查看原文
其他

那曲市应对疫情工作领导小组办公室公告(22号)

那曲融媒 2022-09-24

那曲市应对疫情工作领导小组办公室

公  告

〔2022〕22号


为贯彻落实自治区党委决策部署和王君正书记关于“持续巩固社会面清零成果”的重要指示精神,近日,市应对疫情工作领导小组启动了“无疫村(居)、无疫乡镇、无疫县(区)、无疫单位、无疫小区”创建活动。

创建活动启动以来,全市各级各部门层层动员部署、广泛宣传发动,各级各部门积极创建、踊跃申报,市应对疫情工作领导小组严格把关、综合评定,评选出了那曲市第一批“无疫县(区)”。

为充分发挥先进典型的示范带动作用,激励更多的村(居)、乡镇、县(区)、单位、小区积极投入到创建工作中,同时广泛接受社会监督,不断巩固创建成果,现将全市第一批“无疫县(区)”名单予以公布。

“无疫县(区)”要全面落实“外防输入、内防反弹”总策略和“动态清零”总方针,继续扎实做好常态化疫情防控,切实维护人民群众生命安全和身体健康,最大限度统筹疫情防控和经济社会发展。

 

市应对疫情工作领导小组办公室

2022年9月2日



那曲市无疫县(区)

1.双湖县

2.比如县


ནག་ཆུ་གྲོང་ཁྱེར་གྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས།

【2022】ཡིག་ཨང་22པ།


རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་“སྤྱི་ཚོགས་ཐོག་ལ་གཙང་བཟོ་ཐུབ་པའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་རྒྱུའི”སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་མཆོག་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་དུས། གྲོང་ཁྱེར་གྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས“རིམས་ནད་མེད་པའི་གྲོང་ཚོ(གྲོང་ལྷན)དང་། རིམས་ནད་མེད་པ་ཤང་གྲོང་རྡལ། རིམས་ནད་མེད་པའི་རྫོང་(ཆུས) རིམས་ནད་མེད་པའི་ཚན་པ། རིམས་ནད་མེད་པའི་སྡེ་ཁུལ”བཅས་ཀྱི་འཛུགས་གཏོད་བྱེད་སྒོ་སྤེལ་འགོ་བཙུགས་ཡོད།

འཛུགས་གཏོད་བྱེད་སྒོ་སྤེལ་འགོ་བཙུགས་ཚུན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་རིམ་པ་ཇི་བཞིན་བཀོད་སྒྲིག་བྱས་ཏེ་རྒྱ་ཁྱབ་ངང་དྲིལ་བསྒྲགས་སྐུལ་སློང་བྱས་པ་དང་། རིམ་པ་ཁག་དང་ཚན་པ་ཁག་གིས་འཛུགས་གཏོད་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་ཚ་ཚ་འུར་འུར་ངང་ཡིག་ཐོག་སྙན་ཞུ་འབུལ་ཡོད་པ་དེར་གྲོང་ཁྱེར་གྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་དཔྱད་ནན་པོ་དང་ཕྱོགས་བསྡུས་དཔྱད་བསྡུར་བྱས་ནས་ནག་ཆུ་གྲོང་ཁྱེར་གྱི་དུས་ཁག་དང་པོའི“རིམས་ནད་མེད་པའི་རྫོང་(ཆུས)”དཔྱད་འདེམས་བྱས་ཡོད། 

སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱས་ནས། དེ་བས་མང་བའི་གྲོང་ཚོ(གྲོང་ལྷན)དང་། ཤང་གྲོང་རྡལ། རྫོང་(ཆུས) ཚན་པ། སྡེ་ཁུལ་བཅས་ཀྱིས་འཛུགས་གཏོད་ལས་དོན་ཁྲོད་དུ་ཐེ་ཞུགས་ཧུར་ཐག་བྱེད་རྒྱུར་སྐུལ་མ་གཏོང་ཆེད་དང་། དུས་མཚུངས་སུ་སྤྱི་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ངང་དང་ལེན་བྱས་ནས་འཛུགས་གཏོད་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་ཆེད། ད་ལྟ་གྲོང་ཁྱེར་ཡོངས་ཀྱི་དུས་ཁག་དང་པོའི“རིམས་ནད་མེད་པའི་རྫོང་(ཆུས)”གི་མིང་ཐོ་ཡོངས་བསྒྲགས་བྱེད་རྒྱུ་ཡིན།

“རིམས་ནད་མེད་པའི་རྫོང་(ཆུས)”གིས“ཕྱི་ནས་མི་འགོས་པ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”སྤྱིའི་ཐབས་ཇུས་དང་“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་སྒོ་ཀུན་ནས་དོན་འཁྱོལ་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་མུ་མཐུད་ཡག་པོ་སྤེལ་ནས།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོའི་བདེ་ཐང་སྲུང་སྐྱོབ་ཏན་ཏིག་ཐུབ་པ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་ཐུབ་པ་བཅས་བྱེད་དགོས།



ནག་ཆུ་གྲོང་ཁྱེར་གྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་།

2022ལོའི་ཟླ་9ཚེས་2ཉིན།



ནག་ཆུ་གྲོང་ཁྱེར་གྱི་“རིམས་ནད་མེད་པའི་རྫོང་(ཆུས) 1. མཚེའུ་གཉིས་རྫོང་།2. འབྲི་རུ་རྫོང་།




  扫码关注我们  

主编:杜 林 春  

责编:次旺 塔培

编辑:才仁拉珠

求分享

求点赞

求在看


您可能也对以下帖子感兴趣

文章有问题?点此查看未经处理的缓存