查看原文
其他

རླངས་འཁོར་ཆུང་ཆུང་འདིའི་ནང་དུ་མི་འདི་འདྲ་མང་པོ་ཞིག་བསྡད་པས་་་་

杜绝超员超载

已是老生常谈的话题

可是依然有司机和乘客我行我素

不把安全当回事

      9月30日16时许

交警支队检查大队民警

在国道318线查处一辆超员车

及时消除了交通安全隐患

经核查

该车核载7人,实载10人超员42%


       随后,民警对驾驶员进行了批评教育,讲明违法超员存在的交通安全隐患,通过宣传教育,驾驶员及车上乘客了解了超员违法行为的危害,驾驶员认识到错误并表示悔意,也接受了民警依法对其进行的处罚。根据《中华人民共和国道路交通安全法》第九十条和《机动车驾驶证申领和使用规定》规定,民警依法对其开具驾驶证记6分罚款200元的处罚决定书并责令其将超员乘客安全转运。




    རླངས་འཁོར་དུ་མི་དང་དངོས་ཟོག་ཚད་ལས་བརྒལ་མི་རུང་ཞེས་པ་དེ་ནི་དུས་རྒྱུན་གླེང་བཞིན་པའི་ཤ་ཚའི་གཏམ་ཞིག་ཡིན་རུང་།   རླངས་འཁོར་ཁ་ལོ་བ་དང་འགྲུལ་མི་ལ་ལ་ཞིག་གིས་ད་དུང་བདེ་འཇགས་ལ་དོ་སྣང་མི་བྱེད་པར་གང་འདོད་འདོད་བྱེད་བཞིན་འདུག   

    ཟླ་༩ཚེས་༣༠གྱི་ཕྱི་དྲོའི་ཆུ་ཚོད་༤ཡས་མས་སུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ཞིབ་བཤེར་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་རྒྱལ་ལམ་༣༡༨རྒྱུད་དུ་ཞིབ་བཤེར་བྱེད་སྐབས་རླངས་འཁོར་ཞིག་གི་ནང་དུ་མི་ཚད་ལས་བརྒལ་བ་མཐོང་སྟེ་འགྲིམ་འགྲུལ་ཆག་སྒོ་སེལ་བ་རེད།   

      ཞིབ་བཤེར་བྱས་པ་བརྒྱུད།   རླངས་འཁོར་དེར་མི་༧སྡོད་ས་མ་གཏོགས་མེད་ཀྱང་དོན་དངོས་སུ་ནང་དུ་མི་༡༠བསྡད་ཡོད་དེ།   ལྗིད་ཚད་༤༢%བརྒལ་འདུག     དེའི་རྗེས།   མི་དམངས་ཉེན་རྟོག་པས་རླངས་འཁོར་ཁ་ལོ་བར་སློབ་གསོ་ནན་མོ་བཏང་བ་དང་།   རླངས་འཁོར་ནང་མི་ཚད་ལས་བརྒལ་ན་བདེ་འཇགས་ལ་གནོད་པའི་སྐོར་གསལ་བཤད་བྱས་པ་རེད།    སློབ་གསོ་དྲིལ་བསྒྲགས་བྱས་པས་རླངས་འཁོར་ཁ་ལོ་དང་རླངས་འཁོར་ནང་སྡོད་མཁན་ཡོངས་ཀྱིས་རླངས་འཁོར་ནང་མི་ཚད་ལས་བརྒལ་བའི་ཁྲིམས་འགལ་གྱི་གནོད་པ་ངོས་ཟིན་པ་དང་།  རླངས་འཁོར་ཁ་ལོ་བས་ཀྱང་རང་ཉིད་ཀྱི་སྐྱོན་ཆ་ངོས་ཟིན་ནས་འགྱོད་སེམས་དྲག་པོ་སྐྱེས་པར་མ་ཟད།  མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ཆད་པ་བཅད་པ་དང་ལེན་བྱས་པ་རེད།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་དགུ་བཅུ་དང་།  འཕྲུལ་འཁོར་ལག་ཁྱེར་དཔང་ཡིག་ལེན་པའི་རེ་ཞུ་དང་བེད་སྤྱོད་གཏན་འབེབས་གཉིས་ཀྱི་གཏན་འབེབས་ལྟར།    མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་རླངས་འཁོར་ཁ་ལོ་བ་དེའི་ལག་ཁྱེར་དཔང་ཡིག་ལས་སྐར་མ་༦འཐེན་ཞིང་།   སྒོར་༢༠༠ཡི་ཆད་པ་བཅད་པའི་ཐག་གཅོད་ཡི་གེ་བྲིས་པ་དང་། དུས་མཚུངས་སུ་ལྷག་མའི་མི་རྣམས་བདེ་འཇགས་ཐོག་བསྐྱལ་བ་རེད།   


ཤ་ཚའི་དྲན་སྐུལ།    འགྲིམ་འགྲུལ་དོན་རྐྱེན་ནི་རྒྱ་སྟག་ངར་མའི་འཇབ་རྒོལ་དང་འདྲ་ཞིང་།   བདེ་འཇགས་རླངས་འཁོར་གཏོང་བ་ལས་གལ་ཆེ་བའི་དོན་ཞིག་མེད་པ་དང་། ཚད་ལས་བརྒལ་ཚེ་ཁྲིམས་འགལ་ཡིན་ལ་གནོད་པའང་ཆེ་བས་དོན་དེར་སྣང་ཆེན་བྱས་ན་བདེ་འཇགས་ལ་ཁག་ཐེག་བྱ་ཐུབ།   སྐུ་ཉིད་ཀྱིས་ངེས་པར་དུ་ཚད་ལས་བརྒལ་བའི་མི་སྡོད་དུ་མི་འཇུག་པ་དང་མི་ཚད་ལས་བརྒལ་ཡོད་པའི་རླངས་འཁོར་ལ་མི་སྡོད་པ།   བདེ་འཇགས་དང་ཤེས་དཔལ་ལྡན་པའི་སྒོ་ནས་རླངས་འཁོར་གཏང་དགོས།   


主编:高斌编审:平措次仁 刘仙飞
编辑:次仁加措来源:阳光西藏

你会喜欢

吴英杰听取昌都市和洛隆县边坝县汇报
མགྱོགས་པོར་འདིར་གཟིགས་རོགས་གནང་།
未来5年,就医、用药有这些好消息!
整治西藏房地产市场乱象,9部门出手!

您可能也对以下帖子感兴趣

文章有问题?点此查看未经处理的缓存