查看原文
其他

【ཀློག་འདོན།】རྒན་གྱའི་ཁོར་སྲུང་བ་འབྲུག་ཐར་རྒྱལ་གྱི་གཏམ་རྒྱུད།

来自草原的 善觉
2024-08-23

རྒན་གྱའི་ཁོར་སྲུང་བ་འབྲུག་ཐར་རྒྱལ་གྱི་གཏམ་རྒྱུད།


 རྩོམ་འབྲི་བ། ཧོའི་ཅོན་ཧན།
◈ ཡིག་སྒྱུར་བ། འབྲུག་མོ་མཁར།
◈ ཀློག་འདོན་པ། གཡང་འཛོམས།



སེར་པོ་གསེར་འདི།

སེར་པོ་གསེར་འདི་བླ་མའི་ན་བཟའ་ཡིན།།

སེར་པོ་གསེར་འདི་བླ་མའི་ཞལ་རས་ཡིན།།

སེར་པོ་གསེར་ལས་གྲུབ་པའི་གླུ་ཆུང་འདི།།

རྩ་བའི་བླ་མར་ཕུལ་བའི་མཆོད་པ་ཡིན།།

 

དཀར་པོ་དུང་འདི་ཨ་ཕའི་ཞལ་རས་ཡིན།།

དཀར་པོ་དུང་འདི་མ་ལོའི་སེམས་པ་ཡིན།།

དཀར་པོ་དུང་ལས་གྲུབ་པའི་གླུ་ཆུང་འདི།།

དྲིན་ཆེན་ཕ་མར་ཕུལ་བའི་མཆོད་པ་ཡིན།།

 

དམར་པོ་ཁྲག་འདི་གྲོགས་པོའི་བརྩེ་སེམས་ཡིན།།

དམར་པོ་ཁྲག་འདི་འགྱུར་མེད་དམ་བཅའ་ཡིན།།

དམར་པོ་ཁྲག་ལས་གྲུབ་པའི་གླུ་ཆུང་འདི།།

སྙིང་གི་གྲོགས་པོར་ཕུལ་བའི་མཆོད་པ་ཡིན།།


མཆོད་པ་ཞེས་པའི་གླུ་གཞས་སྙན་མོ་དབྱངས་སུ་བཀུག་ཅིང་མུན་ནག་གི་ཀློང་ནས་པི་ཝང་༼ Mandolin ༽གི་སྒྲ་སིང་སིང་དུ་གྲགས་པ་དང་ལྷན་དུ་འབྲུག་ཐར་རྒྱལ་གྱི་གཏམ་རྒྱུད་འགོ་བརྩམས་སོང་།



༢༠༢༡ལོ་ལ། སྦྲ་ནག་འཛིན་གྲྭའི་སློབ་ཁྲིད་བདེ་ལེགས་མཇུག་སྒྲིལ།འབྲུག་ཐར་རྒྱལ་བྱིས་པ་ཚོ་ཆེས་དགའ་སའི་དགེ་རྒན་ལ་གྱུར།



སྦྲ་ནག་སློབ་ཁྲིད་ལས་གཞན་འབྲུག་ཐར་རྒྱལ་ནི་དམངས་ཁྲོད་རྡུང་ལེན་སྒྱུ་རྩལ་གྱི་དགེ་རྒན་ཞིག་ཀྱང་ཡིན། 




ཁྲུང་སྐྱ་གསུམ་གྱིས་དྲོད་ཁོལ་འཁྱིལ་བའི་ཁྱིམ་ཚང་ཞིག་གྲུབ་འདུག ཁྲུང་སྐྱའི་མདོག་ནི་དགུན་གྱི་རྩྭ་མདོག་དང་ཕལ་ཆེར་འདྲ་ལ། ཡིབ་ནས་འདུག་པས་རྩྭ་ཐང་ནས་ནམ་རྒྱུན་སྡོད་མཁན་ཞིག་མིན་ཚེ་ལམ་འགྲོ་བ་ཞིག་གིས་མཐོང་རྒྱུ་དཀའ།




འཕུར་བཞིན་པའི་ཁྲུང་སྐྱ་འདི་ཚོར་མི་སུས་ཀྱང་གནོད་འཚེ་གཏོང་གི་མེད། ཁྲུང་ཁྲུང་འདི་ཚོ་འབྲོག་ཐང་གི་འདམ་ས་ནས་འཚོ་བ་སྐྱེལ་བར་གོམས་ཡོད།




 འབྲུག་ཐར་རྒྱལ་ཕྱི་དྲོ་སྒར་ཁ་རུ་ལོག་རྗེས་བྱིས་པ་ཚོར་ཉིན་དེའི་པར་སྟོན་བཞིན་པ།




ཀྲི་ལན་ཐེབས་རྩ་ཚོགས་པས་རྒྱབ་སྐྱོར་བྱས་པའི་རྩྭ་ཐང་གི་གཏུམ་བྱ་དང་རྟོག་ཞིབ་དང་སྲུང་སྐྱོབ་ལས་གཞིའི་ཁྲོད་དུ།འབྲུག་ཐར་རྒྱལ་གྱིས་སྤུ་འཇམ་ལྷོད་ལྷོད་ཀྱིས་གང་བའི་ནེ་ལེ་ཡི་ཚང་ཞིག་རྙེད།



འབྲུག་ཐར་རྒྱལ་གྱིས་བསམ་ཚུལ་ལ། འབྲོག་པའི་ལོ་ལོ་ལག་རྩལ་ཐོན་རྫས་ནི་ཆེས་རེ་བ་ལྡན་པའི་བྱ་བཞག་ཅིག་རེད་ལ།བཀའ་ཁག་ལ་འཕྲད་དུས་ཁོས་རང་གི་ཆུང་མ་ལ་མུ་མཐུད་དུ་རྒྱུན་འཁྱོང་བྱེད་དགོས་པའི་སྐུལ་མ་བྱས།


འབྲུག་ཐར་རྒྱལ་གྱི་ཆུང་མ་སྒྲོལ་མ་ཚེ་རིང་།


འབྲུག་ཐར་རྒྱལ་དང་རྩོམ་ཡིག་འདི་འབྲི་མཁན་གཉིས།




བཀྲ་ཤིས་བདེ་ལེགས།ངའི་སྤུན་ཟླ་ལ་རྟེན་འབྲེལ་ཞུ།ཁྱེད་ཀྱིས་རང་དང་ཁ་ཕྱོགས་བློ་སེམས་མཐུན་པའི་ཟླ་གྲོགས་དང་མཉམ་དུ།ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་རང་གི་ཕ་ཡུལ་གྱི་ཆེད་དུ་སྔར་ལས་ལྷག་པའི་གཟི་འོད་འཚོལ་བར་འབད་པར་སྨོན།


རྩོམ་ཡིག་འདིའི་མ་ཕྱི་རྒྱ་ཡིག་འདི་ནས་ཀློག་ཐུབ། 捡垃圾、做监测、黑帐篷与鹤|环保人物故事:周特加


དོན་དངོས་དཔྱད་བརྗོད། ཀུན་ཕན་ལག་ལེན།

有声 | 有图 | 有知识 | 有行动 | 利众生
© 善 觉


继续滑动看下一个
善觉
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存