查看原文
其他

法会现场🙏藏传佛教神变祈愿法会

最权威供养 善觉
2024-08-23


宗喀巴大师道场甘丹寺(昨天)



上方嗡 啊 吽三字明代表佛的身语意 在这殊胜的时期一起念嗡啊吽来随念佛祖释迦牟尼发愿!






གོང་གི་ལྗང་རྟགས་ལས་ཉན་རོགས།

点击上方绿标收听

◆  ◆  ◆  ◆  ◆ 


导语


      1409年,为了祈求正法长久住世,53岁的宗喀巴大师于大昭寺举办了盛大的神变法会。法会结束后,大师在众门徒的殷切下,选择在拉萨大河阿兰若建立了根本道场—甘丹寺。


 文章插图;拉卜楞寺正月法会场景精美海量图。水印时间为农历时间。

以下视频;拉卜楞寺正月祈愿念诵供养法会、然坚巴因明辩论、讲经法会。


https://v.qq.com/txp/iframe/player.html?vid=z0311svi4gf&width=500&height=375&auto=0

ཆོ་འཕྲུལ་སྨོན་ལམ་གྱི་བྱུང་བ་མདོར་བསྡུས་པ།

   ཇི་སྐད་དུ་མཉམ་མེད་ཙོང་ཁ་བ་ཆེན་མོས་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ལ་བསྟོད་པ་སྐབས་གསུམ་མར། མདའ་མཚོན་གོ་ཆ་མ་བཟུང་བར།། རང་ཉིད་གཅིག་བུས་བྱེ་བའི་བདུད།། མ་ལུས་ཕམ་མཛད་གཡུལ་གྱི་ལས།། ཁྱོད་ལས་གཞན་པ་སུ་ཡིས་ཤེས།། ཞེས་པའི་ཐད་ཀྱི་འགྲེལ་ལྕང་སྐྱ་ངག་དབང་ཆོས་ལྡན་མཆོག་གིས། དེའི་ཚེ་གཞན་འཇོམས་པའི་མདའ་མཚོན་དང་སྲུང་བའི་གོ་ཆ་སོགས་ཅི་ཡང་མ་བཟུང་བར། རང་ལ་གྲོགས་བྱེད་གཅིག་ཀྱང་མེད་བཞིན་དུ་རང་ཉིད་གཅིག་བུས་བྱེ་བ་མང་བོའི་གྲངས་ཅན་གྱི་བདུད་ཀྱི་དཔུང་མ་ལུས་པ་ཕམ་པར་མཛད་པའི་གཡུལ་གྱི་ལས་དེ་ལྟ་བུ་ཁྱོད་ལས་གཞན་པ་སུ་ཡིས་ཤེས་ཤིང་དེ་ལྟར་ནུས། དེས་ན་ཁྱོད་ཀྱི་མཐུ་སྟོབ་ནུས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡིན་པར་གདོན་མི་ཟའོ།། ཞེས་གསུངས་པ་ལྟར། སྟོན་པ་ཤཱཀྱ་ཐུབ་པས་ཟླ་བ་འདིར་མི་སྟེགས་སྟོན་པ་དྲུག་ཆོ་འཕྲུལ་བསྟན་ནས་བཏུལ་བས། རྗེ་བདག་ཉིད་ཆེན་པོས་རང་ཅག་རྗེས་འཇུག་རྣམས་ཀྱིས་སྟོན་པའི་ཡོན་ཏན་དང་བཀའ་དྲིན་དྲན་པ་ལ་བརྟེན་ཚོགས་རླབས་པོ་གསོག་པར་ས་གླང་སྤྱི་ལོ ༡༤༠༩ ལོར་ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས་པའི་ཕྱག་ལེན་བཞིན་དུ། ༧ ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་མཆོག་གིས་མ་དགོན་བཀྲ་ཤིས་འཁྱིལ་བ་ཕྱག་བཏབ་པའི་ལོེ་གཉིས་པ་དེར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་ཤིང་། ཀུན་་ཁྱེན་གོང་མ་མཆོག་སྨོན་ལམ་གསུང་ཆོས་ལ་ཆག་མེད་དུ་ཕེབས་པ་གདན་རབས་སུ་གསལ།  ༧ སྐྱབས་མགོན་སྐུ་འཕྲེང་གཉིས་པ་སྐྱབས་མཆོག་འཇིགས་མེད་དབང་བོ་ཚང་གིས་ཇེ་རྒྱས་ཇེ་ཞིབ་དང་། ཆོ་འཕྲུལ་བཅའ་ཡིག་ཀྱང་གསུངས། དེ་ལ་གོས་སྐུ་དང་འཆམ་ཆེན། མེ་ཏོག་མཆོད་པ། བྱམས་པ་གླིང་སྐོར་སོགས་ཕྱིའི་རྣམ་པ་རྒྱ་ཆེ་བའི་མཆོད་པ་མང་བོ་ཡོད་ལ། དགུན་དཀའ་བཅུ་རབས་འབྱམ་པའི་དམ་བཅའ་ཡང་སྔར་ལོའི་དགུན་ཆོས་ཆེན་མོའི་སྐབས་ཀྱི་དམ་བཅའ་མ་གཏོགས། ཆོ་འཕྲུལ་དུས་ཆེན་གྱི་སྐབས་འདིར་འདུལ་བ་དང་། མཛོད། དབུ་མ། ཕར་ཕྱིན། རྣམ་འགྲེལ་སོགས་མདོ་ཕྱོགས་པོ་ཏི་ལྔ་ལ་དམ་བཅའ་ཐེངས་སུམ་བཅུ་སོ་བརྒྱད་འགྲོ་དགོས། ལྷག་དོན་དེ་རིང་སྟེ་ཚེས་བརྒྱད་ཉིན་ནས་བཟུང་བཅུ་བར་དུ་མཚན་མོ་སྨད་བྱུང་ཐོས་བསམ་གླིང་གི་འཛིན་གྲྭ་བཅུ་གཅིག་གིས་རེས་མོས་དང་། བཅོ་ལྔའི་མཚན་མོ་འཛིན་གྲྭ་བཅུ་གསུམ་གྱིས་རྒྱ་བོད་གཞུང་ཆེན་དག་ལྷ་ཁང་འདུ་ཁང་དག་གི་སྟེང་དུ་སྐྱོར་སྦྱང་བྱེད།

   དེར་མ་ཟད་དེ་རིང་ཚེས་བརྒྱད་ཉིན་གྱི་ཞོགས་པར་རྣམ་སྲས་ཀྱི་སྒོ་ནས་ཚེ་ཐར་ཆོ་ག་མཛད།

   ཡང་ཕྱོགས་སོ་སོའི་དད་ལྡན་མཇལ་བ་དང་འགྲུལ་བ་དག་ཡིད་སྨོན་འགྲུབ་ཅིང་ཕྱིར་རང་ཡུལ་ལ་བདེ་ལེགས་ངང་འབྱོར་བའི་ཆེད་དུ། ཚེས་བརྒྱད་ནས་བཟུང་དཔལ་ལྡན་རྒྱུད་གྲྭ་ཚང་གིས་འགོ་བརྩམས་ཏེ་རེས་མོས་ཀྱིས་གྲྭ་ཚང་སོ་སོས་ཕྱོགས་སྐྱོང་གི་ཆོ་ག་འདོན།

  ལོ་རེའི་ཆོ་འཕྲུལ་དུས་ཆེན་གྱི་སྐབས་འདིར་ཚོགས་ཆེན་འདུ་ཁང་དུ་དགེ་འདུན་པ་དག་གིས་རྒྱ་བོད་ཀྱི་གཞུང་ཆེན་མོ་དག་བློ་ཐོག་ནས་མཆོད་པ་འབུལ་ལ། འདི་ལ་ཚོགས་རྒྱུགས་འབུལ་ཟེར།

   མདོར་ན། འདི་ནི་ཕྱིའི་གཟུགས་ཀྱི་རྣམ་པ་རྒྱས་སྤྲོས་དང་ནང་གི་ཐོས་བསམ་གྱི་འཆད་ཉན་བཤད་སྒྲུབ་གཉིས་ཟུང་དུ་སྦྲེལ་བའི་མཆོད་པ་བླ་ན་མེད་པ་ཡིན་ནོ།།

    དེས་ན། རང་ཅག་གདུལ་བྱ་རྣམས་ཀྱིས་སངས་རྒྱས་ཀྱི་དུས་ཆེན་དང་བླ་མའི་རྣམ་ཐར་སྨོན་པའི་ཡུལ་དུ་བྱས། བླ་མས་གང་བཙུགས་པའི་ཆོས་ཀྱི་ཆོ་ག་དག་ཕྱག་སྲོལ་བཞིན་དུ་མི་ཉམས་རྒྱུན་བཟུང་བའི་དགེ་འདུན་གྱི་སྡེ་ལ་ཡིད་ཀྱིས་དད་པ་བྱས་ན་ཕར་ཟད། རྗེས་སུ་ཡི་རངས་ཙམ་བྱས་ནའང་དགེ་བ་བསམ་གྱིས་མི་ཁྱབ་པ་འབྱུང་ལ། དེ་ནི་ཆོ་འཕྲུལ་སྨོན་ལམ་བཙུགས་པའི་དགོས་པའང་ཡིན་ངེས་པས་ན། འདི་ཙམ་སྤེལ་བ་རང་ཅག་ལ་བསྐལ་བ་དང་ལྡན་པ་ངོས་ཟིན་པའི་རྒྱུ་རུ་གྱུར་ཅིག །

祈愿神变法会的缘起

 

   “神变月”指从正月初一到十五的半个月。在“神变月”中,许多法会、庆典也会热闹隆重的举行。

    根据《贤愚经》的“降六师品”中记载,昔日释迦牟尼佛于正月初一到十五元宵,于舍卫国较试场大显神通,降伏六种邪魔外道师及其迷途冥顽的弟子,摧破魔军旗帜,树立正法的宝幢。让无量众生得到救援,有的证得罗汉果

位,有的成为见道菩萨。

    从那时候开始,印度的诸位大法王每逢这个殊胜的时候,都会广为陈列珍稀的供品,供养三宝、诵经发愿、布施众生。佛法刚传到西藏时,藏地的诸位大德也仿照印度,如法地兴起供养。然而现在是末法时代,佛法衰落,供养法会也慢慢隐没了。宗喀巴为了酬偿宿愿,上为圣教永住、法轮常转,下令众生集福,获泽无尽,因而发广大心,筹划重新兴办一个盛大的神变供养法会。

    从这次盛大供养法会开始,连续举行了500多年后,在西藏解放时期,法会未能持续,中断至今。

 


当今规模最大的祈愿神变法会在洁白的瑞雪中开始举行

 

    拉卜楞寺也不例外,从文革时期开始30余年未能举行祈愿法会。从八十年代开始法会恢复举行,至今逐渐全面化。 

    第一世嘉木样大师作为全面继承宗大师的法脉传承的高僧学者,建立拉卜楞寺的当年就开始努力筹备祈愿法会。第二年正式举行祈愿法会,大师积极参加每天的法会仪式。

   到第二世嘉木样大师久美旺波大师时期,大师将祈愿法会仪式更加细节化、

完善化、扩大化。并且掇写了神变祈愿供养法会进行的全方面的规章。规章在正月初三下午祈愿法会开幕仪式上由总掌堂师宣读。后各地格律巴寺院举行祈愿法会。

 


   拉卜楞寺的正月神变祈愿法会内容主要分三种;供养上师释迦牟尼佛、为无数个有缘众生举行的外在形式花法和僧人的内在修学考验。外在法会分别为:今天初八举行的放生仪式和僧童法舞、亮大佛唐卡、金刚法舞、酥油花艺术、弥勒佛绕寺等。

   内在修学是,考然坚巴格西辩论。冬季然坚巴格西考需要考五部大论。在上一年冬季辩论末也要进行四天。祈愿法会期间从正月初四到十六,必须供进行三十七轮讨论。

   此外,从初八开始到十四,为锻炼自己的修学,为来自四面八方的众生种下解脱种子,闻思学院十四个班级的学僧们,每晚轮流在各个佛殿顶诵五部大论颂和丹朱尔中的经典。正月十五酥油花法会当晚,闻思学院十三个班所有僧人都需要在佛殿上诵经,至到下半夜。每年有上百僧人在大经堂一人一柱静坐背诵佛教经典著作以供养。

   另外,为了各地前来的虔诚众生安全返乡,从初八开始各扎仓轮流念诵护方神赞颂供。

   如此看来,这是一种外在物质和内在讲修结合的无上供养法会。

 


以下图:今天上午的讲经法会



以下图:今天的放生法会现场


༼   སེམས་བསྐྱེད། 

འདིར་སྤེལ་བྱ་ནི།

དོན་དངོས་དཔྱད་བརྗོད། ཀུན་ཕན་ལག་ལེན།

事实分享 | 利益众生

© 善 觉

གོང་གི་བཤེར་རིས་ལས་བཙལ་རོགས།


多闻天财神咒

☸ 嗡 百厄夏日拔那耶吽 ☸


今天 的放生仪式由根据多闻天财神仪轨念诵举行

念诵咒语 财富具足

   这就是拉卜楞寺正月祈愿供养法会简单的流程。在这期间,做任何功德都会千亿倍地增长;同理,任何罪业也是千亿倍地加重。

提醒佛友们,积极诸恶莫作,众善奉行


继续滑动看下一个
善觉
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存