查看原文
其他

རོལ་དབྱངས་དང་འགྲོགས་པའི་རྡོ་རྗེ་དོན་གྲུབ་ཀྱི་མི་ཚེའི་གཏམ་རྒྱུད།


    “རོལ་དབྱངས་དོན་གཉེར་གྱི་ལམ་དུ་སྐྱོད་མཚམས་མི་འཇོག་པར་ག་དུས་ཡིན་ན་ཡང་སེམས་ཁམས་དྭངས་གཙང་དང་སྤྲོ་སྣང་ཆེན་པོ་ཞིག་རྒྱུན་འཁྱོངས་བྱེད་དགོས”ཞེས་པ་ནི་རྡོ་རྗེ་དོན་གྲུབ་ཀྱིས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད།

    འདི་ལོ་ལོ་52ལ་སླེབས་པའི་རྡོ་རྗེ་དོན་གྲུབ་ནི་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འཁྲབ་སྟོན་པ་དང་ན་གཞོན་གླུ་དབྱངས་མཁས་ཅན་ཞིག་རེད། ཁོང་གིས་གཞན་དང་མི་འདྲ་བའི་སྙན་འཇེབས་ལྡན་པའི་ངག་གི་འགྱུར་ཁུག་ལ་བརྟེན་ནས་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མཚོན་པར་བྱས་དང་བྱེད་བཞིན་ཡོད།

    རྡོ་རྗེ་དོན་གྲུབ་ཀྱིས་གཞི་རིམ་དུ་འཁྲབ་སྟོན་བྱེད་བཞིན་པ།
    རྡོ་རྗེ་དོན་གྲུབ་ཀྱི་རོལ་དབྱངས་ཀྱི་ལམ་བུའི་སྐོར་གླེང་ཚེ་ཀྱག་ཀྱོག་གི་མི་ཚེའི་ལམ་བུ་མང་པོ་བརྒྱུད་དེ་མཐར་བློ་རྩ་བརྟན་པོས་ཕུགས་བསམ་དོན་དུ་གཉེར་བའི་ལམ་དུ་སྐྱོད་བཞིན་ཡོད་ཅེས་བརྗོད་ན་མི་ཆོག་པ་མེད།

    རྡོ་རྗེ་དོན་གྲུབ་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་འཁོར་ཆགས་གྲོང་ཚོར་སྐྱེས་པ་དང་། 1988ལོར་རྡོ་རྗེ་དོན་གྲུབ་མངའ་རིས་ས་ཁུལ་སློབ་འབྲིང་གིས་ས་ཁུལ་གྱི་གཞོན་ནུ་གཞས་པ་གཞས་མའི་འགྲན་བསྡུར་ཆེན་པོ་སྐབས་དང་པོར་འོས་སྦྱོར་བྱས་པ་མ་ཟད། རང་ཉིད་ཀྱིས་བྲིས་པའི་གཞས་ཚིགམཛེས་སྡུག་ལྡན་པའི་སྤུ་ཧྲེངལ་བྱ་དགའ་ཨང་དང་པོ་ཐོབ་ཡོད།

    རྡོ་རྗེ་དོན་གྲུབ་ཀྱིས་རང་གི་དགེ་རྒན་དྲིན་ཅན་ཀྲུང་གོའི་དམངས་གཞས་ཀྱི་རོལ་དབྱངས་དགེ་རྒན་ཆེ་མོ་གསུམ་གྱི་གྲས་ཡིན་པའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་གླུ་དབྱངས་དགེ་རྒན་སྨི་རུའོ་རུའུ(གཡས་ཀྱི་དང་པོ)དང་དྲན་རྟེན་མཉམ་པར་རྒྱག་བཞིན་པ།


    རྡོ་རྗེ་དོན་གྲུབ་ཀྱིས་ཁྱིམ་དུ་རོལ་དབྱངས་ལ་དགའ་པོ་ཡོད་མཁན་སློབ་མ་ཚོར་རིན་མེད་དུ་གཞས་སློབ་བཞིན་པ།

    ཐེངས་དང་པོར་དེ་ལྟ་བུའི་གྲུབ་འབྲས་ཐོབ་པས་རྡོ་རྗེ་དོན་གྲུབ་ཀྱིས་རང་ཉིད་ཀྱི་རོལ་དབྱངས་ཀྱི་འཇོན་ཐང་ལ་ངོས་འཛིན་གསར་པ་ཞིག་བྱུང་ལ། མངའ་རིས་ས་ཁུལ་རིག་རྩལ་ལས་དོན་ཚོགས་པའི་ཚོགས་གཙོ་ཉི་མ་ཟླ་བས་ཀྱང་ལྷན་སྐྱེས་ཀྱི་གྲེ་འགྱུར་བཟང་བའི་ན་གཞོན་དེར་དོ་སྣང་བྱུང་སྟེ་གདན་ཞུ་བྱས་མོད། དེ་དུས་རྡོ་རྗེ་དོན་གྲུབ་ཀྱི་སེམས་ནང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་ལྟ་བར་འགྲོ་འདོད་ཁོ་ན་མ་གཏོགས་མེད་པས། མི་མང་པོའི་ཡིད་སྨོན་བྱ་ཡུལ་དུ་གྱུར་པའི་གོ་སྐབས་དེ་བཞག་ནས་བོད་ལྗོངས་མི་རིགས་སློབ་གླིང་ལ་དྲུང་ཡིག་ཆེད་ལས་སྦྱོང་བར་འགྲོ་རྒྱུའི་གདམ་ག་བྱས། 

    ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི་མི་རིགས་མཐུན་སྒྲིལ་གྱི་རོལ་དབྱངས་ཟློས་གར“ང་ཚོ་མཉམ་དུ་གནས”ཞེས་པའི་ནང་རྡོ་རྗེ་དོན་གྲུབ་ཀྱིས་འཁྲབ་སྟོན་བྱེད་བཞིན་པ།


    རྡོ་རྗེ་དོན་གྲུབ་ཀྱི་མི་སྒེར་གྱི་གླུ་གཞས་ཆེད་བསྒྲིགས་དང་པོ《གནས་ཆེན་ཡུལ་གྱི་སྨོན་འདུན》ཞེས་པའི་ཁ་ཤོག
    1992ལོར་སློབ་གྲྭ་ཐོན་གྲབས་ཡོད་པའི་རྡོ་རྗེ་དོན་གྲུབ་ལ་སླར་ཡང་ཉི་མ་ཟླ་བའི་གདན་ཞུ་འབྱོར་ནས། མངའ་རིས་ས་ཁུལ་རིག་རྩལ་ལས་དོན་ཚོགས་པའི་ཆེད་ལས་མིན་པའི་གཞས་པ་འབའ་ཞིག་དེར་གྱུར། 
    དེ་རྗེས་རྡོ་རྗེ་དོན་གྲུབ་བོད་ལྗོངས་སྒྱུ་རྩལ་སློབ་གྲྭར་དུས་ཡུན་ལོ་གཅིག་དང་ལོ་ཕྱེད་རིང་གླུ་དབྱངས་ཀྱི་གཞུང་ལུགས་ཟབ་སྦྱོང་བྱེད་པར་བསྐྱོད་ཅིང་། དེ་སྔོན་སྦྱོང་མྱོང་མེད་པའི་གཞུང་ལུགས་ཀྱི་ཤེས་བྱ་གསབ་སྦྱོང་བྱེད་འགོ་ཚུགས།
    རྡོ་རྗེ་དོན་གྲུབ་ཀྱི་ངོས་ནས་བརྗོད་ན། དུས་ཐུང་གི་སློབ་སྦྱོང་གཅིག་པུས་འགྲིག་ཐབས་གཏན་ནས་མེད་ཅིང་། ཁོང་ལ་ད་དུང་དེ་བས་ཆེད་ལས་དང་བརྒྱུད་རིམ་ལྡན་པའི་གཞུང་ལུགས་ཀྱི་ཤེས་བྱ་སྦྱོང་འདོད་ཆེ་བས། མངའ་རིས་ས་ཁུལ་རིག་རྩལ་ཚོགས་པར་ལོག་རྗེས་བསམ་བློ་ཡང་ཡང་བཏང་ནས་ལས་ཀ་ནས་དགོངས་པ་ཞུས་ཏེ་ཀྲུང་དབྱང་མི་རིགས་སློབ་ཆེན་གླུ་དབྱངས་ཆེད་ལས་ལ་རྒྱུགས་གཏོང་རྒྱུའི་ཐག་བཅད།

    རྡོ་རྗེ་དོན་གྲུབ་ཀྱིས་གཞི་རིམ་དུ་འཁྲབ་སྟོན་བྱེད་སྐབས་མང་ཚོགས་ཀྱིས་ཁོང་ལ་དཀར་གཙང་ཁ་བཏགས་གཡོག་བཞིན་པ།

    རྡོ་རྗེ་དོན་གྲུབ་ཀྱིས་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ་ཡུལ་སྐོར་བ་དང་གྲོང་མིར་མངའ་རིས་ཀྱི་དམངས་གཞས་གཏོང་བཞིན་པ།

    1997ལོར་རྡོ་རྗེ་དོན་གྲུབ་དམིགས་བསལ་སྒོས་ཀྲུང་དབྱང་མི་རིགས་སློབ་ཆེན་གླུ་དབྱངས་ཆེད་ལས་ཀྱིས་བསྡུས་པ་དང་། གྲགས་ཅན་གླུ་དབྱངས་སློབ་གསོ་མཁས་ཅན་སྨི་རུའོ་རུའུ་དགེ་རྒན་ལ་བསྟེན་ནས་གླུ་དབྱངས་སྒྱུ་རྩལ་གྱི་ཤེས་བྱ་རྩེ་གཅིག་ཏུ་སྦྱོང་བའི་སྐལ་བཟང་ཐོབ།

    སློབ་གྲྭ་ཐོན་རྗེས་རྡོ་རྗེ་དོན་གྲུབ་སྔ་རྗེས་སུ་མངའ་རིས་ས་ཁུལ་རིག་རྩལ་ཚོགས་པ(རྗེས་སུ་མངའ་རིས་ས་ཁུལ་ཞང་ཞུང་སྒྱུ་རྩལ་ཚོགས་པ་ཞེས་པར་མིང་བསྒྱུར)དང་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པར་ལས་ཀ་བྱས་ནས་ཆེད་ལས་ཀྱི་སྐྱེས་པའི་སྒྲ་གདངས་མཐོ་བའི་གླུ་གཞས་གཏོང་མཁན་གྱི་འཁྲབ་སྟོན་པ་ཞིག་ལ་གྱུར། རོལ་དབྱངས་གསར་རྩོམ་ལ་དགའ་བའི་ཁོང་གི་གླུ་གཞས་ཀྱི་ཉམས་འགྱུར་ནས་གཞས་ཚིག་ཚང་མར་ཕ་ཡུལ་གྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། ཕ་ཡུལ་གྱི་གནས་ཡུལ་དང་། ཁོར་ཡུག་གི་ཁྱད་ཆོས། མི་ཆོས་རིག་གནས་ཀྱི་བརྩེ་སེམས་བཅས་ཀྱིས་ཁོང་གི་རོལ་དབྱངས་ཀྱི་ཉམས་འགྱུར་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད།


    རྡོ་རྗེ་དོན་གྲུབ་ཀྱིས་2023ལོར་ཅང་སུའུ་ཞིང་ཆེན་རིག་རྩལ་སྐོང་འཁྲབ་ཚོགས་པའི་མཉམ་དཀྲོལ་རོལ་དབྱངས་འདུ་ཚོགས་ཐོག《ཕ་ཡུལ་གྱི་ཆང་གཞས》གཏོང་བཞིན་པ།

    2014ལོའི་ཟླ་3ཚེས་28ཉིན་རྡོ་རྗེ་དོན་གྲུབ་ཀྱི་མི་སྒེར་གྱི་ཆེད་བསྒྲིགས་དང་པོགནས་ཆེན་ཡུལ་གྱི་སྨོན་འདུནའགྲེམས་སྤེལ་བྱས་པ་དང་། ཆེད་བསྒྲིགས་དེའི་ནངགནའ་བོའི་ཉམས་འགྱུར་གྱི་དགའ་གླུདང་། ཚེ་གྲོགས་ལས་དབང》 《ཕ་ཡུལ་བོད་ལྗོངསསོགས་མངའ་རིས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་དམངས་གཞས་12བསྡུས་ཡོད།

    བྱས་པ་ཆུད་མི་ཟ་བའི་དཔེ་ལྟར་ལོ་དང་ཟླ་བ་བསྟུད་མར་དཀའ་སྤྱད་འབད་བརྩོན་བྱས་མཐར། ད་ཆ་ཁོང་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། འབྱུང་འགྱུར་རྡོ་རྗེ་དོན་གྲུབ་ཀྱི་འཚོ་བ་ད་དུང་གླུ་དབྱངས་དང་དམ་པོར་འབྲེལ་ངེས་རེད་ལ། ཁོང་གིས་ཀྱང་མུ་མཐུད་དཔའ་ངར་ཆེན་པོས་ཕུགས་འདུན་དོན་གཉེར་བྱེད་པ་དང་སེམས་གཏིང་ནས་གླུ་དབྱངས་ལེན་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།


འོས་སྦྱོར།

སློབ་འགོ་ཚུགས་པའི་དུས་ཚོད་གཏན་འཁེལ་འདུག

གནམ་དང་ཐག་ཉེ་ཤོས་ཀྱི་གྲོང་ཚོ་དེ་ནས……

དབང་པོ་སྐྱོན་ཅན་ལ་ཁ་གསབ་འདི་སྤྲོད་རྩིས་འདུག




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཞོན་པ།ལག་བསྟར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com

继续滑动看下一个

རོལ་དབྱངས་དང་འགྲོགས་པའི་རྡོ་རྗེ་དོན་གྲུབ་ཀྱི་མི་ཚེའི་གཏམ་རྒྱུད།

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存