官网首发:善恶自相见解脱——八美转世中阴精彩演出预告片
善恶自相见解脱
——八美转世中阴精彩演出掠影
https://v.qq.com/txp/iframe/player.html?vid=f0361b9wyig&width=500&height=375&auto=0
(点击播放)
大密光明九乘次第顶
གསང་ཆེན་འོད་གསལ་ཐེག་པ་རིམ་དགུའི་རྩེ།།
如海极密无上续精华
ཡང་གསང་བླ་མེད་རྒྱུད་སྡེ་རྒྱ་མཚོའི་བཅུད།།
《深法寂猛密意自解脱》
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི།།
中阴见解脱法今上演
མཐོང་གྲོལ་བར་དོའི་ངོ་སྤྲོད་གཟུགས་སུ་བཞེངས།།
为了配合龙多仁波切宣讲无上密法功德圆满
复以弘法利生之甚深缘起
八美显密道场上演了
丹哲耶吾布美传记 智者普喜金刚舞
以及《转世中阴介绍 宣说善恶自相之教言》中的精彩节目
龙多仁波切在传法时开示道
本来六中阴都有相应的金刚舞
但我们这次传法圆满后
主要根据《转世中阴介绍 宣说善恶自相之教言》
来表演转世中阴方面的内容……
能够即生证悟解脱的人比较稀少
我们大多数人死后都要经历转世中阴
所以大家好好观看这个金刚舞非常重要
诸成就者之唯一顶饰 开启甚深伏藏门之大师
གྲུབ་བརྙེས་སྐྱེས་བོ་ཡོངས་ཀྱི་གཙུག་གི་རྒྱན་གཅིག ཟབ་མོ་གཏེར་གྱི་སྒོ་མོ་འབྱེད་པ་ཆེན་མོ།
大成就者噶玛朗巴所取伏藏法 《深法寂猛密意自解脱》中
གྲུབ་ཐོབ་ཀརྨ་གླིང་བས་གཏེར་ནས་བཏོན་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི།
《转世中阴介绍 宣说善恶自相之教言 转世自解脱》所述
སྲིད་པ་བར་དོའི་ངོ་སྤྲོད་དགེ་སྡིག་རང་གཟུགས་སྟོན་པའི་གདམས་པ་སྲིད་པ་རང་གྲོལ་ཞེས་བྱ་བ་ལས་
第一部 德坚涅瓦苯的故事
འཁྲབ་ཚན་དང་པོ་སྡིག་ཅན་དམྱལ་བ་འབུམ་གྱི་ལོ་རྒྱུས་བཞུགས་སོ།།
从前有个叫德坚涅瓦苯的人
༈ དེ་ཡང་སྡིག་ཅན་དམྱལ་བ་འབུམ་ནི་
生于印度让朗地方先德那波城市的
སྔོན་རྒྱ་གར་ཟངས་གླིང་ཡུལ་གྱི་གྲོང་ཁྱེར་ཤན་ཏི་ནག་པོ་ཞེས་བྱ་བ་རུ།
低劣旃陀罗种姓中
རིགས་ངན་པ་གདོལ་བའི་རིགས་སུ་སྐྱེས་ཤིང་།
他一生嗜杀 唯以血肉为食
ཁོས་མི་ཚེ་གང་བོར་རིག་ཚད་མཐོང་ཚད་བསད་ཅིང་། ཟས་སུ་ཤ་ཁྲག་ཁོ་ན་བྱས།
且诽谤三宝 破坏佛陀身语意所依等
ཡུལ་དཀོན་མཆོག་གསུམ་ལ་སྐུར་བ་འདེབས་པ་དང་རྟེན་གསུམ་བཤིག་པ་སོགས་
唯一行持不善业 一生痛苦不堪
མི་དགེ་བ་ཁོ་ན་བྱས་ཤིང་མི་ཚེ་སྡུག་ལ་གཟད།
尤喜抽烟喝酒等 放逸无度 故不得善终
ཁྱད་པར་དུ་དུ་བ་སྣ་དུད་དང་ཆང་ཨ་རག་སོགས་ལ་བག་མེད་དུ་སྤྱོད་པའི་རྐྱེན་གྱིས་ཚེ་མཐར་ཕྱིན་མ་ནུས་པར།
突然暴病而亡
གློ་བུར་གྱི་ནད་རྐྱེན་དྲགས་པོས་མནར་བཞིན་འཇིག་རྟེན་ཕ་རོལ་དུ་སོང་།
死后以生前不善业的异熟所致
ཤི་མ་ཐག་ཏུ་སྔར་མི་དགེ་བ་བྱས་པའི་རྣམ་སྨིན་གྱི་དབང་གིས་
立即不由自主地飘流至恐怖的阎罗城中
འཇིགས་རུང་གཤིན་རྗེའི་གྲོང་ཁྱེར་དུ་རང་དབང་མེད་པར་འཁྱམས་ཤིང་།
乃至恶业罪障未尽之间
ལས་ངན་པའི་སྡིག་སྒྲིབ་མ་དག་བར་དུ་
备受十八地狱难忍痛苦之折磨
དམྱལ་ཁམས་བཅོ་བརྒྱད་ཀྱི་སྡུག་བསྔལ་བཟོད་གླགས་མེད་པས་མནར་བཞིན་མཆིས་སོ།།
第二部 华吉施主的故事
࿑ འཁྲབ་ཚན་གཉིས་པ།།
《深法寂猛密意自解脱》中
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་
转世中阴介绍 宣说善恶自相之教言
སྲིད་པ་བར་དོའི་ངོ་སྤྲོད་དགེ་སྡིག་རང་གཟུགས་སྟོན་པའི་གདམས་པ་
转世自解脱中所述 华吉施主的本生故事
སྲིད་པ་རང་གྲོལ་ཞེས་བྱ་བ་ལས་ཁྱིམ་བདག་དཔལ་སྐྱེས་ཀྱི་སྐྱེས་རབས་བཞུགས་སོ།།
从前 在印度圣地的嘎玛热巴城市中
དེ་ཡང་ཁྱིམ་བདག་དཔལ་སྐྱེས་ནི་སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་གྲོང་ཁྱེར་ཀ་མ་རི་པ་རུ་
居住着一位资财丰饶的华吉施主
གནས་པའི་ཁྱིམ་བདག་དལ་འབྱོར་དང་ལྡན་པ་ཞིག་ཡིན་ལ།
他从小具足信心 悲心
ལོ་ན་ཆུང་བའི་དུས་ནས་དད་པ་དང་སྙིང་རྗེ་ལྡན་ཞིང་
秉性正直 意乐贤善
མི་གཞི་དྲང་ལ་ལྷག་བསམ་དཀར་བའི་
拥有胜士应具之一切高贵品质
སྐྱེས་བོ་ཡ་རབས་ཀྱི་ཡོན་ཏན་ཐམས་ཅད་ཚང་བ་ཞིག་ཡིན།
他恒常为了自利而精勤断恶行善
ཁོ་བོས་ནམ་རྒྱུན་རང་དོན་དུ་དགེ་སྒྲུབ་སྡིག་སྤངས་ལ་འབད་ཅིང་
同时以存心良善而劝诫他众
གཞན་ལ་སེམས་དཀར་གྱི་ཁ་ཏ་བྱེད་པ་སོགས་
故此与世无争 众人爱戴
ཀུན་ལ་མཐུན་ཞིང་ཀུན་གྱིས་བཀུར་བས་
人所倾羡 其乐融融
མིས་སྨོན་རང་སྐྱིད་ཀྱི་འཚོ་བར་རོལ་ཏེ་
终其一生快乐无忧
མི་ཚེ་བདེ་སྐྱིད་ཀྱིས་མཐར་ཕྱིན།
死后立即往生观世音菩萨净土 普陀山佛刹
ཚེ་འཕོས་མ་ཐག་ཏུ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་རི་བོ་པོ་ཊ་ལའི་ཞིང་ཁམས་སུ་སྐྱེས་སོ།།
大密密严胜刹土
གསང་ཆེན་འོག་མིན་སྟུག་པོ་བཀོད་པའི་ཞིང་།
人间显密法源寺
། ས་ལ་སྤྱོད་པ་མདོ་སྔགས་ཆོས་འབྱུང་གླིང་། །
披著讲修之妙衣
བཤད་དང་སྒྲུབ་པའི་གོས་ཀྱིས་ཀླུབ་བཞིན་དུ། །
佛幢有际愿永固
བསྟན་པའི་རྒྱལ་མཚན་སྲིད་མཐར་བརྟན་གྱུར་ཅིག །
——龙多仁波切亲笔