查看原文
其他

མཐའ་མཁར་དགོན་པ་དང་ཆ་དཀར་མཆོད་རྟེན་སོགས་ནས་རྐུ་ཤོར་བའི་རིག་དངོས……

    ཟླ་2ཚེས་22ཉིན། མཁར་ལྟག་དགོན་དོ་དམ་ཨུ་ལྷན་དང་། ཤིང་མང་དགོན་དོ་དམ་ཨུ་ལྷན། སྦྱོར་ར་དགོན་དོ་དམ་ཨུ་ལྷན་བཅས་ཀྱི་འགན་འཁུར་བ་དང་སྒྱི་གསུམ་གྲོང་ལྷན་གྱི་འགན་འཁུར་བས་རྐུ་ཤོར་བའི་རིག་དངོས་གཅིག་སྡུད་ཐོག་ཕྱིར་སྤྲོད་པའི་མཛད་སྒོའི་ཐོག་ཕྱིར་རག་པའི་རིག་དངོས་ལ་བྱིལ་བྱིལ་བྱེད་བཞིན་ཡོད་པ་དང་། ཁོང་རྣམ་པའི་ཡིད་སེམས་དགའ་བས་ཁེངས་ཡོད་པ་རེད།



    ལྷོ་ཁའི་རིམ་གཉིས་སྤྱི་བདེ་ལས་ཁུངས་ཀྱིས་དུས་ཡུན་ཟླ་7ལྷག་རིང་འབད་འཐབ་ལྷོད་མེད་བྱས་ཤིང་། གྱོད་སྒྲུབ་ཉེན་རྟོག་པས་རང་འགུལ་ངང་ཞིབ་འཇུག་བརྡར་གཅོད་དང་གནད་སྨིན་འཛིན་བཟུང་བྱས་ནས། ཆ་དཀར་མཆོད་རྟེན་གྱི་རིག་དངོས་བརྐུས་པའི་གྱོད་གཞི་དང་། མཐའ་མཁར་དགོན་པའི་རིག་དངོས་བརྐུས་པའི་གྱོད་གཞི། ཡངས་ཅན་དགོན་པའི་རིག་དངོས་བརྐུས་པའི་གྱོད་གཞི་བཅས་རྩད་ཆོད་ཐུབ་ནས། རྐུ་ཤོར་བའི་རིག་དངོས་82དང་གྱོད་འབྲེལ་མ་དངུལ་སྒོར་ཁྲི་80ལྷག་ཚུར་བླངས་ཐུབ་པ་རེད།


    ཟླ་2ཚེས་22ཉིན། མཚོ་སྣ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རྐུ་ཤོར་བའི་རིག་དངོས་གཅིག་སྡུད་ཐོག་ཕྱིར་སྤྲོད་པའི་མཛད་སྒོ་འཚོགས་ནས། རྐུ་ཤོར་བའི་རིག་དངོས་82ཚང་མ་ས་ཡུལ་དངོས་སུ་དགོན་པ་དང་གྲོང་ལྷན་ལ་རྩིས་སྤྲད་པ་དང་། གྱོད་འབྲེལ་མ་དངུལ་སྒོར་ཁྲི་80ལྷག་གནོད་འཚེ་ཕོག་མཁན་ལ་སྤྲད་པ་རེད། མཚོ་སྣ་གྲོང་ཁྱེར་གྱི་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། རིག་དངོས་ཅུས། འཐབ་ཕྱོགས་གཅིག་གྱུར་པུའུ། མཁར་ལྟག་དགོན་དོ་དམ་ཨུ་ལྷན། ཤིང་མང་དགོན་དོ་དམ་ཨུ་ལྷན། སྦྱོར་ར་དགོན་དོ་དམ་ཨུ་ལྷན། སྒྱི་གསུམ་གྲོང་ལྷན་བཅས་ཀྱི་འབྲེལ་ཡོད་མི་སྣ་མཛད་སྒོར་ཞུགས་ཡོད་པ་རེད།




    ཐེངས་འདིའི་བྱེད་སྒོས་ཉེས་གསོག་པ་ཟིལ་གྱིས་མནན་ནས། མཚོ་སྣའི་སྤྱི་བདེས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བཏང་སྟེ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་མངོན་ཡོད་པ་མ་ཟད། མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་ཀྱང་མཐོ་རུ་བཏང་ཐུབ་ཡོད་པས། མཚོ་སྣའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བར་སྔར་བས་བདེ་འཇགས་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཞིག་བཏོད་ཡོད་པ་རེད།


འོས་སྦྱོར།

རོལ་དབྱངས་དང་འགྲོགས་པའི་རྡོ་རྗེ་དོན་གྲུབ་ཀྱི་མི་ཚེའི་གཏམ་རྒྱུད།

▶ ད་དུང་དུས་ཚོད་འཕྲོ་བརླག་ཏུ་གཏོང་ཕོད་དམ། འདིར་གསོན་དང་།

ནག་ཆུ་ནས་རྐུན་མ་ཞིག་བཟུང་བཞག དེས་དབྱར་རྩྭ་དགུན་འབུ་དང་མཆོད་རྟེན…




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཞོན་པ།ལག་བསྟར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com

继续滑动看下一个

མཐའ་མཁར་དགོན་པ་དང་ཆ་དཀར་མཆོད་རྟེན་སོགས་ནས་རྐུ་ཤོར་བའི་རིག་དངོས……

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存