查看原文
其他

【教义阐释】土登曲觉堪布对“扶贫济苦 善愿同行”的观点

罗桑 中国藏语系高级佛学院 2022-05-02

༄༅། །ནང་བསྟན་ཆོས་ལུགས་རིག་གནས་ཀྱིས་སྤྱི་ཚོགས་ཞི་མཐུན་དང་དབུལ་སེལ་རྒུད་སྐྱོབ་བྱ་བཞག་ཐད་ལེགས་སྐྱེས་འབུལ་དགོས་པའི་སྐོར་ལ་དཔྱད་པ།

ཐུབ་བསྟན་ཆོས་འབྱོར།

↑↑↑

  土登曲觉堪布发言精彩回顾


དང་པོ། ནང་བསྟན་ཆོས་ལུགས་ཀྱི་སྡིག་སྤོང་དགེ་ལས་ནི་འགྲོ་བ་མིའི་བདེ་སྐྱིད་འཚོ་བའི་གཞི་མ་ཡིན།

ནང་བསྟན་ཆོས་ལུགས་ཀྱི་སློབ་གསོའི་དམིགས་ཡུལ་མཐར་ཐུག་ནི་འཚེ་མེད་ཞི་བདེའི་ལམ་བུ་ཉག་གཅིག་ཡིན་སྟབས། འཛམ་གླིང་ཞི་བདེ་དང་ཞི་མཐུན་སྤྱི་ཚོགས་སྐྲུན་དགོས་ནའང་འཚེ་བ་མེད་པའི་ལམ་བུ་འདི་ཉིད་གལ་ཆེ་ཚུལ་གསུངས་ཡོད། འཚེ་མེད་ཀྱི་ལམ་བུ་ནི་ནང་བསྟན་ཆོས་ལུགས་ཀྱི་ལྟ་སྤྱོད་མཐར་ཐུག་ཡིན། དབུ་མ་བཞི་བརྒྱ་ལས། ཆོས་ནི་མདོར་ན་མི་འཚེ་བ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་དང་། མཁས་དབང་སུན་ཀྲུང་ཧྲན་གྱིས། རྒྱལ་དམངས་ལ་ཆོས་ལུགས་ཀྱི་བསམ་བློ་མེད་མི་རུང་། གྲུབ་མཐའ་གང་ཡིན་ཡང་ཆབ་སྲིད་སྐྱོར་བའི་ནུས་པ་ཡོད། ཆབ་སྲིད་ལ་ཆོས་ལུགས་སྲུང་བའི་ནུས་པ་དངོས་ཤུགས་ལྡན་ཐོག ཆབ་སྲིད་ཀྱིས་ལུས་གསོ་ཞིང་། ཆོས་ལུགས་ཀྱིས་སེམས་བཅོས་པས་འགལ་མེད་གཅིག་ཏུ་ཡོང་ངོ་གསུངས། སངས་རྒྱས་རིག་པའམ་ནང་བསྟན་ཆོས་ལུགས་ལས་ཞི་མཐུན་སྤྱི་ཚོགས་དང་དབུལ་སེལ་རྒུད་སྐྱོབ་ཀྱི་བསམ་བློ་ཡང་དག་བསྔོག་འདོན་བྱས་ཏེ་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་ཕན་འབྲས་ཐོབ་པར་བྱེད་རྒྱུ་དེ་ཡིན། དེའི་ལག་ལེན་དངོས་ནི་གཏོང་སེམས་ཆེན་པོས་གཞན་ལ་སྦྱིན་པ་གཏོང་བ་སོགས་ཕར་ཕྱིན་དྲུག་གི་ལམ་ཉམས་སུ་ལེན་དགོས་པ་ཡིན། དེས་རང་གཞན་སེམས་ཅན་ཐམས་ཅད་ལ་འདི་བདེ་ཕྱི་སྐྱིད་ཀྱི་ཐབས་ལམ་བཟང་ཤོས་དང་འབྲས་བུ་ཡག་ཤོས་ཤིག་ཐོབ་པར་གདོན་མི་ཟའོ། །དེར་བརྟེན་ནང་བསྟན་ཆོས་ལུགས་ནི་ལུས་ཅན་འགྲོ་བ་ཀུན་ལ་ཕན་བདེའི་ལམ་སྟོན་མཛད་མཁན་གྱི་བཤེས་གཉེན་ཆེན་པོ་དང་། ནང་བསྟན་ཆོས་ལུགས་ནི་འཛམ་གླིང་ཞི་བདེའི་ལམ་སྟོན་གྱི་སྒྲོན་མེ། སེམས་ཁམས་རིག་པའི་གཞུང་ལུགས་ཀུན་གྱི་མ་ཕྱི། སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ།འབྱུང་ཁམས་སྲུང་སྐྱོང་སོགས་ཀུན་ལ་ཕན་པའི་སྨན་མཆོག་བཟང་པོ་ལྟ་བུའི་རིག་གནས་ཤིག་ཀྱང་ཡིན་པས། ཞི་མཐུན་སྤྱི་ཚོགས་དང་། འཛམ་གླིང་ཞི་བདེ། དམངས་ཕན་རྒྱལ་སྐྱོང་སོགས་ལ་ནང་བསྟན་གྱི་བརྗོད་བྱ་སྡིག་སྤོང་དགེ་སྒྲུབ་ལ་བརྟེན་ནས་མིག་དཔེ་བཟང་པོ་འདོན་དགོས།

གཉིས་པ། ནང་བསྟན་ཆོས་ལུགས་ཀྱི་འདྲ་མཉམ་ལྟ་བ་ནི་ཞི་མཐུན་སྤྱི་ཚོགས་ཀྱི་འབྱུང་རྩ་ཡིན།

སངས་རྒྱས་ཤཱཀྱ་ཐུབ་པའི་རིང་ལུགས་བླ་ན་མེད་པ་ཐེག་པ་ཆེན་པོའི་གཞུང་ཤིང་དུ་གྱུར་པ། སེམས་ལྡན་གྱི་སྐྱེ་བོ་ཀུན་ལ་ཕན་པ་དང་བདེ་བའི་འཇུག་ངོགས་གཅིག་པུ་བདག་གཞན་འདྲ་མཉམ་གྱི་ལྟ་སྤྱོད་ནི། འཛམ་གླིང་ཞི་བདེ་དང་། སྤྱི་ཚོགས་འཆམ་མཐུན། ཚེ་སྲོག་མཉམ་གནས་དང་། འཇིག་རྟེན་བདེ་སྐྱིད་སོགས་གང་ལའང་མེད་དུ་མི་རུང་བའི་ཐབས་ལམ་ཟབ་ཤོས་ཤིག་ཡིན་པར་མ་ཟད། དུས་རབས་ཉེར་གཅིག་པའི་སེར་སྐྱ་ཡོངས་ལ་བསམ་པའི་དཔལ་ཡོན་དང་། ཞི་མཐུན་སྤྱི་ཚོགས་ཀྱི་ལམ་བུར་འཚོལ་བསྙེག་བྱེད་པར་ཆེས་དགོས་གལ་ཆེ་བའི་རིག་གནས་ཤིག་ཡིན། དེ་བཞིན་སྤྱི་ཚོགས་ཁག་དང་། མི་སྒེར། ཁྱིམ་ཚང་སོ་སོའི་དབར་ཞི་མཐུན་དང་འཆམ་མཐུན་ཡོང་ཐབས་ཀྱི་ལམ་མཆོག་མ་ནོར་བ་ཞིག་ཀྱང་ཡིན་པར་གསུངས་ཡོད། དེས་ན་སེར་སྐྱ་མཆོག་དམན་ཀུན་གྱིས་རང་ལྟ་མཆོག་འཛིན་གྱི་ལྟ་སྤྱོད་རྣམས་དོར་ནས། སངས་རྒྱས་རིག་པའི་གཞུང་ལས་བསྟན་པའི་བདག་གཞན་འདྲ་མཉམ་གྱི་ལྟ་སྤྱོད་ལ་སློབ་སྦྱོང་མཐར་ཕྱིན་པ་བྱས་ཏེ། རྒྱལ་ཁབ་ཁག་དང་། མི་རིགས་ཁག མི་སྒེར་ཕན་ཚུན་སོགས་སུ་ལའང་དགོས་ཤིང་ཀུན་ལ་མཁོ་བའི་ཞི་མཐུན་སྤྱི་ཚོགས་དང་། འཛམ་གླིང་ཞི་བདེ། མི་རིགས་མཐུན་སྒྲིལ། དཔལ་ཡོན་གོང་འཕེལ་བཅས་ཕྱོགས་མཐའ་དག་ནས་རྒྱལ་ཁབ་དང་། མི་དམངས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

གསུམ་པ། ནང་བསྟན་ཆོས་ལུགས་ཀྱི་གཞན་ཕན་བསམ་སྤྱོད་ནི་དབུལ་སེལ་རྒུད་སྐྱོབ་ལ་ཆེས་མཁོ་བ་ཡིན།

འཛམ་གླིང་གོ་ལ་ཧྲིལ་པོ་འདིའི་སྟེང་དུ་འཚོ་སྡོད་དང་འཚོ་གནས་བྱེད་བཞིན་པའི་འགྲོ་བ་མིའི་རིགས་སུ་གཏོགས་པ་རྣམས་ལ་མཚོན་ན། མི་རིགས་འདྲ་མིན་དང་། ཕོ་མོའི་ཁྱད་པར། མཆོག་དམན་གྱི་དབྱེ་འབྱེད་མེད་པར་སེམས་ལྡན་སྐྱེ་བོ་ཀུན་གྱིས་ཕྱིའི་དངོས་པོའི་དཔལ་ཡོན་གོང་འཕེལ་གཏོང་བའི་ཐབས་ལམ་ལེགས་ཤོས་སམ་ཆ་རྐྱེན་ལེགས་ཤོས་ནི། དེང་རབས་ཀྱི་རྫས་འཕྲུལ་གློག་རྡུལ་དང་། གློག་ཀླད་ཀྱི་དྲྭ་བའི་ལམ་ལ་བརྟེན་ནས། འཛམ་གླིང་འདིའི་མི་རིགས་ཕན་ཚུན་འབྲེལ་བ་དང་། ཕན་ཚུན་ཞིབ་འཇུག ཕན་ཚུན་བགྲོ་གླེང་བཅས་བྱེད་པར་འདོད་པའི་དུས་རབས་ཀྱི་སྐས་རིམ་གསར་པ་ཞིག་ལ་སླེབས་ཡོད། དུས་མཚམས་འདིར་བསམ་སྤྱོད་ཡང་དག་གི་རིག་གནས་ལ་བརྟེན་ནས་འཚོ་གནས་ཀྱི་སྙིང་པོ་ལེན་དགོས་ཚེ། སངས་རྒྱས་ཆོས་གཞུང་གི་གཞན་ཕན་བསམ་སྤྱོད་འདི་ཉིད་བསྔོག་འདོན་བྱེད་རྒྱུ་གལ་ཆེ། དེས་རང་གཞན་ཀུན་གྱི་དབུལ་སེལ་རྒུད་སྐྱོབ་བྱ་བཞག་ལ་ཕན་འབྲས་དངོས་ཐོན་པ་མ་ཟད། སྐྱེ་བ་ནས་ཚེ་རབས་དུ་མར་ཕན་པ་དང་བདེ་བ་བསྐྲུན་ཐུབ་བོ། །

(ཐུབ་བསྟན་ཆོས་འབྱོར། བོད་ལྗོངས་ནག་ཆུ་དཔལ་མགོན་རྫོང་ཟབ་མོ་དགོན་པའི་མཁན་པོ།)

 【观点摘编】强巴赤来

 【藏文校对】环多加


- END -

往期精彩回顾“五史学习”| 听阿沛·丹增讲述父亲的爱国情怀༄༅། །མཐོ་རིམ་ནང་བསྟན་སློབ་གླིང་གི་2021ལོའི་སློབ་བསྡུའི་སྒྲིག་ཡིག回顾丨第16届“拓然巴”高级学衔授予活动全景 祝福卷轴 |高级佛学院喜迎新春 共度藏历新年(视频直击现场)

【榜样力量】五世格达活佛:雪域高原上的爱国英雄(汉藏双语)

【黄寺讲堂】安七一:学习贯彻新时代党的治藏方略 用心感悟 用情实践

【教义阐释】智华经师对“扶贫济苦 善愿同行”的观点

 


您可能也对以下帖子感兴趣

文章有问题?点此查看未经处理的缓存