给恩师的一封信
老师:
您走了有22年啦! 人们依然在想念您。最感动的是这份思念,在一代一代延续着 。
དགེ་རྒན་ལགས།ཁྱེད་རང་མི་ཡུལ་དང་ཞལ་གྱེས་ནས་ལོ་ངོ་ཉེར་གཉིས་ཏག་ཏག་འགོར་སོང་། མི་རྣམས་ཀྱིས་ད་དུང་ཁྱེད་ཉིད་དྲན་བཞིན་འདུག ཆེས་བརྗེད་ཐབས་བྲལ་བ་ནི་ང་ཚོའི་ཕྱི་རབས་པའི་སེམས་ཀྱི་དྲན་གདུང་འདི་ཉིད་ཡིན།དྲན་གདུང་འདི་མི་རབས་མང་པོའི་སེམས་ཀྱི་གཏིང་རིམ་དུ་ཟུག་ནས་ཡོད།
这些天我听说,玉树州西部六乡申请划归国家公园。老师,人们又开始重提起西部六乡啦!因为西部六乡的概念是上个世纪80年代您在索加乡艰辛担当10年以后,向当时州委政府提出的建议。您当时提出像索加乡一样的玉树西部六乡划为一个特区,并在治多、杂多、曲麻菜三县分别成立西部工作委员会,并每三年专门召开一次全州西部六乡工作会议, 专门讨论西部六乡的问题。 您的建议得到当时州委史书记的采纳,并让您担任了治多县县委副书记兼治多县西部工作委员会书记。因为这份因缘您带我们走进了永远的可可西里。
ཉིན་འདི་དག་ཡུལ་ཤུལ་ནུབ་རྒྱུད་ཀྱི་ཡུལ་ཚོ་དྲུག་ཏུ་རྒྱལ་ཁབ་སྤྱི་གླིང་གཟུག་པའི་སྙན་ཞུ་འབུལ་བཞིན་པ་ཐོས་བྱུང་། རྒན་ལགས།ད་ནི་མི་རྣམས་ཀྱིས་ཡང་བསྐྱར་ནུབ་རྒྱུད་ཡུལ་ཚོ་དྲུག་གླེང་འགོ་རྩོམ་བྱུང་།དུས་རབས་གོང་མའི་ལོ་རབས 80 ཡི་སྐབས་སུ་སྐུ་ཉིད་ཡུལ་ཤུལ་ནུབ་རྒྱུད་ཀྱི་ཟོ་སྐྱ་ཡུལ་ཚོའི་ཧྲུའུ་ཅི་ཡི་འགན་ཕྲག་ཏུ་བཞེས་སྐབས་སུ།ས་ཆ་འདི་ཡི་དཀའ་ངལ་དང་གནད་དོན་ཐམས་ཅད་ཡུལ་ཤུལ་ནུབ་རྒྱུད་ཀྱི་ཡུལ་ཚོ་གཞན་ལྔ་རུ་ཡང་ཡོད་པར་འདོད་ནས།འབྲི་སྟོད་རྫོང་དང་རྫ་སྟོད་རྫོང་།ཆུ་དམར་ལེབ་བཅས་སུ་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་ཤིང་།ལོ་གསུམ་རེ་ལ་ནུབ་རྒྱུད་ཡུལ་ཚོ་དྲུག་གི་གནད་དོན་ཐག་གཅོད་གྲོས་མོལ་ཚོགས་འདུ་བསྡུས་ནས་དཀའ་ངལ་སེལ་རྒྱུའི་གྲོས་འགོ་བཏོན།སྐབས་དེར་ཁུལ་ཧྲིའི་ཅི་ཡིས་ཀྱང་ཁྱེད་ཀྱི་རེ་འདུན་དང་དུ་བླངས་ཏེ་ཁྱེད་རང་འབྲི་སྟོད་རྫོང་གི་ཏང་ཨུ་ཧྲིའི་ཅི་གཞོན་པ་དང་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲིའུ་ཅི་རུ་བསྐོས།དེ་བས་ལས་དང་སྐལ་བའི་བགོ་སྐལ་ཞིག་གིས་ཁྱེད་ཀྱིས་ང་ཚོ་ཁྲིད་དེ་ནམ་ཡང་བརྗེད་ཐབས་བྲལ་བའི་ཨ་ཆེན་གངས་རྒྱབ་ཏུ་བསྐྱོད་དགོས་བྱུང་།
老师,您为什么从索加乡一乡的问题,思考并担当起更大区域的问题和责任? 担当这些责任的动力是什么? 您总有一些奇特的突破和狂想,是为什么呢?当时县委政府要求我们西部工委向县财政作出贡献,可我们在可可西里与黄金打交道以后,不仅没有发财,您却永远成了昆仑山口的一块石碑,为什么呢?
དགེ་རྒན་ལགས།སྐབས་དེར་སྐུ་ཉིད་ཀྱིས་རང་གི་ལས་དོན་གཉེར་ཡུལ་ཟོ་སྐྱ་ཡུལ་ཚོའི་གནད་དོན་དང་འབྲེལ་ནས།ནུབ་རྒྱུད་ཀྱི་གཞི་རིམ་ཡུལ་ཚོ་གཞན་གྱི་ལས་དབང་ཡང་ཡིད་ལ་འཁོར་ཏེ།བསམ་བློ་ཞིབ་ཏུ་བཏང་ནས་འགན་འཁྲི་ཕྲག་ཏུ་ལེན་དོན་ཅི། འགན་འཁྲི་འདི་དག་སྒུལ་ཤུགས་ཅི་ཞིག་གིས་དེད་ནས་འོང་བ་ཡིན།ཁྱེད་ལ་ནམ་ཡང་བསམ་གཞིག་དང་བློ་ཁོག་ཁྱད་མཚར་ཅན་ཞིག་མངའ་བ་དེ་གང་ནས་བྱུང་།སྐབས་དེར་རྫོང་ནོར་སྲིད་ཀྱིས་ང་ཚོ་བཅངས་པའི་རེ་བ་ནི་ནོར་སྲིད་ལ་ཕན་ཐོགས་པའི་ལས་དོན་བསྒྲུབ་རྒྱུ་དེ་ཡིན་མོད།ང་ཚོས་གཏེེར་རྐུན་དག་དང་འབྲེལ་བ་བྱས་རྗེས།ཕྱུག་པོ་འགྱུར་བའི་རྨི་ལམ་སད་ཀྱིས་བཅོམ་ཞིང་སྐུ་ཉིད་གདང་ལ་རི་རྒྱུད་དུ་ཀྲོང་ངེར་འགྱིང་བའི་རྡོ་རིང་ཞིག་ཏུ་འགྱུར་དོན་ཅི།
现在很多人只视您为一名环保英雄,可这只不过是您生命结束时的定格而已,不是您的全部。我曾经作为贴身跟随您的一个小屁孩儿,如今已经进入了五十知天命的生命阶段啦!我应该向更多的人们传达更立体的杰桑·索南达杰。以后每年的这一天,我会相约更多有缘的人来分享您给予我的最真实的故事和感受,让后来的人们真正的思考自己时代的责任和践行自己力所能及的担当。
ད་ལྟ་མི་མང་པོ་ཞིག་གིས་སྐུ་ཉིད་ཁོར་སྲུང་དཔའ་བོ་ཞིག་ཏུ་ངོས་འཛིན་གྱིན་འདུགའོན་ཀྱང་།མཚན་སྙན་འདི་ཡིས་ཁྱེད་ཀྱི་ཚེ་སྲོག་གི་སྒྲོན་མེ་གཟིམ་པའི་དོན་རྐྱེན་དེ་ལས།སྐུ་ཉིད་ཀྱི་མཛད་འཕྲིན་ཐམས་ཅད་མཚོན་མི་ཐུབ་སྙམ།སྔོན་ང་རང་ནི་སྐུ་ཉིད་ཀྱི་རྗེས་འདེད་ནས་འགྲོ་མཁན་གྱི་ལོ་ཆུང་ཞིག་ནས།ད་ལྟ་ཕོ་ལོ་ལྔ་བཅུ་སྐས་རིམ་དུ་སླེབས་ཡོད།ངས་དམིགས་བསལ་གྱི་ཉིན་མོ་འདིར་མི་མང་པོ་ཞིག་ལ་ཕྱི་ནང་གསང་གསུམ་འབུར་དུ་ཐོན་པའི་རྗེས་བཟང་བསོད་ནམས་སྟབས་རྒྱས་དེ་གླེང་དགོས་ངེས་རེད།རྗེས་ཕྱོགས་ངས་ཉིན་མོ་འདིར་ལས་ཀྱིས་འབྲེལ་བའི་མི་ཀུན་ལ་ཁྱེད་ཀྱི་གཏམ་རྒྱུད་དང་སྐབས་དེའི་མྱོང་ཚོར་ངོ་མ་བཤད་དེ།མི་རབས་གསར་བ་དག་གིས་རང་གི་དུས་རབས་ཀྱི་འགན་འཁྲི་རྟོགས་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་ལམ་དུ་ཆས་པར་སྐུལ་མ་གང་ནུས་བྱེད་རྒྱུ་ཡིན།
ཞེས་སྐུ་ཉིད་ཀྱི་སློབ་བུ་ཧ་ཤུལ་བཀྲ་ཤིས་རྡོ་རྗེ་རུ་འབོད་པས་གུས་པ་ཆེན་པོས་ཕུལ་བ་དགེའོ།།
2016年1月18日