲོད་ཀྱི་ཡོད།
    འཐུས་གྲོང་ཚོར་ས་བབ་མཐོ་བའི་རྐྱེན་གྱིས་མགྲོན་ཁང་གི་ཡོང་འབབ་མ་གཏོགས་ཐོན་ལས་གཞན་དག་གི་ཡོང་འབབ་ཡོད་དམ་ཅེས་གསར་འགོད་པས་དྲིས་པར“ང་ཚོའི་གྲོང་ཚོར་དུད་ཚང་40་མི་152ཡོད། ས་བབ་མཐོ་བས་ཞིང་ལས་སྐྱེ་དངོས་འདེབས་རྒྱུ་འཚམ་པོ་མེད་སྟབས་འབྲོག་ལས་གཙོ་བོ་བྱེད་ཀྱི་ཡོད། ན་ནིང་ང་ཚོའི་གྲོང་ཚོར་ལུག་བཤས་བཏང་རྗེས་མ་གནས་ཕུད་ཁེ་བཟང་སྒོར་ཁྲི་19རག་འདུག”ཅེས་ཉེ་འགྲམ་གྱི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་གཡུ་སྒྲོན་སྒྲོལ་མས་བཤད།
    པད་མ་ཆོས་འཕེལ་དང་གཡུ་སྒྲོན་སྒྲོལ་མའི་སྣེ་ཁྲིད་འོག་གསར་འགོད་པས་སྲིད་གཞུང་གིས་མ་དངུལ་བཏང་ནས་སྒྱུར་བཀོད་བྱས་པ་དང་ད་ཆ་གོ་རིམ་ལྡན་པའི་འབྱོར་འབྲིང་གྲོང་ཚོ་དེར་སྐྱོད་སྐབས་གྲོང་གསེབ་ཀྱི་ལམ་ཆུང་ཁོད་སྙོམས་ལ་རྒྱ་ཆེ་བ་དང་། ཞིང་དུད་ཀྱི་སྒོ་ར་གཙང་སྦྲ་དོད་པ། འོད་ཤུགས་གློག་སྒྲོན་གྲལ་འགྲིག་པ་བཅས་མཐོང་བྱུང་།

འོས་སྦྱོར།

གཟིགས་དང་། ངོ་མ་འདི་ཆོབ་ཚ་ལ་དོན་ཟབ་པ་ཞིག་འདུག

ཁ་བ་བུ་ཡུག་ཁྲོད་དུ་གདང་ལའི“མཁའ་ལམ”སྲུང་མཁན……

དབང་པོ་སྐྱོན་ཅན་ལ་ཁ་གསབ་འདི་སྤྲོད་རྩིས་འདུག




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཞོན་པ།ལག་བསྟར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com

继续滑动看下一个

གནམ་དང་ཐག་ཉེ་ཤོས་ཀྱི་གྲོང་ཚོ་དེ་ནས……

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存