查看原文
其他

【扶贫济苦·善愿同行】嘎让罗周坚措活佛在研讨会上说了什么?

བསྐལ་བཟང་བློ་གྲོས་རྒྱ་མཚོ།——

༄༅། །དབུལ་སེལ་རྒུད་སྐྱོབ།  དགེ་སྨོན་མཉམ་འཇུག

↑↑↑

  嘎让罗周坚措活佛发言精彩回顾

བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་གི་བརྗོད་དོན་གཙོ་བོ།


བསྐལ་བཟང་བློ་གྲོས་རྒྱ་མཚོ།

གཅིག ནང་བསྟན་གྱི་དགེ་མཚན་དང་ནང་བསྟན་པའི་ཆ་རྐྱེན།

   འགྲོ་བ་མིའི་རིགས་ནི་ནང་སེམས་ཀྱི་བདེ་བ་ལོངས་སུ་སྤྱོད་པ་དང་དེ་ཉམས་སུ་ལེན་ཤེས་པའི་འཇིག་རྟེན་གྱི་མཐོ་རིམ་སྲོག་ཆགས་ཤིག་ཡིན་པས།   ནང་བསྟན་རིག་པ་ནི་ནང་སེམས་ཀྱི་བདེ་བ་གཙོ་བོར་བརྗོད་པའི་རིག་གནས་ཁྱད་པར་བ་ཞིག་དང་། དེའི་ལྟ་སྤྱོད་ནི་རྒྱལ་ཁམས་བདེ་བར་བཀོད་པའི་རིག་གནས་དམིགས་བསལ་བ་ཞིག་ཡིན་ཞེས་བཤད་ཆོག  དེའི་ཕྱིར་མི་ཡི་མཐར་ཐུག་གི་བདེ་སྐྱིད་ནི་སེམས་རྒྱུད་དུལ་ཞིང་ཡ་རབས་ཀྱི་མི་གཞི་སྤུས་གཙང་གི་ཁྲོད་ནས་འབྱུང་དགོས་པས་ན། དེའི་རྨང་གཞི་སྲ་བརྟན་དུ་འདིང་བར་ནང་བསྟན་གྱིས་ནུས་ཤུགས་ཆེན་པོ་འདོན་ཐུབ་ལ། ནང་བསྟན་གྱི་ལྟ་དགོངས་བླ་ན་མེད་པ་ལྟ་བ་འཚེ་མེད་དང་སྤྱོད་པ་སྙིང་རྗེ་འདི་ཉིད་སྤྱི་ཚོགས་ཁྲོད་ཐིམ་དུ་བཅུག་པ་ཡིན་ན། སྤྱི་ཚོགས་དེ་ནི་དགེ་བཅུ་ངང་གིས་རྫོགས་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་བའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ།

  དེ་ལྟར་སྒྲུབ་མཁན་གྱི་གང་ཟག་ལའང་། ནང་བསྟན་རིག་པའི་གཞུང་ལུགས་ཟབ་མོའི་དགོངས་དོན་ལྟར་དུ། སེམས་རྒྱུད་ཞི་དུལ་བག་ཡོད།   སྤྱོད་པ་ཡ་རབས་གཤིས་བཟང་།  ལས་བྱ་ཁྲིམས་དང་མཐུན་པ་སོགས་ནི་རྨང་གཞིའི་བསམ་བློའི་རྟེན་ས་ཉག་གཅིག་ཡིན་དགོས་ལ།   ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ།  བསླབ་པ་སློབ་གཉེར་བྱ་བའི་གོ་རིམ་ཁྲོད།   མཁས་བཙུན་བཟང་གསུམ་ལྡན་པའི་མི་གཞི་ཚད་ཐིག་ཅན་ཞིག་བསྐྲུན་དགོས་པ་ནི་སྨོས་མེད་ཡིན། 

གཉིས། དབུལ་སེལ་རྒུད་སྐྱོབ།

  སྟོན་པ་གཤེན་རབ་མི་བོ་ཆེས་ཞལ་ནས་“འགྲོ་བའི་དབུལ་ཕོངས་བོན་གྱི་སྦྱིན་པས་སེལ།”  ཞེས་གདམས་པ་ལྟར།  ནང་བསྟན་རིག་པའི་དགོངས་པ་མ་ནོར་མ་འཆུག་པའི་གདམས་པ་རེ་རེས།   འགྲོ་བ་གང་ཞིག་མི་འདོད་མི་བདེའི་སྡུག་བསྔལ་སེལ་ཐུབ་ལ་རྨོངས་ཤིང་རྟུལ་བའི་སྐྱེ་བོ་དག་གི་དབུལ་ཕོངས་སེལ་ནུས།      བླང་དོར་གྱི་གནས་ལ་བློ་ཁ་ཕྱོགས་ཤེས་པའི་མི་རྣམས་ཀྱིས་ནི།  ནམ་ཡང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་རེ་འབོད་བྱེད་པ་དང་།   བརྩོན་པ་གཉེར་བ།  སློབ་གཉེར་ལྡན་པ་བཅས་ནི་འདོར་དུ་མི་རུང་བའི་འོས་འགན་ཞིག་ཏུ་གྲུབ་ཡོད།   མི་སུ་ཞིག་ཡིན་ཡང་དབུལ་ཕོངས་ཀྱི་རྒྱ་ལས་ཐར་བའི་ལམ་ཀ་རྙེད་ཐབས་ལ་ནི“རྒྱུ་འབྲས་རྒྱ་ཆེན་བློ་ཡི་སྟོབས་ལ་བརྟེན། །མཛད་པ་རྒྱ་ཆེན་བརྩོན་པའི་ལས་ལ་བརྟེན།།”ཞེས་སུ་གྲགས་པ་ལྟར།  གཙོ་བོ་འབད་པ་སྔོན་སོང་དང་།   ལས་བྱ་གང་གཉེར་གྱི་སྟོབས་དང་ནུས་པ་ལ་རག་ལས་པས།    དང་པོ་ཕྱི་དང་ནང་གི་དབུལ་བ་གཉིས་སེལ་བའི་ཐབས་ལམ་འཚོལ་ཐུབ་དགོས་ཤིང་། རྒུད་པ་དག་ལས་སྐྱོབ་པའི་ངོས་འཛིན་དང་ངེས་ཤེས་ཤིག་ཅིས་ཀྱང་རྙེད་དགོས་པ་བསྟན་བཞིན་ཡོད་ཅེས་བཤད་ཆོག  ང་ཚོས་ནང་སེམས་ཀྱི་བདེ་བ་ཞེས་སྨྲ་དུས་སྲོག་ཆགས་གང་ཞིག་གི་དབྱེ་འབྱེད་དང་ཁྱད་པར་མེད་པར།  སེམས་ཅན་ཡོངས་རྫོགས་བདེ་བའི་ཐར་ལམ་འཁྲིད་པ་དང་བདེ་ལམ་ལེགས་པོ་དེ་བཙལ་འཚོལ་ལ་འཇུག་ཐུབ་རྒྱུ་ནི།   རང་ཉིད་ནང་བསྟན་ཆོས་ལུགས་སྨྲ་མཁན་ཞིག་དང་། ནང་བསྟན་ཆོས་ལུགས་ལ་སྦྱང་མྱོང་མཁན་ཞིག་ཡིན་པའི་ངོས་ནས་དེ་དག་ནི་ཅིས་ཀྱང་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཏུ་མཐོང་ཐུབ་དགོས་པའི་ལྟ་ཚུལ་འདོན་པ།  ནུས་ཤུགས་ཕུད་པ། ལག་ལེན་བསྟར་བ་བཅས་གལ་ཆེན་པོའི་གནད་དུ་འདུས་ཡོད།

གསུམ། དགེ་སྨོན་མཉམ་འཇུག

  དེ་བཞིན་དགེ་སྨོན་མཉམ་འཇུག་ཅེས་པའི་དགེ་བའི་ལས་དང་སྨོན་པའི་སེམས་ཀྱིས། རང་གཞན་གཉིས་ཀ་ལ་འདི་དང་ཕྱི་མའི་ལས་ཀྱི་ཕན་བདེ་གང་ནུས་བསྐྲུན་ཏེ་ཡིད་ལ་གང་ཞིག་འདོད་པའི་སྨོན་པ་ནི་འགྲོ་བའི་ཚོགས་དག་འཕྲལ་གྱི་འཚོ་བ་སྐྱིད་པོར་མཉམ་དུ་འཇུག་ཐུབ་པའི་ལས་ལ་འབད་བརྩོན་བྱ་རྒྱུ་དང་། གཏན་གྱི་བདེ་བ་ཐར་པའི་ལས་ལ་འགོད་ཐུབ་པའི་ལས་དང་སྨོན་པ་ཟབ་མོའི་གཞུང་དུ་འཇུག་པར་བྱ་རྒྱུ་ནི་གལ་ཆེ། དེ་ལྟར་བྱས་ན་ཕྱི་ནང་གི་དབུལ་བ་དང་རྒུད་པ་ལས་རྣམ་པར་རྒྱལ་ཏེ།   ཀུན་ཏུ་དགེ་བའི་བདེ་སྐྱིད་འཚོ་བ་ཞིག་རང་གཞན་ཚང་མས་མཉམ་པོར་རོལ་ཐུབ་པར་ཡིད་ཆེས་དང་སྤོབས་པས་ཕྱུག་ཆོག་པར་གདོན་མི་ཟ་བ་ཡིན་ནོ།།


——སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་ནས།

●【扶贫济苦·善愿同行】达扎活佛说了啥




●【扶贫济困·善愿同行】直贡穷仓活佛如是说



●嘉木样院长接见第二期蒙古国僧人培训班师生


●【扶贫济苦·善愿同行】听彭措朗加堪布说



您可能也对以下帖子感兴趣

文章有问题?点此查看未经处理的缓存