中国雪豹之乡代表应邀出席“全球雪豹论坛”
ཟླ་བརྒྱད་པའི་ཚེས་ཉེར་བཞི་ནས་ཚེས་ཉེར་དྲུག་ཉིན་བར།རྫ་ཆུ་མགོ་ཁུངས་གླིང་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ཡོན་ལྷན་ཁང་ཀྲུང་གོ་གུང་ཁྲན་ཏང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཚེ་དོན་འགྲུབ་ལ་ཁེར་གྷི་སི་ཐན་ཁོར་སྲུང་དང་ནགས་ལས་པུའུ་ཡི་པུའུ་ཀྲང་གི་གདན་ཞུ་ལྟར།རྒྱལ་ས་པིས་ཧྲིན་ཁེད་ཁུག་ལ་སོང་སྟེ་ཉིས་སྟོང་བཅུ་བདུན་ལོའི་གསའ་དང་སྐྱེ་ཁམས་མ་ལག་གི་མཐོ་རིམ་གླེང་སྟེགས་སུ་ཞུགས་པ་མ་ཟད། ཚོགས་ཞུགས་སྐུ་མགྲོན་རྣམས་ལ་རྫ་སྟོད་ཀྱི་གསའ་ཡི་ཞིབ་འཇུག་དང་སྲུང་སྐྱོབ་བྱ་བའི་ཉམས་མྱོང་ཐད་ནས་གླེང་མོལ་བྱས།
8月24到26日,澜沧江源园区国家公园管委会党工委书记、中共杂多县委书记才旦周,应吉尔吉斯斯坦环境保护与林业部部长的邀请,前往其首都比什凯克参加了“2017全球雪豹与生态系统论坛”,并与参会的各位嘉宾分享了杂多雪豹研究和保护经验。
雪豹12个分布国的政府代表和民间机构代表齐聚比什凯克。
澜沧江源园区国家公园管委会党工委书记、中共杂多县委书记才旦周参加论坛
ཐེངས་འདིའི་འཛམ་གླིང་གི་གསའ་དང་སྐྱེ་ཁམས་མ་ལག་གི་གླེང་སྟེགས་སུ་ཨེ་ཤེ་ཡ་དབུས་རྒྱུད་དང་ལྷོ་རྒྱུད་ས་ཁུལ་གྱི་གསའ་འཚོ་སྡོད་བྱེད་སའི་རྒྱལ་ཁབ་བཅུ་གཉིས་ཀྱི་འགོ་གཙོ་དང་སྲིད་གཞུང་གི་དཔོན་རིགས། འཛམ་གླིང་གི་གསའ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཕན་སྙིང་རྗེ་རྩ་འཛུགས་བཅས་ཞུགས་ཡོད་པ་དང་། འཛམ་གླིང་གི་གསའ་ལ་ཞིབ་འཇུག་དང་སྲུང་སྐྱོབ་བྱེད་པའི་མཐོ་རིམ་ཚོགས་འདུ་ཞིག་ཡིན་པའི་ངོས་ནས་ཚང་མ་མཉམ་དུ་འཛོམས་སྟེ་གསའ་ཡི་སྲུང་སྐྱོབ་ལ་སོགས་ཀྱི་ཐད་ནས་གྲོས་བསྡུར་མཛད།རབས་འདིའི་གླེང་སྟེགས་ནི་གསའ་འཚོ་སྡོད་བྱེད་སའི་རྒྱལ་ཁབ་དག་གིས་གསའ་ཡི་སྲུང་སྐྱོབ་བྱ་བར་ཤུགས་བསྣོན་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཆེར་བསྐྱེད་པ་དང་། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་རྒྱལ་སྤྱིའི་སྡེ་ཁོངས་ཀྱི་རོགས་སྐྱོར་མ་དངུལ་བརྩོན་ལེན་བྱ་ཆེད་ཡིན་པ་མ་ཟད། གསའ་ཡི་ཞིབ་འཇུག་དང་སྲུང་སྐྱོབ་བྱ་བའི་རྒྱལ་སྤྱིའི་བསམ་ཚུལ་བརྗེ་རེས་ཀྱི་གླེང་སྟེགས་ཀྱང་ཡིན་པ་རེད།
此次全球雪豹与生态系统论坛聚集了横跨中亚及南亚地区共12个雪豹分布国的国家首脑、政府高官、全球保护雪豹及其生态环境的公益慈善组织,作为全球雪豹研究和保护的盛会,共聚一堂讨论雪豹这一美丽的大猫。
本次论坛旨在提升各分布国政府对雪豹保护计划的政治支持力度,获取各国政府和国际机构的资金支持承诺。除此之外,论坛还是雪豹研究与保护的国际交流平台。
吉尔吉斯斯坦总统阿塔姆巴耶夫在全球雪豹论坛上致辞。
ཉིས་སྟོང་བཅུ་བདུན་ལོའི་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་གྱི་གླེང་སྟེགས་སྟེང་གླེང་སྟེགས་ལ་འགོ་འཛིན་མཛད་མཁན་གྱི་ཁེར་གྷི་སི་ཐན་ཙུང་ཐུང་ཨ་ཐ་མུའུ་པྰ་ཡུ་ཧྥུ་ཡིས་ངས་བལྟས་ན་གསའ་གསོད་པ་ནི་མི་གསོད་པ་དང་འདྲ་ལ། གསའ་ལྤགས་འཚོང་བ་ནི་རྒྱལ་ཁབ་འཚོང་བ་དང་འདྲ་ཞེས་བཤད་མྱོང་ཡོད་པ་རེད།ཀྲུང་གོ་རྒྱལ་ཁབ་ནགས་ལས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཁྲུང་ལིང་གིས་གླེང་སྟེགས་ཀྱི་མགོ་རྩོམ་མཛད་སྒོའི་སྟེང་བསྟན་དོན། གསའ་ལ་སྲུང་སྐྱོབ་བྱེད་དགོས་ན་ངེས་པར་དུ་རྒྱལ་ཁབ་སོ་སོར་སྟོབས་ཤུགས་མཉམ་འབྲེལ་སྒོས་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ནི་གསའ་ཡི་འཚོ་སྡོད་བྱེད་ས་གཙོ་བོ་ཡིན་པས་ཀྲུང་གོ་སྲིད་གཞུང་གིས་ཉིས་སྟོང་བཅོ་བརྒྱད་ལོར་རྒྱལ་སྤྱིའི་གསའ་ཡི་སྲུང་སྐྱོབ་བྱ་བའི་ཚན་རིག་བགྲོ་གླེང་ཚོགས་འདུ་གཙོ་སྒྲུབ་བྱེད་པར་འཆར་གཞི་བཟོས་ཡོད་ལ། དེས་གསའ་ཡི་སྲུང་སྐྱོང་བྱ་བའི་རྒྱལ་སྤྱིའི་མཉམ་ལས་ཐད་སྟེགས་བུ་བསྐྲུན་སྟེ་མཉམ་ལས་ལ་སྐུལ་འདེད་གཏོང་རྩིས་ཡོད་ཟེར།
“在我看来,杀雪豹,如杀人;卖豹皮,如卖国!”在 2017年8月25日的论坛上,担任论坛主持的吉尔吉斯斯坦总统阿塔姆巴耶夫以此为开头说到。
中国国家林业局李春良副局长,在论坛开幕仪式上发言表示:“雪豹保护必须联合各国的力量,中国是雪豹的主要分布国,中国政府计划在2018主办国际雪豹保护的科学研讨会议,为雪豹保护的国际合作搭建平台、促进合作的开展。”
联合国秘书长视频致辞。
རབས་འདིའི་མཐོ་རིམ་གླེང་སྟེགས་སུ་ཞུགས་པའི་རྒྱལ་ཁབ་དག་ནི་ཀྲུང་གོའི་ད་ལྟ་ཤུགས་ཆེན་པོའི་སྒོ་ནས་དར་སྤེལ་གཏོང་བཞིན་པའི་རྒྱུད་གཅིག་ལམ་གཅིག་འཐབ་ཇུས་ཀྱི་འགྲམ་རྒྱུད་རྒྱལ་ཁབ་དག་ཡིན་པ་དང་། གསའ་ལ་མཚོན་ན་རྒྱུད་གཅིག་ལམ་གཅིག་གི་རི་དགས་ཁྱད་པར་བ་ཞིག་ཡིན་པས་ལྷད་མེད་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་སོགས་སྲོག་ཤིང་འདུ་ཤེས་དང་ཟུང་དུ་སྦྲེལ་ཚེ། མ་འོངས་པར་རྒྱུད་གཅིག་ལམ་གཅིག་ནས་མཐོང་ཆེན་ཐོབ་པའི་གྲོས་གཞི་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་མཉམ་ལས་རྣམ་གྲངས་ཁྲོད་ཚུད་པའི་རེ་བའང་ཡོད།
此次峰会的所有参会国家,都是中国目前正在大力倡导的“一带一路”战略沿线国家。雪豹作为“一带一路”的明星旗舰物种,结合“绿色发展”以及“生态文明”等核心理念,将很有可能被列入未来“一带一路”所关注的议题以及与相关国家的合作中。
ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་རྫ་སྟོད་རྫོང་མི་དམངས་སྲིད་གཞུང་དང་རང་བྱུང་རི་ཆུ་སྲུང་སྐྱོང་ལྟེ་གནས། པེ་ཅིན་སློབ་ཆེན་སོགས་ཀྱིས་མཉམ་འབྲེལ་སྒོས་གསའ་ཡི་ཞིབ་འཇུག་དང་སྲུང་སྐྱོང་བྱ་བ་སྤེལ་མགོ་བརྩམས་པ་དང་། ད་ལྟ་སྤྱི་ལེ་གྲུ་བཞི་མ་སྟོང་གཉིས་ཅན་གྱི་དུས་ཡུན་རིང་པོའི་ལྟ་ཞིབ་ཚད་ལེན་བྱེད་སའི་རྟེན་གཞི་བཙུགས་ཡོད་པ་མ་ཟད། ས་གནས་མང་ཚོགས་ཁྲོད་ལྟ་ཞིབ་ཚད་ལེན་པ་བརྒྱད་བཅུ་གསོ་སྦྱོང་བྱས་ཡོད། རྨང་གཞིའི་ཞིབ་འཇུག་གི་ཐོག་རྫ་སྟོད་རྫོང་གིས་ད་རུང་མི་དང་གཅན་གཟན་བར་གྱི་འགལ་ཟླ་དང་ཁྱིམ་ལྡོམ་དོ་དམ། གསའ་བརྗོད་གཞི་གཙོ་བོ་ཡིན་པའི་རང་བྱུང་ཉམས་ལེན་སོགས་ཀྱི་ཐད་ནས་བྱ་བ་རབས་དང་རིམ་པ་སྤེལ་བར་གྲུབ་འབྲས་མངོན་གསལ་ལོན་ཡོད།
自2013年开始,杂多县人民政府和山水自然保护中心、北京大学等合作,开展雪豹研究和保护工作。目前建立了超过2000平方公里的长期监测基地,培训了80名牧民监测员。在基础研究之外,杂多县还在人兽冲突、流浪狗管理以及雪豹主题自然体验等方面,开展了一系列工作,取得了一定的成效。
ད་ལྟའི་ཞིབ་འཇུག་གི་གཞི་གྲངས་ལྟར་ན། རྫ་སྟོད་རྫོང་ཁོངས་སུ་གསའ་སུམ་བརྒྱ་ཡོད་པ་མ་ཟད། འཚོ་སྡོད་ཁོར་ཡུག་གི་ཁྱབ་ཁོངས་རྒྱ་ཆེ་བ་སོགས་ཀྱིས་རྫ་སྟོད་ལ་ཀྲུང་གོའི་གསའ་ཡི་ཕ་ས་ཞེས་པའི་མཚན་མིང་ཀྱང་ཐོབ་ཡོད། འཛམ་གླིང་ནས་གསའ་ཡི་འཚོ་སྡོད་ཁོར་ཡུག་གཙོ་བོ་ཟིན་པའི་ངོས་ཐད་ནས། རྫ་སྟོད་ཀྱི་གསའ་ཡི་འབྲེལ་ཡོད་བྱ་བར་ཤུགས་བསྣོན་པ་དེས་ཀྲུང་གོ་དང་ཐ་ན་འཛམ་གླིང་གི་གསའ་ཡི་ཞིབ་འཇུག་དང་སྲུང་སྐྱོབ་བྱ་བའི་ཐད་ལ་རིན་ཐང་དང་དོན་སྙིང་གལ་ཆེན་ལྡན་ངེས་པ་རེད།
根据目前的研究数据显示,杂多县共分布有约300只雪豹个体,大面积的连片适宜栖息地以及高密度的雪豹种群,让杂多被誉为“中国雪豹之乡”。作为全球最重要的雪豹栖息地之一,加强对于杂多雪豹的工作,将对中国乃至全球的雪豹研究和保护都有着重要的价值和意义。
རྒྱུས་ལོན་པ་ལྟར་ན། རྫ་སྟོད་རྫོང་གིས་མ་མཐའི་རྨང་གཞི་ནས་རྩད་ཞིབ་བྱེད་པ་དང་དུས་ཡུན་རིང་པོར་ལྟ་ཞིབ་ཚད་ལེན་བྱེད་པ། མི་དང་གཅན་གཟན་བར་གྱི་འགལ་ཟླ་སོགས་བྱ་བ་གཙོ་བོ་ལེགས་པོར་སྒྲུབ་ནས། རྫ་སྟོད་གསའ་ཡི་རིགས་རྒྱུད་ཀྱི་འཚོ་སྡོད་གནས་ཚུལ་ལ་སྔར་ལས་ལྷག་པའི་སྒོ་ནས་དཔྱད་ཞིབ་བྱེད་རྒྱུ་ཡིན་པ་མ་ཟད། སྲིད་གཞུང་གི་སྣེ་ཁྲིད་འོག་མཁར་སྡེ་གཙོ་བོ་ཡིན་པའི་སྐྱེ་ཁམས་སྲུང་སྐྱོང་གི་བྱ་འགུལ་སྤེལ་ནས། རྫོང་ཡོངས་ཀྱི་གསའ་ཡི་ལྗོངས་ཁུལ་སྲུང་སྐྱོང་གི་འཆར་གཞི་ལ་སྐུལ་འདེད་གཏོང་རྩིས་ཡོད་པ་རེད།
据悉,杂多县将以本底调查、长期监测、雪豹种群和威胁评估、人兽冲突等为主要工作,进一步评估杂多雪豹种群的生存状况,并在政府领导下,开展社区为主体的生态保护行动,推动全县雪豹景观保护计划。