查看原文
其他

关于规范建筑垃圾处置的公告(双语)

林周之窗 2024-04-28

关于进一步规范建筑垃圾处置的公告


各建设单位、施工单位、各乡镇:


为进一步规范全县建筑垃圾清运、处置管理,遏止建筑垃圾无序倾倒现象,改善广大群众生产生活环境,着力塑造文明、和谐、优美的城乡形象,现将我县关于进一步规范建筑垃圾处置有关事项公告如下:

一、建筑垃圾处置作为各施工单位办理施工许可证前置条件,各建设单位和施工单位应严格按照《林周县住建局关于建筑垃圾处置整改实施方案》执行,进一步规范建筑垃圾清运和处置管理。

二、任何单位和个人不得将建筑垃圾与生活垃圾混合投放,建筑垃圾的处置实行“谁产生谁承担处置责任”的原则,产生建筑垃圾的单位和个人必须将建筑垃圾及时整理并存放在县城指定临时倾倒点,南部建筑垃圾临时存放点位于林周县垃圾填埋场以西100米处,北部建筑垃圾临时存放点位于旁多乡生活垃圾压缩站以南100米处,县城管局负责建筑垃圾协调工作人员联系电话:18089905002,物业公司具体负责建筑垃圾处置人员联系电话:13298987199。

三、各乡镇对辖区内所有单位、小区、建筑工地、围挡空地、河渠内外等存在的建筑垃圾、生活垃圾乱堆乱倒和清运不及时等现象进行全面排查清理,装修垃圾、项目工地建筑垃圾统一转运至我县建筑垃圾暂存点自行清运需进行报备收取押金,清运完成后凭影像照片和建筑垃圾填埋场提供的盖章收据退还押金,以此解决因清运方式和清运途径不清楚而无法处置建筑垃圾的问题。

四、各乡镇应加大巡查监管力度,建立村民和住户装修报审和告知机制,对国道、省道、乡道沿线存在的建筑垃圾、生活垃圾乱堆乱倒和清运不及时等现象进行全面排查,集中整治,从建筑垃圾堆放的源头开始监督,对产生的建筑垃圾处置方式、运输方式、流向等进行报备和报审,至装修结束后建筑垃圾的流向做好登记和现场确认。

五、对违反本公告要求,未运送至政府指定地点,随意倾倒、抛撒或者堆放建筑垃圾行为的,依据《城市建筑垃圾管理规定》第二十条,任何单位和个人有下列情形之一的,由城市人民政府市容环境卫生主管部门责令限期改正,给予警告,处以罚款:

(一)将建筑垃圾混入生活垃圾的;

(二)将危险废物混入建筑垃圾的;

(三)擅自设立弃置场收纳建筑垃圾的;

单位有前款第一项、第二项行为之一的,处3000元以下罚款;有前款第三项行为的,处5000元以上1万元以下罚款。个人有前款第一项、第二项行为之一的,处200元以下罚款;有前款第三项行为的,处3000元以下罚款。

六、如发现存在建筑垃圾处置不合规或其它违规行为,依据《城市建筑垃圾管理规定》第二十六条,任何单位和个人随意倾倒、抛撒或者堆放建筑垃圾的,由城市人民政府市容环境卫生主管部门责令限期改正,给予警告,并对单位处5000元以上5万元以下罚款,对个人处200元以下罚款。

对妨碍执法人员执行公务的,由公安机关依法处理;涉嫌犯罪的,移交司法机关依法追究刑事责任;

七、各单位、各乡镇应当自觉遵守规定,积极监督。

举报电话:0891-6129038

特此公告。



林周县住房和城乡建设局

2024年3月11日

༄༅། །ཨར་སྐྲུན་གད་སྙིགས་གཙང་སེལ་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་བསྒྲགས། 


འཛུགས་སྐྲུན་ཚན་པ་ཁག་དང་ཨར་ལས་ཚན་པ་ཁག་ ཤང་(གྲོང་རྡལ་)ཁག


རྫོང་ཡོངས་ཀྱི་ཨར་སྐྲུན་གད་སྙིགས་གཙང་འདྲེན་དང་གཙང་སེལ་དོ་དམ་སྔར་བས་ཚད་ལྡན་ཡོང་བ་དང་། ཨར་སྐྲུན་གད་སྙིགས་གོ་རིམ་མེད་པར་གཤོ་བའི་སྣང་ཚུལ་བཀག་འགོག་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བ།  ཤེས་དཔལ་དང་།  ཞི་མཐུན། མཛེས་སྡུག་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཟུགས་བརྙན་ནུས་ཤུགས་ཡོད་རྒུས་གཏོད་ཆེད། ད་ལྟ་ངེད་རྫོང་གི་ཨར་སྐྲུན་གད་སྙིགས་གཙང་སེལ་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

གཅིག ཨར་སྐྲུན་གད་སྙིགས་གཙང་སེལ་བྱ་རྒྱུ་དེ་ཨར་ལས་ཚན་པ་ཁག་གིས་ཨར་སྐྲུན་ཆོག་འཐུས་ལག་ཁྱེར་གཉེར་བའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས་འཛུགས་སྐྲུན་ཚན་པ་དང་ཨར་ལས་ཚན་པ་ཁག་གིས་<<ལྷུན་གྲུབ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུད་ཀྱི་ཨར་སྐྲུན་གད་སྙིགས་གཙང་སེལ་བཅོས་སྒྲིག་སྐོར་གྱི་ལག་བསྟར་ཇུས་གཞི་>>ལག་བསྟར་ནན་པོ་བྱས་ཏེ་ཨར་སྐྲུན་གད་སྙིགས་གཙང་འདྲེན་དང་གཙང་སེལ་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་དགོས།

གཉིས། ཚན་པ་དང་མི་སྒེར་གང་རུང་གིས་ཨར་ལས་ཀྱི་གད་སྙིགས་དང་འཚོ་བའི་གད་སྙིགས་མཉམ་བསྲེས་ཀྱིས་དབྱུགས་མི་ཆོག་པ་དང་།  ཨར་ལས་ཀྱི་གད་སྙིགས་གཙང་སེལ་བྱེད་པར་“སུས་གས་སྙིགས་བཟོས་ན་དེས་གཙང་སེལ་བྱེད་འགན་འཁུར་རྒྱུའི་”རྩ་དོན་ལག་བསྟར་བྱ་དགོས་ཤིང་།  ཨར་སྐྲུན་གད་སྙིགས་ཐོན་སའི་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་ཨར་སྐྲུན་གད་སྙིགས་དུས་ཐོག་ཏུ་གཙང་མ་བཟོ་བ་དང་འབྲེལ་རྫོང་གྲོང་གི་དམིགས་འཛུགས་གནས་སྐབས་བསྐྱུར་ཡུལ་དུ་འཇོག་དགོས། ལྷོ་རྒྱུད་ཨར་སྐྲུན་གད་སྙིགས་གནས་སྐབས་འཇོག་ས་དེ་ལྷུན་གྲུབ་རྫོང་གད་སྙིགས་སྦས་ཡུལ་ནུབ་ཀྱི་སྨིད་100ཡི་སར་གནས་པ་དང་། བྱང་རྒྱུད་ཨར་སྐྲུན་གད་སྙིགས་གནས་སྐབས་འཇོག་ས་དེ་ཕུ་མདོ་ཤང་འཚོ་བའི་གད་སྙིགས་བཙིར་གནོན་ས་ཚིགས་ལྷོ་ངོས་ཀྱི་སྨིད་100ཡི་སར་གནས་པ།  རྫོང་གྲོང་དོ་དམ་ཅུད་ཀྱི་ཨར་སྐྲུན་གད་སྙིགས་མཐུན་སྦྱོར་ལས་དོན་མི་སྣའི་འབྲེལ་གཏུག་ཁ་པར་ཨང་གྲངས་ནི་18089905002དང་། སྡེ་ལས་ཀུང་སིའི་ཨར་སྐྲུན་གད་སྙིགས་གཙང་སེལ་མི་སྣའི་འབྲེལ་གཏུག་ཁ་པར་ཨང་གྲངས་ནི་13298987199ཡིན།

གསུམ། ཤང་དང་གྲོང་རྡལ་ཁག་གིས་ཁོངས་གཏོགས་ཁུལ་གྱི་ཚན་པ་དང་།  སྡེ་ཁུལ། ཨར་སྐྲུན་ལས་ཡུལ། ར་བ་སྐོར་བའི་ས་སྟོང་། ཆུ་ཡུར་ཕྱི་ནང་སོགས་སུ་གནས་པའི་ཨར་སྐྲུན་གྱི་གད་སྙིགས་དང་། འཚོ་བའི་གད་སྙིགས་གང་བྱུང་དུ་སྤུངས་པ་དང་དབྱུགས་པ། དུས་ཐོག་ཏུ་དབོར་འདྲེན་མི་བྱེད་པ་སོགས་ཀྱི་སྣང་ཚུལ་ལ་ཁྱོན་ཡོངས་ནས་གྲལ་བཤེར་གཙང་སེལ་བྱེད་པ་དང་། ཁང་པ་མཛེས་བཟོའི་གད་སྙིགས་དང་རྣམ་གྲངས་ཀྱི་ཨར་སྐྲུན་གད་སྙིགས་གཅིག་གྱུར་ཐོག་རང་རེའི་རྫོང་གི་ཨར་སྐྲུན་གད་སྙིགས་གནས་སྐབས་ཉར་ཚགས་བྱེད་སར་དབོར་འདྲེན་བྱས་ནས་རང་འགུལ་ངང་གཙང་འདྲེན་བྱེད་དགོས། ཐོ་འགོད་སྙན་སེང་ཞུས་ནས་གཏའ་དངུལ་བསྡུ་དགོས་པ་དང་།  གཙང་འདྲེན་ལེགས་གྲུབ་ཟིན་རྗེས་པར་རྒྱབ་པ་དང་ཨར་སྐྲུན་གད་སྙིགས་སྦས་ཡུལ་ནས་མཁོ་འདོན་བྱས་པའི་ཐེལ་ཙེ་བརྒྱབ་པའི་བྱུང་འཛིན་ལ་བརྟེན་ནས་གཏའ་དངུལ་ཕྱིར་སློག་བྱས་ཏེ། གཙང་འདྲེན་བྱེད་སྟངས་དང་གཙང་འདྲེན་ཐབས་ལམ་གསལ་པོ་མེད་པའི་རྐྱེན་གྱིས་ཨར་སྐྲུན་གད་སྙིགས་གཙང་སེལ་བྱེད་ཐབས་བྲལ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ།

བཞི།  ཤང་དང་གྲོང་རྡལ་ཁག་གིས་སྐོར་ཞིབ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་མི་དང་ཁྱིམ་དུད་ཀྱི་ཁང་པ་མཛེས་བཟོ་བྱས་ཚུལ་སྙན་སེང་ཞུ་བ་དང་ཤེས་སུ་འཇུག་པའི་ལམ་སྲོལ་བཙུགས་ཏེ། རྒྱལ་ལམ་དང་། ཞིང་ཆེན་རིམ་པའི་གཞུང་ལམ།  ཤང་རིམ་པའི་གཞུང་ལམ་བཅས་ཀྱི་རྒྱུད་དུ་གནས་པའི་ཨར་ལས་ཀྱི་གད་སྙིགས་དང་། འཚོ་བའི་གད་སྙིགས་གང་བྱུང་དུ་སྤུངས་པ་དང་དབྱུགས་པ།  དུས་ཐོག་ཏུ་དབོར་འདྲེན་མི་བྱེད་པ་སོགས་ཀྱི་སྣང་ཚུལ་ལ་ཁྱོན་ཡོངས་ནས་རྩད་ཞིབ་བྱས་ཏེ་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ནས།   ཨར་སྐྲུན་གད་སྙིགས་སྤུངས་ཡུལ་ནས་ལྟ་སྐུལ་བྱེད་འགོ་བཙུགས་ཏེ་དེ་ལས་ཐོན་པའི་ཨར་སྐྲུན་གྱི་གད་སྙིགས་ཐག་གཅོད་བྱེད་སྟངས་དང་། སྐྱེལ་འདྲེན་བྱེད་སྟངས། རྒྱུག་ཕྱོགས་སོགས་སྙན་སེང་ཞུ་བ་དང་ཞིབ་མཆན་བཀོད་ནས་ཁང་པ་མཛེས་བཟོ་མཇུག་འགྲིལ་རྗེས་ཨར་ལས་ཀྱི་གད་སྙིགས་རྒྱུག་ཕྱོགས་ཐོ་འགོད་དང་ས་གནས་ས་ཐོག་ཏུ་ཁས་ལེན་ཡག་པོ་བྱེད་དགོས།

ལྔ། སྤྱི་བསྒྲགས་འདིའི་བླང་བྱ་དང་འགལ་ཏེ་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་ས་ཆར་སྐྱེལ་འདྲེན་མ་བྱས་པར་ཨར་ལས་ཀྱི་གད་སྙིགས་གང་བྱུང་དུ་གཤོ་བ་དང་། གཏོར་བའམ་ཡང་ན་སྤུངས་པའི་བྱ་སྤྱོད་ལ་<<གྲོང་ཁྱེར་གྱི་ཨར་ལས་གད་སྙིགས་དོ་དམ་བྱེད་ཕྱོགས་སྐོར་གྱི་གཏན་འབེབས་>>ཀྱི་དོན་ཚན་ཉི་ཤུ་པ་ལྟར། ལས་ཁུངས་དང་མི་སྒེར་གང་རུང་ལ་གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་ཚན་པས་དུས་བཀག་ལྟར་ཡོ་བསྲང་བྱེད་དུ་འཇུག་པ་དང་། ཐ་ཚིག་སྒྲོག་པ། དངུལ་ཆད་གཅོད་རྒྱུ།  

(གཅིག་) ཨར་ལས་ཀྱི་གད་སྙིགས་འཚོ་བའི་གད་སྙིགས་ནང་མཉམ་བསྲེས་བྱས་པའི་རིགས།

(གཉིས་) ཉེན་ཁ་ཆེ་བའི་སྙིགས་རོ་ཨར་ལས་ཀྱི་གད་སྙིགས་ནང་མཉམ་བསྲེས་བྱས་པའི་རིགས།

(གསུམ་) རང་མཚམས་ཀྱིས་གད་སྙིགས་དོར་ཡུལ་བཙུགས་ནས་ཨར་ལས་ཀྱི་གད་སྙིགས་བསྡུ་ལེན་བྱས་པའི་རིགས།

ཚན་པར་གོང་གསལ་ནང་གསེས་དོན་ཚན་དང་པོ་དང་གཉིས་པའི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། སྒོར་3000མན་གྱི་དངུལ་ཆད་གཅོད་རྒྱུ་དང་།  གོང་གསལ་ནང་གསེས་དོན་ཚན་གསུམ་པའི་བྱ་སྤྱོད་ཡོད་པའི་རིགས་ལ་སྒོར་5000ཡན་ནས་སྒོར་ཁྲི་1མན་གྱི་དངུལ་ཆད་གཅོད་རྒྱུ། མི་སྒེར་ལ་གོང་གསལ་ནང་གསེས་དོན་ཚན་དང་པོ་དང་གཉིས་པའི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ། གོང་གསལ་ནང་གསེས་དོན་ཚན་གསུམ་པའི་བྱ་སྤྱོད་ཡོད་པའི་རིགས་ལ་སྒོར་3000མན་གྱི་དངུལ་ཆད་གཅོད་རྒྱུ།

གལ་ཏེ་ཨར་སྐྲུན་གད་སྙིགས་གཙང་སེལ་བྱེད་པའི་སྒྲིག་སྲོལ་དང་མི་མཐུན་པའམ་ཡང་ན་སྒྲིག་འགལ་གྱི་བྱ་སྤྱོད་གཞན་དག་ཡོད་པ་ཤེས་རྟོགས་བྱུང་ཚེ་<<གྲོང་ཁྱེར་གྱི་ཨར་ལས་གད་སྙིགས་དོ་དམ་བྱེད་ཕྱོགས་སྐོར་གྱི་གཏན་འབེབས་>>ཀྱི་དོན་ཚན་ཉེར་དྲུག་པ་གཞིར་བཟུང་། ཚན་པ་དང་མི་སྒེར་གང་རུང་ཞིག་གིས་ཨར་སྐྲུན་གད་སྙིགས་གང་བྱུང་དུ་གཤོ་བ་དང་གཏོར་བའམ་ཡང་ན་སྤུངས་ཚེ། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་ཚན་པས་དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ་མ་ཟད་ཚན་པར་དངུལ་ཆད་སྒོར་5000ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་གཅོད་རྒྱུ།  མི་སྒེར་ལ་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ།  

ཁྲིམས་འཛིན་མི་སྣས་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོ་བའི་རིགས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་པའི་རིགས་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་བྱས་ནས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

བདུན། ཚན་པ་ཁག་དང་ཤང་གྲོང་རྡལ་ཁག་གིས་རང་རྟོགས་ཀྱིས་གཏན་འབེབས་བརྩི་སྲུང་དང་ལྟ་སྐུལ་ཧུར་ཐག་བྱ་དགོས།  ཐེར་འདོན་ཁ་པར། 0891-6129038 དེ་དོན་ཆེད་དུ་ཁྱབ་བསྒྲགས་སྤེལ་རྒྱུ་ཡིན། 



ལྷུན་གྲུབ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུད།

2024ལོའི་ཟླ་3ཚེས་11ཉིན།




推荐专栏




【领导干部下基层专栏】

【党的创新理论大众化专栏】

【拉萨市城乡环境综合大整治行动 · 林周篇专栏】

点击↑↑↑相应文字查看专栏内容


推荐阅读

1.林周全县积极开展庆祝三·八国际妇女节活动

2.林周县召开2023年政府投资项目评审工作交流研讨会

3.林周县统战宗教领域开展庆祝三八国际妇女节暨“树立三个意识 争做新时代好尼姑”主题活动

4.【领导干部下基层】市县各级包保领导干部深入林周县开展领导干部“四下基层”活动


林周融媒

关注“林周之窗”视频号、“林周融媒”抖音号、“林周之窗”微信公众号

查看更多精彩资讯▽ 来源:林周县住建局编辑(一审):美多卓嘎校对(二审):色珍 格桑索朗 审核(三审):其美 达瓦平措
继续滑动看下一个
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存