གཙོ་འཛིན་གྱི་བཀའ་དྲིན་བློ་ལ་བརྟ ན་པོར་བཅངས་ནས་ས་མཐོར་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནད་བསྡུས།
གཉིས། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལ་གཟིགས་ཞིབ་གནང་བའི་ཕུགས་ཀྱི་ཤུགས་རྐྱེན་ཟབ་མོར་གོ་བ་གཏིང་ཟབ་ལེན་པ་དང་ཟབ་མོ་ཚོར་བ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ནས་ཡུན་རིང་མ་སོང་བར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་བོད་དུ་གཟིགས་ཞིབ་གནང་བར་ཕེབས་པའི་དུས་སྐབས་ཧ་ཅང་གལ་འགངས་ཆེ་བ་དང་། བརྗོད་དོན་ཧ་ཅང་མངོན་གསལ་དོད་པ། དོན་སྙིང་ཧ་ཅང་ཟབ་པ། ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད། གཟིགས་ཞིབ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་མཐོ་ཚད་ཐོག་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་སྤྱི་ཡོངས་ལ་དམིགས་ནས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་འཆར་འགོད་གནང་ཡོད། ཤར་རྒྱུད་དང་ནུབ་རྒྱུད་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། མཐའ་མཚམས་མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་པ་བཅས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱེད་པར་ཁོང་སྐུ་ངོ་མས་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བ་དེ་ལས། ང་ཚོས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་རྒྱུར་གལ་འགངས་ཤིན་ཏུ་ཆེ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་རེད། 1. ངེས་པར་དུ་བོད་ཀྱི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་འགན་ལེན་བྱེད་པའི་ཐད་ཕུགས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་རེད། དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་བོད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་དམིགས་བསལ་གྱི་འཐབ་ཇུས་གནས་བབ་གལ་ཆེན་བཟུང་ཡོད་པས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། ཏང་ཀྲུང་དབྱང་གིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལག་ལེན་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི“ངོ་བོ་གསུམ”དང“ཞྭ་མོ་ལྔའི”ངོ་བོ་གཏན་འཁེལ་ཡང་དག་བྱས་ནས“དར་ཆ་གསལ་སྟོན་དང་། མདུང་རྩེ་ཁ་སྤྲོད། རང་འགུལ་སྟངས་འཛིན། མི་སེམས་འགུགས་ཐབས། རྨང་གཞི་བརྟན་གཏོང”བཅས་ཀྱི་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་གཏན་འཁེལ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྤྱི་ཡོངས་རང་བཞིན་དང་རང་འགུལ་སྟངས་འཛིན་ནན་པོ་བྱེད་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“ཏཱ་ལའི་རུ་ཚོགས་ཀྱི་འགོག་རྐྱེན་དང་གཏོར་བཤིག་ལས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཡར་ཐོན་ལ་ཤུགས་རྐྱེན་ངན་པ་བཟོ་བ་མ་ཟད། རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་ལའང་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། བོད་ཀྱི་ལས་དོན་ཐད་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དམིགས་ས་དང་ཤུགས་རྒྱག་སར་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ་དང་འགག་རྩ་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ཡིན”ཞེས་གསུངས་ཡོད། ད་རེས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་བོད་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས“ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུ་ནི་བོད་ཀྱི་ལས་དོན་ཐད་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་ལས་དོན་གལ་ཆེན་ཞིག་རེད”ཅེས་ནན་བཤད་གནང་བས། ངེས་པར་དུ་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་བོད་དུ་གཟིགས་ཞིབ་གནང་བར་ཕེབས་པ་འདི་ལས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ལ་ཟིལ་ཤུགས་ཆེན་པོ་བསྣན་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོའི་བློ་མཐུན་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་བ་འདི་ལས་ང་ཚོས་མུ་མཐུད་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་ཡག་པོ་བྱེད་པར་བླང་བྱ་གསར་པ་བཏོན་ཡོད། བཀོད་སྒྲིག་གསར་པ་གནང་བ་འདི་ལས་ང་ཚོས་ཨ་རི་སོགས་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་ཀྲུང་གོ་ཁ་ཕྲལ་དུ་གཏོང་བའི་ངན་ཇུས་བཀག་འགོག་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་སོགས་ཁ་ཕྲལ་ཕྱོགས་གཏོགས་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཡིད་ཆེས་ཆེ་རུ་ཕྱིན་ཏེ་ང་ཚོས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས་རེད། དེ་དང་ཆབས་ཅིག་བོད་ནི་རང་རྒྱལ་གྱི་སྐམ་སའི་ས་མཚམས་ཕྱེ་མེད་པའི་ས་ཁུལ་གཅིག་པུ་དེ་ཡིན་པ་དང་རང་རྒྱལ་གྱི་མཐའ་མཚམས་ཀྱི་གནས་ཚུལ་རྙོག་འཛིང་ཆེ་ཤོས་དང་མཐའ་སྲུང་གི་འཐབ་རྩོད་རྣོ་ངར་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པས། ལམ་ཐག་སྤྱི་ལེ་4000ལྷག་ཙམ་ཟིན་པའི་མཐའ་མཚམས་དོ་དམ་དང་ཚོད་འཛིན་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“མཐའ་མཚམས་ས་ཁུལ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གྱི་འགོག་སྲུང་འཛིང་རགས་དང་པོ་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་པའི་འཐབ་ས་མདུན་མ་རེད། གལ་སྲིད་མཐའ་མཚམས་སུ་གནས་ཚུལ་ལྷག་ཚེ་བོད་ཀྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ལ་ཤུགས་རྐྱེན་ཐེབས་སྲིད་ལ། རང་རྒྱལ་གྱི་ལྟེ་བའི་ཁུལ་དུའང་ཤུགས་རྐྱེན་ཐེབས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་ངེས་རེད”ཅེས་གསུངས་ཡོད། ད་རེས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་བོད་དུ་གཟིགས་ཞིབ་གནང་བར་ཕེབས་ནས་མཐའ་མཚམས་ས་ཁུལ་ནི་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་གྱི་འགོག་སྲུང་འཛིང་རགས་དང་པོ་དེ་ཡིན་ཞེས་གསུངས་ཤིང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུའི་དགོས་མཁོར་གཞིགས་ནས། མཐའ་མཚམས་ཀྱི་ལས་དོན་དེ་མཐའ་སྐྱོང་བོད་བརྟན་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ་མཐའ་མཚམས་བདེ་འཇགས་དང་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་སླར་ཡང་སྐུལ་སློང་བཀོད་སྒྲིག་གནང་བ་འདི་ལས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་། ཁྱིམ་གཞིས་འཛུགས་སྐྲུན་བཅས་བྱེད་པའི་ཆོད་སེམས་སྔར་བས་བརྟན་དུ་འགྲོ་ངེས་ཡིན་པ་དང་། མཐའ་མཚམས་ས་ཁུལ་སྐྲུན་མགྱོ གས་སུ་གཏོང་བ་དང་། མཐའ་སྲུང་དང་མཐའ་མཚམས་ཀྱི་བདེ་འཇགས་སྲ་བརྟན་དུ་གཏོང་བར་འགན་ལེན་ཏན་ཏིག་བྱེད་པ། རྒྱལ་ཡོངས་ཀྱིས་སེམས་ནུས་གཅིག་ཏུ་བསྒྲིལ་ནས་འཛུགས་སྐྲུན་བྱེད་པར་བདེ་འཇགས་ཀྱི་འགན་ལེན་ཡག་པོ་བཅས་བྱ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས་རེད།
2.བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་སྐྲུན་པ་དང་བོད་ཀྱི་མི་དམངས་ཚུད་པའི་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་ཤུགས་རྐྱེན་གཏིང་ཟབ་ཐེབས་ངེས་རེད།
བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་འགོར་བ་དང་། རྨང་གཞི་ཞན་པ། ནང་གནས་སྒུལ་ཤུགས་མི་འདང་བ་བཅས་ཀྱི་རྐྱེན་པས། ཀྲུང་དབྱང་གིས་བོད་ལ་དམིགས་བསལ་གྱི་ནོར་ཁྲལ་སྲིད་ཇུས་ལག་ལེན་བསྟར་ནས་བོད་ལ་ཁྲལ་འབབ་ཕྱིར་སློག་དང་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ་གཙོ་གནད་རྣམ་གྲངས་དང་གཙོ་གནད་འདུ་འགོད་མང་པོ་ཞིག་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་འཚོགས་ནས་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ཏེ་བོད་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ལོ་ལྔ་ཚན་བཅུ་གཉིས་པ”དང་། “ལོ་ལྔ་ཚན་བཅུ་གསུམ་པ” “ལོ་ལྔ་ཚན་བཅུ་བཞི་པ”བཅས་ཀྱི་རིང་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་མང་པོ་ཞིག་གཏན་འཁེལ་གནང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་གིས་བོད་ཀྱི་ཁྲལ་འབབ་ཕྱིར་སློག་དང་སྤོ་སྒྱུར་གཏོང་སྤྲོད་བྱས་པའི་ཁ་གསབ་སྒོར་དུང་ཕྱུར་8448.5ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལས་76.5%འཕར་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད། ཀྲུའུ་ཞི་དབང་དབྱང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་མང་ཤོས་བཅས་ཀྱི་དུས་རབས་གསར་པར་སླེབས་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལས་གནམ་ས་བརྗེ་བའི་མི་ཡུལ་གྱི་ངོ་མཚར་བཏོད་པ་འདི་ནི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་བརྟན་འགྱུར་མེད་ངང་འབད་འཐབ་བྱས་པའི་འབྲས་བུ་ཞིག་ཡིན་ལ། རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་ཞིག་དེ་བས་ཀྱང་རེད”ཅེས་གསུངས་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་འགག་རྩའི་དུས་སུ་དང་རྒྱལ་ཡོངས་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པའི་ལོ་རྒྱུས་ཀྱི་དུས་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་བོད་དུ་གཟིགས་ཞིབ་གནང་བར་ཕེབས་པ་འདི་ལས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གང་ལེགས་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གཟབ་བཞེས་གནང་བ་མཚོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་རིང་མི་རིགས་གཅིག་ཀྱང་མི་ལུས་པ་དང་མང་ཚོགས་གཅིག་ཀྱང་མི་ལུས་པའི་གཙོ་འཛིན་གྱི་བརྩེ་སེམས་ཟབ་མོ་འཆང་བ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ས་ཕྱོགས་གང་དུ་ཕེབས་ཀྱང་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་མཁྱེན་རྟོགས་དང་དམངས་འཚོའི་དོན་ཆེན་ལ་ཐུགས་ཁུར་གཟབ་བཞེས་གནང་བ་མ་ཟད། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོ་ལེགས་སུ་ཏན་ཏིག་གཏོང་བ། དམངས་འཚོ་འགན་ལེན་བྱེད་པ་བཅས་ཀྱི་ཐད་བླང་བྱ་གསལ་པོ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཆེད་གཏོང་མེ་འཁོར་ལ་བཞུགས་ནས་ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་སྐབས། ནུབ་རྒྱུད་ཀྱི་ལྕགས་ལམ་དྲ་བ་འཛུགས་སྐྲུན་ཐད“རིགས་པས་ཁུངས་སྐྱེལ་གང་ལེགས་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས་ལྕགས་ལམ་འཛུགས་སྐྲུན་གྱི་འཆར་གཞི་ཡག་པོ་འདིང་དགོས”ཞེས་གསལ་པོ་གསུངས་ཡོད། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མི་རིགས་ཁག་གི་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་སྐབས“མིག་སྔར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འགོ་བཙུགས་ཡོད། བོད་ཀྱི་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་སེམས་ནུས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཚེ། ང་ཚོས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་དུས་བཀག་ནང་མངོན་འགྱུར་ཐུབ་ངེས་རེད”ཅེས་གསུངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་ད་ཐེངས་བོད་ལ་གཟིགས་ཞིབ་གནང་བར་ཕེབས་སྐབས། ཀྲུང་དབྱང་གི་སེམས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་པ་དང་ཟུང་འབྲེལ་སྔར་བས་དམ་ཟབ་བྱས་ནས་ང་ཚོས་བོད་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྐྲུན་ཐུབ་པ་དང་བོད་ཀྱི་མི་དམངས་ཚུད་པའི་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད།
(ལྗོངས་ཏང་ཨུད་འཆད་ཁྲིད་ཚོགས་པས་མཁོ་འདོན་བྱས་པ་གཞིར་བཟུང)
主编:高斌编审:何胜科 刘仙飞
编辑:次仁加措 来源:西藏日报藏文媒体