查看原文
其他

喜大普奔!热如锅庄又双叒叕摘全国广场舞“特等奖”桂冠!

网信比如 2023-12-15

友情提示

点击上面“网信比如”可关注哟~


སྤྲོ་སེམས་ཆེན་པོས་དགའ་བདེའི་དཔལ་ལ་རོལ། རྭ་རུའི་སྐོར་བྲོར་རྒྱལ་ཡོངས་ཀྱི་ཐང་ཆེན་ཞབས་བྲོའི“དམིགས་བསལ་བྱ་དགའི”མཚན་སྙན་ཐོབ་ཡོད་པ།

喜大普奔!热如锅庄又双叒叕摘全国广场舞“特等奖”桂冠!  

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་ལྟེ་གནས་དང་།རྒྱལ་ཡོངས་ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོ་ཁྱབ་གདལ་ཨུ་ལྷན།ཧའེ་ནན་ཞིང་ཆེན་ཡུལ་སྐོར་དང་རིག་གནས་རླུང་འཕྲིན་བརྙན་འཕྲིན་ལུས་རྩལ་ཅུས།པའོ་ཐིང་ལིའི་རིགས་དང་མེའོ་རིགས་རང་སྐྱོང་རྫོང་བཅས་ཀྱིས་གཙོ་གཉེར་བྱས་པའི“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་སེམས་ཟབ།ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ”2019ལོའི་ཀྲུང་གོའི(པའོ་ཐིང་)གྲངས་ཉུང་མི་རིགས་ཐང་ཆེན་ཞབས་བྲོའི་འགྲན་བསྡུར་ཆེ་མོ།ཟླ་4ཚེས་7ཉིན་ཧའེ་ནན་པའོ་ཐིང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།འབྲི་རུ་རྫོང་བརླན་ཆུ་ཤང་གི་རྭ་རུའི་སྐོར་བྲོ་《བཀྲ་ཤིས་པའི་གངས་ལྗོངས་》ཞེས་པ་དེ་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་དམིགས་བསལ་མིང་བཏོན་ནས།བོད་ཀྱི་ཚབ་ཞུས་ཏེ་དོན་ཆེན་དེར་ཞུགས་པ་མ་ཟད། ངོ་མཚར་ཆེ་བའི་སྟངས་སྟབས་དང་འབྲི་རུ་རྫོང་གི་གདོད་མའི་སྣོད་བཅུད་རིག་གནས་ཀྱི་སྙིང་བཅུད་ལ་བརྟེན་ནས་ཡིད་དབང་འཕྲོག་པའི་འཁྲབ་སྟོན་བྱས་ཏེ“དམིགས་བསལ་བྱ་དགའི”མཚན་སྙན་དང་།ལུས་རྩལ་ཀུན་སྤྱོད་ཀྱི་གོམས་སྲོལ་བྱ་དགའ།ཕུལ་བྱུང་རྩལ་ཁྲིད་པ་བཅས་ཀྱི་བྱ་དགའ་བཅས་ཐོབ་ཡོད།

由国家体育总局社会体育指导中心、全国广场舞健身活动推广委员会、海南省旅游和文化广电体育局、保亭黎族苗族自治县主办的“中华民族一家亲 同心共筑中国梦”--2019年中国(保亭)少数民族广场舞大赛于4月7日在海南保亭隆重开拔。比如县良曲乡热如锅庄《吉祥雪域》应自治区体育局特别点名代表西藏参加了这一盛事,并凭借精彩划一的动作和比如原生态文化精髓淋漓尽致的展演劈荆斩刺脱颖而出,将“特等奖”桂冠、体育道德风尚奖、优秀教练员奖一并收入囊中!

铁粉

    དད་མོས་པ། འོ། ད་བཤད་མི་དགོས། རྩོམ་སྒྲིག་པ་ཁྱོད་ཀྱིས་“འབྲི་རུའི་སྐོར་བྲོ་ལྟ་རྒྱལ་ཡོངས་ཨང་དང་པོ་ཡིན་”ཞེས་བཤད་ན་ཆོག 

呃,不用再讲了,小编,你说“比如锅庄,全国第一”就行。

རྩོམ་སྒྲིག་པ། རེད་རེད།དེ་ངོ་མ་ང་རྙོག་གཏམ་མང་སོང་། 

呃,是小编啰嗦了!

小编

ཟུར་བྲིས།  2017ལོའི་ཟླ་8ཚེས་6ཉིན་ནས་ཚེས་8ཉིན་བར་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐོར་བྲོ་སྤེལ་རེས་སྐབས་དང་པོའི་འགྲན་བསྡུར་ཆེ་མོའི་ནང་།བྲོ་འཁྲབ་སྟངས་དཔའ་ཉམས་ལྡན་ལ་སྟངས་སྟབས་སྙན་འཇེབས་ལྡན་པའི་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་པའི་འབྲི་རུ་རྫོང་བརླན་ཆུ་ཤང་རྭ་རུ་སྐོར་བྲོ་ནག་ཆུའི་ཚབ་བྱས་ནས་འགྲན་བསྡུར་ནང་ཞུགས་པ་མ་ཟད།ཞབས་བྲོ་རུ་ཁག་དེ་འབྲི་རུ་རྫོང་བརླན་ཆུ་ཤང་རྭ་རུ་གྲོང་ཚོའི་འགོ་ཁྲིད་དགྲ་འདུལ་ནས་ཀྱིས་སྣེ་ཁྲིད་དེ་ལྗོངས་ཡོངས་ཀྱི“བྱ་དགའ་ཨང་དང་པོའི”མཚན་སྙན་ཐོབ་ཡོད། “དོན་དངོས་ཐོག་སྐོར་བྲོའི་སྟངས་སྟབས་ནི་མཉམ་འདྲེས་ཆེན་པོ་དང་ངར་འཇམ་གཅིག་ཕན་གཅིག་གྲོགས་ཉམས་འགྱུར་ལྡན་ལ།དེ་ལུས་སྦྱོང་ཞབས་བྲོའི་ཕྱོགས་སུ་བསྒྱུར་སླ་པོ་ཡོད”ཅེས་འགྲན་བསྡུར་ཆེ་མོའི་ཁྲིམས་འཛིན་པ་སི་ཁྲོན་ལུས་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཡན་ཧུང་གིས་བཤད།

侧记:早在2017年8月6日至8日举行的西藏自治区第一届锅庄舞交流展示大赛,以舞姿豪迈、动作优雅而著名区内外的比如县良曲乡热如锅庄代表那曲参赛,并斩获全区“一等奖”,舞蹈队由比如县良曲乡热如村舞蹈队队长占堆亲帅。“其实,锅庄舞大开大合、刚柔并济的动作风格,更易于向健身操舞转型。”大赛裁判长、四川体育学院副教授闫虹说。

བཅར་འདྲི་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་སེམས་བཅངས་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”2019ལོའི་ཀྲུང་གོའི(པའོ་ཐིང)གྲངས་ཉུང་མི་རིགས་ཐང་ཆེན་ཞབས་བྲོའི་འགྲན་བསྡུར་ཆེ་མོའི་བརླན་ཆུ་ཤང་རྭ་རུ་གྲོང་ཚོའི་སྐོར་བྲོ་རུ་ཁག་གི་འགྲན་བསྡུར་ནང་ཞུགས་མཁན་ཁྱོན་མི་16ཡོད་པ་དང་།སྐྱེས་པ་8དང་བུད་མེད་8ཡོད།  བྱ་དགའ་ཐོབ་རྗེས་རུ་མི་ཡོངས་སེམས་ནང་དགའ་བ་དཔག་མེད་སྐྱེས་ཡོད་པ་རེད། 

通过采访了解到,此次参加“中华民族一家亲 同心共筑中国梦”--2019年中国(保亭)少数民族广场舞大赛良曲乡热如村锅庄队参赛人员共有16人,为8男8女,获奖后,全体队员心情异常激动。

ཁོང་ཚོ་རོགས་པ་16གིས་འགྲན་བསྡུར་དེའི་ནང་ཞུགས་ཆེད་གྲ་སྒྲིག་ཞིབ་ཚགས་དང་དཀའ་སྤྱད་སྦྱོང་བརྡར་བྱས་ཡོད་པ་མ་ཟད།ད་རེས་ཀྱི་འགྲན་བསྡུར་ལ་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་རྩལ་ཁྲིད་པ་ཚོས་མཛུབ་ཁྲིད་ཞིབ་ཚགས་བྱས་ཡོད་པ་རེད།

练兵千日。16个小伙伴为了参加这一赛事,精心准备,勤加苦练,此次比赛更有自治区体育局教练精心指导。

མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་ཅིའང་མེད།འགྲན་བསྡུར་ཁྲོད་རྭ་རུའི་སྐོར་བྲོ་འཐུས་མིའི་རུ་ཁག་གིས་འབྲི་རུ་རྫོང་གི་ཤང་དང་གྲོང་རྡལ་ཁག་གི་སྐོར་བྲོའི་ཉིང་བཅུད་དང་ལེན་བྱས་ནས་བྱུང་བའི་《བཀྲ་ཤིས་པའི་གངས་ལྗོངས་》ཞེས་པ་འཁྲབ་སྟོན་བྱས་པ་དང་འབྲི་རུ་རྫོང་གི་གདོད་མའི་སྣོད་བཅུད་རིག་གནས་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཇི་མ་ཇི་བཞིན་འཁྲབ་སྟོན་བྱས་པ་མ་ཟད།སྲོལ་རྒྱུན་གྱི་སྐོར་བྲོའི་རྨང་གཞིའི་ཐོག་གསར་གཏོད་དང་སྒྱུར་བཀོད་བྱས་ནས། ཁྱད་ཆོས་ཟབ་མོ་ལྡན་པས་སྲོལ་རྒྱུན་ཞབས་བྲོ་དར་སྤེལ་གཏོང་མཁན་དང་རྒྱུན་འཛིན་མཁན་ཞིག་རེད།བོད་རིགས་ན་གཞོན་ཕོ་མོ་16གིས་མགོ་ལ་ཕྱུ་རའི་དབྱིབས་ཀྱི་ཞྭ་མོ་གྱོན་པ་དང་།ལུས་ལ་བོད་ཆས་གྱོན་པ།བརྗིད་ཉམས་ལྡན་པའི་ཞབས་བྲོའི་སྟངས་སྟབས་དང་ལྡན་པ།དུས་ཆེན་གྱི་གཡང་གཞས་ལེན་བཞིན། གདོང་ནས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ལས་ཁོང་ཚོར་བདེ་སྐྱིད་བསྐྲུན་པའི་སྤྲོ་སྣང་མངོན་ཐུབ་པ་ཟད།དེ་ཁུལ་དུ་ཡོད་པའི་ལྟད་མོ་བ་དང་དཔྱད་འདེམས་ཨུ་ཡོན་ཚོའི་ཡིད་དབང་འཕྲོག་ནས་ཚང་མའི་དགའ་བསུ་ཆེན་པོ་ཐོབ་པ་རེད།

用兵一时。功夫不负有心人,比赛中,热如锅庄代表队将汲取了比如县各个乡镇锅庄精髓的《吉祥雪域》奉上,将比如县原生态文化艺术魅力展演得淋漓尽致,并且在传统锅庄的基础上进行创新改造,加入了热如特色,是传统舞蹈的发扬者与传承者。16名藏族姑娘和小伙子们头戴羊乳形状的帽子、身着藏袍,跳着豪迈的舞步,唱着节日的祥歌,脸上洋溢着西藏民主改革60周年来带给他们的幸福,更是感染着在场的观众和评委们,终“修得正果”、拔得头筹!

འགྲན་བསྡུར་མཇུག་འགྲིལ་རྗེས་རྭ་རུ་སྐོར་བྲོ་རུ་ཁག་གི་རུ་སྣེ་ཁྲིད་མཁན་དགྲ་འདུལ་གྱིས་ཁ་པར་ནང་།འགྲན་བསྡུར་གྱི་བརྡ་ཐོ་འབྱོར་བའི་ཉིན་དེ་ནས་བཟུང་དགའ་སྤྲོས་མཚན་མོ་གཉིད་ཀྱང་ཁུག་གི་མིན་འདུག་ཟེར།རུ་མི་ཚོས་སྦྱོང་བརྡར་ཐེངས་1000ལྷག་ཙམ་བྱས་ཡོད་པ་དང་། སྐབས་རེ་མཚན་མོ་ཐོ་རེངས་ཆུ་ཚོད་དང་པོའི་བར་སྦྱོང་བརྡར་བྱས་རུང་རུ་མི་ཚོས་སྡུག་སྐད་གཏན་ནས་རྒྱག་གི་མེད།དེའི་རིང་རུ་མི་ཁག་གཅིག་གིས་ལྷམ་ཆ་ཁ་ཤས་བརྗེས་པ་དང་ཐེངས་ག་ཚོད་འགྱེལ་ཡོད་ཀྱང་ཁོང་ཚོས་དགོངས་པ་ཞུས་ནས་ངལ་གསོ་རྒྱག་གི་མེད། མཚོ་འགྲམ་དུ་སྐྱོད་རིམ་བཞིན་རུ་མི་ཚོས་ཐག་རིང་ནས་རྒྱ་མཚོར་ལྟས་པ་ལས།ཚང་མ་བྱེ་ཐང་དུ་རྩེད་མོ་རྩེ་ཕོད་ཀྱི་མེད། དེ་ནི་ཁོང་ཚོའི་སེམས་རང་ཉིད་ཀྱི་སེམས་ཤུགས་ཡོད་ཚད་འགྲན་བསྡུར་ལ་བཞུགས་རྒྱུ་དེ་ཡིན། 

赛后,热如锅庄领队占堆在电话里讲到:从接到比赛通知那天起,他就兴奋地睡不着觉,队员们排练不下1000余场次,有的时候晚上训练到凌晨1点,队员们从不叫苦叫累,这期间,有的队员都不知道鞋子换了几双、摔倒了多少次,但是他们没有一个人请假休息。每次路过海边,队员们都会远远的望着大海,甚至都不敢都沙滩上玩玩,只是为了将自己最好的精神状态来迎接比赛……

更多精彩请看这里


ར་རུ་གྲོང་ཚོའི་སྐོར་བྲོ་འབྱུང་ཁུངས་ནི། 

热如村锅庄舞由来

ལོ་ངོ་1000གི་སྔོན་དུ། བརླན་ཆུ་ཤང་རྭ་རུ་གྲོང་ཚོའི་གྲོང་མི་རྣམས་ཀྱིས།ཁྱིམ་མཚེས་བར་གྱི་བརྩེ་དུང་ལ་སྐུལ་འདེད་གཏོང་ཆེད། རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བར་ཁོང་ཚོས་རྒྱུན་དུ་ཞིང་ལས་དལ་དུས་ཀྱི་སྐབས་སུ་སྒོ་རའི་ནང་དུ་རྡོ་ཁོག་ནང་ཇ་བསྐོལ་ནས་རྩམ་པ་ཟ་བ་དང་།ཇ་འཐུང་རྗེས་རྟག་ཏུ་མེ་གཞོང་བསྐོར་ནས་གླུ་ལེན་གར་འཁྲབ་ཀྱིས་ཉིན་གཅིག་གི་ངལ་དུབ་སེལ་ཏེ་སེམས་ནུས་ཡོད་རྒུ་བཏོན་ནས་ཁོར་ཡུག་ངན་པ་དང་མཐུན་འགྲིག་ཡོང་བ་བྱེད་ཀྱི་ཡོད།རིག་གནས་བྱེད་སྒོ་དེ་རིགས་ལས་ལུས་སེམས་གཉིས་ཀར་ལྷོད་པོར་གྱུར་བ་མ་ཟད། གྲོང་མིའི་རིག་གནས་འཚོ་བའི་དགོས་མཁོ་ཡང་བསྐོངས་ཡོད།ལོ་མང་རིང་གི་འཕོ་འགྱུར་བརྒྱུད་བརླན་ཆུ་ཤང་རྭ་རུ་སྐོར་བྲོ་ཡིས་ཆེས་གདོད་མའི་རིག་གནས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་གདོད་མའི་རྣམ་པའི་ཞབས་བྲོ་ཞིག་ཏུ་བསྒྱུར་བ་དང་འབྲེལ་1970ལོར་བརླན་ཆུ་ཤང་རྭ་རུ་གྲོང་ཚོའི་སྐོར་བྲོ་རུ་ཁག་བཙུགས་པ་རེད།1980ལོར་འབྲི་རུ་རྫོང་གི་དེ་སྔའི་རིག་གནས་ཅུས་ཀྱི་ཅུས་ཀྲང་པ་སངས་ཀྱིས་ཞབས་བྲོའི་རུ་ཁག་ལ་ཚད་ལྡན་དང་དག་ཐེར་བྱས་པ་རེད།སྣ་མང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་ཉམས་འགྱུར་གྱིས་ཞབས་བྲོའི་རུ་ཁག་དེ་2009ལོའི་ལྷ་སའི་མཚན་ཚོགས་དང་2011ལོའི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སོགས་ལ་ཞུགས་པ་མ་ཟད།རྒྱ་ཆེའི་ལྟད་མོ་བའི་ཁས་ལེན་ཡང་ཐོབ་པ་རེད། འབྲི་རུ་རྫོང་ཨུད་དང་། རྫོང་སྲིད་གཞུང་།བརླན་ཆུ་ཤང་ཏང་ཨུད་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེན་རྒྱབ་སྐྱོར་འོག   ཞབས་བྲོའི་རུ་ཁག་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་བྱུང་ནས་ཞབས་བྲོ་འཁྲབ་མཁན་བདུན་ལས་མེད་པའི་དཔུང་ཁག་དེ་ད་ལྟའི་མི་35(དེང་གི་སྒྱུ་རྩལ་ཚོགས་པར་ཞབས་བྲོའི་དགེ་རྒན་1དང་།བྲོ་ཁྲིད་2ཁོངས་མི་32)བར་མང་དུ་སོང་བ་མ་ཟད། སྒྱུ་རྩལ་ཚོགས་པས་ནག་ཆུ་དང་སོག་རྫོང་སོགས་སུ་འཁྲབ་སྟོན་བྱེད་པར་ཐེངས་མང་བསྐྱོད་པས་དངོས་དངོས་རྗེན་རྗེན་གྱི་འབྲི་རུ་རྫོང་རིག་གནས་ཀྱི་དྲ་ཐོག་གྲགས་ཅན་གྱི་“མིང་བྱང”ལྟ་བུར་གྱུར་ཡོད།

在1000年以前,良曲乡热如村的村民在农闲时候,为了促进邻里之间的感情,丰富文化生活,他们往往利用农闲的时候在院内旷地垒石支锅熬茶抓糌粑,茶余饭后不时围着火塘唱歌跳舞,以驱一天的劳累与疲乏,保持旺盛的精力,适应恶劣环境,这种文化活动不仅放松了身心,也达到了满足村民文化生活的需要。经过多年的演变,良曲乡热如锅庄舞传承了这种最原始的文化精神,转变为一种原生态舞蹈,并于1970年成立良曲乡热如村锅庄舞蹈队。1980年由比如县前文化局局长巴桑对舞蹈队进行了规范和整改。丰富多彩的艺术风格沉淀,让舞蹈队参加了2009年的拉萨晚会、2011年西藏和平解放60周年庆祝大会等,并得到广大观众的认可。在比如县委、县政府以及良曲乡党委政府高度重视和大力支持下,舞蹈队得到了前所未有的发展,不仅将只有7名舞蹈人员的队伍扩充到了现在的35人(现艺术团有舞蹈老师1名,领舞2名,成员32人),艺术团还多次前往那曲、索县等地方进行表演,当之无愧的成为了比如县的文化网红“名片”。

撰稿:吴晓聪、肖晓燕

翻译:旦增多吉

素材:王龙继、郑晓丽等


网信比如 | 有品位的公众号

 投稿邮箱:28773994@qq.com

推荐阅读

1、我县赴甬参加2018中国(宁波)食品博览会,感谢CCTV……

2、听一次别样的比如虫草之旅,晚安!

3、冬游西藏 |  隐藏在那曲的最后一块绝世秘境!

4、比如县顺达驾校落成啦,落成啦,成啦,啦!

5、医疗民生 | 宫外孕破裂导致失血性休克,汶上专家精诚协作,病人转危为安!

6、邂逅萨普 | 比如“奔驰”在路上,只因比如而来!

7、年薪8万-30万任性招人!等的就是你!~


文章来源

主编:吴晓聪

编辑:肖晓燕

校对:桑珍


继续滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存