查看原文
其他

男子组投票开始!2019年比如县艺术节“牧人风采·比如形象”网上投票!

网信比如 2023-12-15

友情提示

点击上面“网信比如”可关注哟~

སྤྲོ་སེམས་འཁོལ་བའི་ངང་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ།

热烈庆祝新中国成立70周年!

སྤྲོ་སེམས་འཁོལ་བའི་ངང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།

热烈庆祝西藏民主改革60周年!

སྤྲོ་སེམས་འཁོལ་བའི་ངང་འབྲི་རུ་རྫོང་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།

热烈庆祝比如县建县60周年!

འབྲི་རུ་རྫོང་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང་།  སྐབས་བཅུ་གཅིག་པའི་སུམ་པ་ནགས་ཤོད་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་དབྱར་རྩྭ་དགུན་འབུའི་ཚོང་འདུས་དེ་སྤྱི་ལོ་2019ལོའི་ཟླ་7པའི་ཚེས་25ཉིན་ནས་ཟླ་7པའི་ཚེས་30ཉིན་བར་གཟབ་རྒྱས་ངང་གཉེར་སྐྱོང་བྱ་རྒྱུ་ཡིན་ཞིང་།  སྤྱི་ཟླ་7པའི་ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་9:30ཐོག་"འབྲོག་པའི་ཉམས་བཟང་།  འབྲི་རུའི་གཟུགས་བརྙན་"གྱི་འདེམས་སྒྲུག་འགྲན་བསྡུར་བྱེད་སྒོ་དུས་ཐོག་ཏུ་གཉེར་རྒྱུ་ཡིན།   ཐེངས་འདིའི་འབྲོག་པའི་ཉམས་བཟང་།  འབྲི་རུའི་གཟུགས་བརྙན་གྱི་འདེམས་སྒྲུག་འགྲན་བསྡུར་བྱེད་སྒོ་དེ་དྲ་འཕྲིན་འབྲི་རུའི་འཕྲིན་ཕྲན་སྤྱི་དམངས་ཨང་རྟགས་ཐོག་ནས་དཔྱད་འདེམས་དང་ལས་ཡུལ་དངོས་ནས་འདེམས་སྒྲུག་སྐར་རྒྱག་བྱ་རྒྱུ་ཡིན།  འགྲན་བསྡུར་ནང་ཞུགས་མཁན་གྱི་འགྲན་ཞུགས་པ་མི་གྲངས་40དེ་དག་ཤང་གྲོང་རྡལ་ཁག་ནས་བདམ་ཐོན་བྱུང་བའི་ཞིང་འབྲོག་མང་ཚོགས་ཤ་སྟག་ཡིན།

比如县庆祝建县60周年暨比如县第十一届苏毗·娜秀文化旅游艺术节、虫草交易会将于2019年7月25日至7月30日隆重举行!期间,7月26上午9:30分,“牧人风采、比如形象”选拔赛将盛大上演。此次“牧人风采、比如形象”选拔赛,将由网信比如微信公众号线上评比和现场选拔打分两部分组成。参赛选手由各乡镇农牧民群众40名选手参加角逐。

"འབྲོག་པའི་ཉམས་བཟང་།  འབྲི་རུའི་གཟུགས་བརྙན་"འདེམས་སྒྲུག་བྱེད་པའི་ལེ་ཚན་དེ་ནི་སྐབས་རིམ་བྱུང་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་ལྟད་མོ་ཆེ་ཤོས་གྲས་ཤིག་ཡིན།  འདེམས་སྒྲུག་འགྲན་བསྡུར་ཁྲོད་ཤང་གྲོང་རྡལ་ཁག་ནས་ཕེབས་པའི་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་རང་མི་རིགས་ཀྱི་ཁྱད་ལྡན་གཟབ་མཆོར་ལེགས་པར་སྤྲས་ཏེ།  རྩལ་ནུས་ཡོད་རྒུ་འདོན་ནས་ནགས་ཤོད་སྐྱེས་པའི་དཔའ་ཉམས་དང་བུད་མེད་ཀྱི་གཤིས་འཇམ་འགྱུར་མེད་ཀྱི་རྣམ་པ་གང་ལེགས་མངོན་པར་བྱས་ཡོད་ལ།  ནགས་ཤོད་བུ་ཕྲུག་རྣམས་ཀྱི་ཤེས་ཡོན་སྣ་འཛོམས་དང་སྤྲོ་སེམས་འཕེལ་བའི་རྣམ་པ།  དེ་བཞིན་དུས་རབས་གསར་པའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་རྣམས་ཀྱི་ཧུར་བརྩོན་ཡར་ཐོན་དང་།  བདེ་ཐང་ཤེས་དཔལ་གྱི་བསམ་པའི་འཚོལ་སྙིག་ཅིག་གང་ལེགས་མཚོན་པར་བྱས་ཡོད་པ་མ་ཟད་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཞིང་འབྲོག་ཁུལ་གྱི་ལོ་ཆུང་གཞོན་ནུ་ཚོས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་བློ་སྟོབས་དེ་བས་མངོན་པར་བྱས་ཡོད།

“牧人风采、比如形象”选拔项目一直都是艺术节的“重头戏”。选拔中,来自各乡镇的农牧民群众,身着民族特色服饰进行才艺比拼,充分展示娜秀男儿粗犷而又豪迈的情怀以及比如姑娘温柔兼具刚强之意境,充分展现娜秀儿女的多才多艺、热情奔放的一面,充分展现新时代农牧区群众积极向上、健康文明的精神追求,充分更展现在共产党领导下的农牧区青年建设和谐社会的壮志豪情。

གྲོགས་མཆོག་རྣམ་པས་རྩ་ཆེའི་འདེམས་ཤོག་གཅིག་འཕེན་རོགས་གནང་། །

好朋友,准备好了吗?来投出你宝贵的一票吧!


གཤམ་ལ།  དྲ་གྲོགས་རྣམས་ལ་ང་ཚོའི་འགྲན་ཞུགས་པ་རྣམས་ངོ་སྤྲོད་ཞུ་རྒྱུ་ཡིན།

男子组选手简介

བདམས་ཐོན་པ་ཁྱོན་མི་20ཡོད།   རིམ་པ་འདི་ནི་ཤང་གྲོང་བརྡལ་གྱི་ཡར་སྐྱལ་བའི་རིམ་པ་ཡིན་པ་ལས་འཁྲབ་སྟོན་གྱི་གོ་རིམ་མིན།

共20名选手,本排序为乡镇报送顺序,与选手现场出场顺序无关

ལེ་ཚན་སྤྱིའི་རྩོམ་སྒྲིག་འཁྲབ་ཁྲིད་པ།

节目总编导

ཚེ་རིང་སྐྱིད་དབྱངས།   རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་།

次仁吉央    县农业农村局局长


ལེ་ཚན་རྩོམ་སྒྲིག་འཁྲབ་ཁྲིད་པ།

节目编导

རྡོ་རྗེ།    རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ།

多杰   县艺术团演员

འགྲན་ཞུགས་པ་ཨང་དང་པོ།

1号选手

ཟླ་ཐང་ཤང་གཡུག་ནང་གྲོང་ཚོའི་སྐར་མ་བློ་བཟང་།

达塘乡:嘎玛罗桑

ཁོང་ནི་ལོ་25སླེབས་པ་དང། གཟུགས་པོའི་རིང་ཚད་ལ་སྨི་1.79ཡོད། ཁོ་པའི་དགའ་ཁ་འཁྱེར་ཕྱོགས་ནི། གདོད་མའི་གླུ་གར་དང་།རྐང་རྩེད་སྤོ་ལོ་རྒྱག་རྒྱུ་དེ་ཡིན། མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི། བློ་བརྟན་འགྱུར་མེད་ཀྱི་མི་ཞིག་བྱས་ན་གཞི་ནས་མཐའ་མཇུག་གི་རྒྱལ་ཁ་ཐོབ་སྲིད།   དེ་ཡང་སྤོ་ལོ་རྒྱབ་པའི་བརྒྱུད་རིམ་དང་གཅིག་མཚུངས་ཡིན།

达塘乡:嘎玛罗桑,男,25岁,身高1.79米,来自达塘乡优囊村。兴趣爱好:原生态歌舞,踢球。座右铭:球场如人生,只有坚毅不拔的人,才能拿到最后的胜利。

ངས་དུས་རྒྱུན་ཁྱིམ་ལས་བྱེད་རོགས་བྱས་པ་ཕུད། ཁོམ་པ་བྱུང་མ་ཐག་ལུས་སྦྱོང་བྱེད་པར་འགྲོ་གི་ཡོད། གང་ལགས་ཞེ་ན། ཚེ་སྲོག་དེ་ལུས་སྦྱོང་ལ་ཐུག་ཡོད་པས། ངས་བདེ་ཐང་གི་ལུས་སྟོབས་ཞིག་ཡོད་པ་བྱས་ཏེ་རང་ཉིད་ཀྱི་ཁྱིམ་ཚང་སྐྱོང་ཐུབ་པ་བྱ་རྒྱུ་ཡིན།

热爱生活的我,平时除了帮助家里干活之外,还经常参加一些体育锻炼,生命在于运动,我要锻炼出一副健壮的身体,撑起我热爱的家庭。

འགྲན་ཞུགས་པ་ཨང་གཉིས་པ།

2号选手

ཟླ་ཐང་ཤང་རྒྱས་མདོ་གྲོང་ཚོའི་ཚེ་རིང་རིན་ཆེན།

达塘乡:次仁日青

ཁོང་ནི་ལོ་51ཡིན་པ་དང་། གཟུགས་པོའི་རིང་ཚད་སྨི་1.83ཡོད།  རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཁོང་ནི་ཞབས་བྲོ་འཁྲབ་རྒྱུ་དང་།  འབྲོག་གླུ་ལེན་རྒྱུ། ལུས་སྦྱོང་བྱེད་རྒྱུ་བཅས་ལ་ཧ་ཅང་དགའ་པོ་ཡོད་པ་རེད། 

达塘乡:次仁日青,51岁,身高 1.83米,来自达塘乡杰朵村,兴趣爱好:跳舞、牧歌和锻炼身体。

ང་ནི་འབྲོག་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་པ་དང་། འཚོ་བ་ལ་དགའ་ཞེན་དང་།  གཞུང་དྲང་སྤྱོད་བཟང་། དཀའ་སྤྱད་འབད་བརྩོན། སྤྲོ་སྣང་རབ་འཕེལ། བསམ་བློ་ཞིབ་ཚགས། གྲོགས་པོ་འགྲིག་རྒྱུུར་དགའ་བ་བཅས་ནི་ངའི་གཤིས་རྒྱུད་ཡིན། ཆུང་དུས་ནས་རྟ་ཐོག་ཏུ་འཚར་ལོངས་བྱུང་བས་ང་རང་དཔའ་བློ་སྟོབས་ལྡན།  ངའི་རེ་བ་ལ། ཐེངས་འདིའི་འབྲོག་པའི་ཉམས་བཟང་། འབྲི་རུའི་གཟུགས་བརྙན་གྱི་འདེམས་སྒྲུག་བྱེད་སྒོའི་ཁྲོད་གྲུབ་འབྲས་བཟང་པོ་ཐོབ་པ་བྱས་ནས། ཕ་ཡུལ་གྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་ཐུབ་པ་བྱེད་རྒྱུ་དང་བྱང་རྩྭ་ཐང་ཕོ་རྒོད་ཀྱི་རྫིག་ཉམས་དོད་ཤོས་དེ་ཁྱེད་རྣམ་པའི་སྤྱན་ལམ་དུ་འབུལ་ཐུབ་པ་བྱ་རྒྱུ་ཡིན། ལྷན་རྒྱས་ནས་གུས་པར་འདེམས་ཤོག་འཕེན་རོགས་གནང་།

我出生在一个普通的游牧家庭中,热爱生活,个性活泼开朗、正直,刻苦勤奋、思维缜密,喜欢交朋友,有着良好的沟通协调能力,因为从小在马背上长大,我勇敢、英勇,我希望在此次牧人风采选秀中能够获得好的成绩,为我的家乡争光,让观众朋友一睹来自达塘草原汉子的风采。

འགྲན་ཞུགས་པ་གསུམ་པ།

3号选手

ཤག་ཆུ་གྲོང་རྡལ་ཝ་ཐང་གྲོང་ཚོའི་སྐལ་བཟང་བདེ་ཆེན།

夏曲镇:格桑塔曲

ཁོ་པ་ནི་ལོ་28ཡིན་པ་དང་། གཟུགས་པོའི་རིང་ཚད་སྨི་1.83ཡོད། ཁོང་གི་དགའ་ཁ་འཁྱེར་ཕྱོགས་ནི། གླུ་ལེན་གར་འཁྲབ་དང་སྟེགས་གྲུག་རྒྱག་རྒྱུ་དེ་ཡིན། མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི། མི་ཞིག་ལ་ལྟ་བའི་དུས་ཕྱི་ཚུལ་གྱི་རྣམ་པ་དང་ནང་ཁོངས་ཀྱི་ཤེས་ཡོན་གཉིས་ཀར་ལྟ་དགོས་པ་མ་ཟད་མི་དེའི་གཤིས་ཀ་དང་། བྱམས་སེམས།   སྤྱོད་ཚུལ་བཅས་ལ་ངེས་པར་དུ་ལྟ་དགོས་ཞེས་པ་དེ་རེད། 

夏曲镇:格桑塔曲,男,28岁,身高1.83米,来自夏曲镇瓦塘村。兴趣爱好:唱歌、跳舞、打台球。座右铭:欣赏一个人,始于颜值,敬于才华,合于性格,久于善良,终于人品。

ང་ལ་ལྷིང་འཇགས་ཀྱི་གཤིས་ཀ་ཞིག་ཡོད། དེས་ན་བྱ་བ་ཅི་ཞིག་འཕྲད་རུང་གཞན་དང་མི་འདྲ་བའི་ལྟ་སྟངས་ཤིག་དང་ཐག་གཅོད་བྱ་ཐབས་ཤིག་ཡོད་པ་ནི་ངའི་དགེ་མཚན་ཡིན། སླད་ཕྱིན་གྱི་མི་ཚེའི་ལམ་བུའི་ཁྲོད་ངས་དམར་ཆུང་སེམས་པའི་དབུས་སུ་ཕུན་སུམ་ཚོགས་པའི་སེམས་ཁམས་ཀྱི་འཇིག་རྟེན་ཞིག་མུ་མཐུད་ནས་བསྐྲུན་ཐུབ་པ་བྱས་ཏེ་བདེ་སྐྱིད་དང་།   བག་ཡོད་ཚུལ་ལྡན། རེ་བ་བཅས་ཀྱི་ཕྱུག་པའི་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་མ་ཟད་ཚེ་གང་འབད་བརྩོན་དང་བློ་བརྟན་འགྱུར་མེད་ཀྱི་དད་སེམས་བཅངས་ནས། རང་གིས་རང་ལ་བཏིང་པའི་ཕུགས་བསམ་དང་འཆར་འགོད། དམིགས་ཚད་ཚང་མ་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན། དེའི་ཐད་ངས་རང་ཉིད་ལ་ཡིད་ཆེས་ཆེན་པོ་ཡོད།

有着安静的性格,对待事物拥有独特的见解与看法,并且能够在内心构筑出一个完整丰富的心理世界。就是这样一个我。我心甘情愿过着平凡日子,一种循规蹈矩的生活。做一个普普通通的人,但也给自我的人生布下宏伟的规划,并且朝着正确的方向坚持不懈为之奋斗,我相信,只要有着足够坚定的意志,梦想就必须能够实现!

འགྲན་ཞུགས་པ་ཨང་བཞི་པ།

4号选手

ཤག་ཆུ་གྲོང་རྡལ་སྒལ་སྣེ་གྲོང་ཚོའི་བསོད་བསྟན།

夏曲镇:扎西桑珠

ཁོང་ནི་སྤྱི་ལོ་1999ལོར་སྐྱེས་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་1.83ཡོད།  ཁོ་པའི་དགའ་ཁ་འཁྱེར་ཕྱོགས་ནི། གླུ་གཞས་ལེན་རྒྱུ་དང་ཞབས་བྲོ་འཁྲབ་རྒྱུ། དཔེ་དེབ་ལྟ་རྒྱུ་བཅས་ཡིན། མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི། དུས་ཚོད་ལ་དམ་འཛིན་དང་གོ་སྐབས་ལ་གཅེས་འཛིན་བྱེད་དགོས་ཞེས་པ་དེ་རེད།

夏曲镇:扎西桑珠,男,20岁,身高1.83米,来自夏曲镇改乃村。兴趣爱好:唱歌、跳舞、看书。座右铭:一万年太久,只争朝夕。

ང་ནི་རང་གིས་རང་ལ་འགྲན་སློང་བྱ་རྒྱུར་དགའ་པོ་ཡོད། དེ་བས་ཀྱང་འཇོན་ཐང་ཅན་གྱི་ཁྲོད་ནས་རང་ཉིད་ཀྱི་རིན་ཐང་མངོན་ཐུབ་པ་བྱ་རྒྱུ་དང་གནས་ས་འཚོལ་སྙེག་ཐུབ་པ་བྱ་རྒྱུར་ཧ་ཅང་དགའ། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ང་ལ་རྒྱལ་ཕམ་ཅི་འདྲ་ཞིག་བྱུང་རུང་ཚང་མ་ཕྱིས་འབྱུང་དེ་བས་ཆེ་བའི་གྲུབ་འབྲས་ཐོབ་པ་བྱ་རྒྱུའི་འགུལ་ཤུགས་གསར་པ་ཞིག་ཏུ་བརྩིས་ཀྱི་ཡོད། དེ་སྔོན་ངས་ལྟ་མྱོང་བའི་དེབ་ཞིག་གི་ནང་དུ་མི་ཚང་མར་གོ་སྐབས་འདྲ་འདྲ་ཡོད་པ་རེད། འོན་ཀྱང་དུས་ཚོད་ལ་དམ་འཛིན་དང་གོ་སྐབས་ལ་གཅེས་འཛིན་བྱེད་མི་ཤེས་ཚེ་ཕམ་ཉེས་འགྲོ་བ་ལས་རྒྱལ་ཁ་རྩ་བ་ནས་ཐོབ་མི་སྲིད། དེར་རྟེན་ངེས་པར་དུ་གྲ་སྒྲིག་ཨང་གསར་བྱས་ནས་རང་གིས་རང་ལ་བདམས་པའི་དམིགས་ཡུལ་དང་ཕུགས་བསམ་གྱི་ཆེད་དུ་འབད་བརྩོན་བྱས་ན་གཞི་ནས་ཁྱེད་ཀྱི་འཚོ་བར་སྤྲོ་སྣང་གིས་ཕྱུག་བཞིན་མཆིས་ཞེས་བཀོད་འདུག 

我喜欢挑战自我,喜欢在强手之中找到自我的位置,如果胜利我会嫣然一笑,如果失败我会得到更大的动力,争取更大的成功。我看过一本书,书上说:机遇对每个人都是平等的。但成功只给有准备的人。而这个准备,就是一个自我提高、自我完善的过程。只要为自我选取的目标去奋斗了,你的生活就会充满快乐。

འགྲན་ཞུགས་པ་ཨང་ལྔ་པ།

5号选手

པད་དཀར་ཤང་སླེ་བ་གྲོང་ཚོའི་ཚེ་རིང་དབང་རྒྱལ།

白嘎乡:次仁旺杰

ཁོང་ནི་ལོ་31ཡིན་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.83ཡོད།  ཁོ་པའི་དགའ་ཁ་འཁྱེར་ཕྱོགས་ནི། གླུ་ལེན་གར་འཁྲབ་དང་ལུས་སྦྱོང་བྱ་རྒྱུ་དེ་ཡིན། མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི། དཀའ་ངལ་འཕྲད་སྐབས་ཁྱད་བསད་བྱེད་དགོས་པ་ལས་ཕྱིར་བཤོལ་རྩ་བ་ནས་བྱེད་མི་རུང་། གང་ལགས་ཞེ་ན་དཀའ་ངལ་ལས་ཐབས་ཤེས་མང་བས་སོ། གང་ལྟར་རྒྱལ་ཁ་ཐོབ་ན་ཡག་ཤོས་ཡིན་པ་དང་ཕམ་ཉེས་བྱུང་ཡང་སྐྲག་དགོས་དོན་མེད།  ཉམས་མྱོང་ཞིག་ཏུ་བརྩིས་ནས་མུ་མཐུད་ནས་མདུན་སྐྱོད་བྱས་ཏེ་རང་ཉིད་ཀྱི་ཕུགས་བསམ་དང་དད་སེམས་ཀྱི་ཆེད་དུ་ཐམས་ཅད་ལས་རྣམ་པར་རྒྱལ་ཐུབ་བྱེད་དགོས་ཞེས་པ་དེ་རེད། 

白嘎乡:次仁旺杰,男,31岁,身高:1.83米,来自白嘎乡列瓦村。兴趣爱好:唱歌、跳舞、运动。座右铭:遇到困难时不能退缩,要去克服,办法总比困难多,失败了又怎样?跌倒了又如何?爬起来,继续向前跑,不要因为困难而放弃理想和追求。

རྫིག་ཉམས་དོད་ལ་དཔའ་ཉམས་ལྡན་པའི་ཕོ་རབ་དེ་ལ་མི་འགྱུར་རྡོ་རྗེ་བྲག་ལྟ་བུའི་དད་སེམས་ཞིག་ཡོད། དཀའ་ངལ་གྱི་མདུན་དུ་ཕྱིར་བཤོལ་མི་བྱེད་པ་དང་། གྲུབ་འབྲས་ཀྱི་མདུན་དུ་ཁེངས་དྲེགས་མི་བྱེད་པ། ཕམ་ཉེས་ཀྱི་མདུན་དུ་དཔའ་མི་ཞུམ་པའི་ཚེ་རིང་དབང་ཆེན་ནི་པད་དཀར་ཤང་སླེ་བ་གྲོང་ཚོའི་གྲོང་མི་ཡོངས་ཀྱི་མིག་དཔེ་ཡིན།

帅气而勇敢的他,充满着坚定的信念,在困难面前不退缩,在成功面前不骄傲,是白嘎乡列瓦村全村人的好榜样。

འགྲན་ཞུགས་པ་ཨང་དྲུག་པ།

6号选手

པད་དཀར་ཤང་སིལ་མདའ་གྲོང་ཚོའི་བཀྲ་རྒྱལ།

白嘎乡:扎加

ཁོ་པ་ནི་ལོ་29ཡིན་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་1.84ཡོད།  དུས་རྒྱུན་རི་མོ་འབྲི་རྒྱུ་དང་། ཞབས་བྲོ་འཁྲབ་རྒྱུ། རོལ་དབྱངས་ཉན་རྒྱུ་བཅས་ལ་དགའ་པོ་ཡོད།  མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།   ཕུགས་བསམ་མེད་ན་མི་ཚེ་སྟོང་ཟད་རེད་ཅེས་པ་དེ་ཡིན། 

白嘎乡:扎加,男,29岁,身高1.84米,来自白嘎乡斯达村,兴趣爱好:画画、跳舞、听音乐。座右铭:胸无大志、枉活一生。

སྤྲོ་སྣང་ལྡན་ཞིང་ཡར་ཐོན་གྱི་བསམ་བློ་ཆེ་བའི་བཀྲ་རྒྱལ་ལ་ཡིད་ཆེས་ཀྱིས་ཕྱུག་བཞིན་མཆིས། ཁོ་པས་རང་ཉིད་ཀྱི་བྱམས་སེམས་ལ་བརྟེན་ནས་ཉེ་འཁོར་གྱི་མི་ཚང་མར་དྲོ་སྐྱིད་སྦྱིན་པ་དང་། བརྗིད་ཉམས་ལྡན་པའི་ལུས་ཕུང་ལས་ཁོ་པའི་གཞུང་དྲང་དང་ཡངས་ཞིང་རྒྱ་ཆེ་བའི་ཁོག་རྒྱ་མངོན་པར་བྱས་ཡོད། 

乐观向上的他充满自信,善良的他感动身边每一个人,魁梧强健的体魄给人一种刚正不阿的感觉。

འགྲན་ཞུགས་པ་ཨང་བདུན་པ།

7号选手

བརླན་ཆུ་ཤང་སྐྱི་རུ་གྲོང་ཚོའི་ཚེ་རིང་རྒྱལ་མཚན།

良曲乡:次仁加才

ཁོང་ནི་ད་ལོ་ལོ19ལ་སླེབས་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་1.79ཡོད། ཁོ་པའི་དགའ་ཁ་འཁྱེར་ཕྱོགས་ནི། ལག་རྩེད་སྤོ་ལོ་དང་། རྐང་རྩེད་སྤོ་ལོ། རོལ་དབྱངས་ཉན་རྒྱུ་བཅས་ཡིན། མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི། ཡ་རབས་ཚུལ་ལྡན་དང་ཁ་དན་ཚིག་གནས་ཀྱི་མི་ཞིག་བྱ་རྒྱུ་དང་། འཆམ་མཐུན་གཞུང་དྲང་སྒོ་ནས་བྱ་བ་བསྒྲུབ་དགོས་ཞེས་པ་དེ་རེད།

良曲乡:次仁加才,男,19岁,身高1.79米,来自良曲乡吉日村,兴趣爱好:篮球、足球,音乐。座右铭:文明诚信做人,和谐公正做事。

ཁས་ལེན་བྱས་ཟིན་པའི་བྱ་བ་ཡིན་ཕྱིན་རང་ཉིད་ལ་གྱོང་རག་པ་ཡིན་ཡང་དེ་མ་ཉིད་དུ་སྒྲུབ་དགོས། དེ་ནི་ང་བུ་ཆུང་ཚེ་རིང་རྒྱལ་མཚན་གྱི་ལས་ཀ་བྱེད་སྟངས་ཤིག་ཡིན། ཨ་ཅང་བརྗོད་སྨྲོས། ཕ་མར་བསྙེན་བཀུར་ཞུ་རྒྱུ་དང་གྲོང་པ་ཁྱིམ་མཚེས་ལ་འཆམ་མཐུན་བྱ་རྒྱུ་ནི་ངས་འཁུར་དགོས་པའི་འགན་འཁྲི་ཡིན། ལྷན་རྒྱས་ཀྱིས་ང་ཐུགས་ལ་བཞག་རོགས་གནང་། ང་ནི་ལུས་སྦྱོང་ལ་དགའ་བ་དང་གླུ་དབྱངས་ལ་དགའ་བ། དེ་བས་ཀྱང་མཛེས་སྡུག་ལྡན་པའི་ཕ་ཡུལ་ནགས་ཤོད་འབྲི་རུར་དགའ་ཞེན་ཆེ་བའི་ཚེ་རིང་རྒྱལ་མཚན་ཡིན། 

答应的事情,哪怕自己吃亏也要第一时间去完成。我孝敬父母,邻里和睦,爱运动,爱音乐,爱我娜秀比如美丽大家庭的一切。

འགྲན་ཞུགས་པ་ཨང་བརྒྱད་པ།

8号选手

བརླན་ཆུ་ཤང་བཀྲ་བཟང་གྲོང་ཚོའི་ཚེ་རིང་རྡོ་རྗེ།

良曲乡:次仁多加

ཁོང་ནི་སྤྱི་ལོ་1994ལོར་སྐྱེས་པ་དང་། གཟུགས་པོའི་རིང་ཚད་སྨི་1.78ཡོད། ཁོ་པའི་དགའ་ཁ་འཁྱེར་ཕྱོགས་ནི། ལག་རྩེད་སྤོ་ལོ་རྒྱག་རྒྱུ་དང་། རོལ་དབྱངས་ཉན་རྒྱུ། དཔེ་དེབ་བལྟ་རྒྱུབཅས་ཡིན། མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི། གྲོང་ཚོར་མཐུན་སྒྲིལ་ལྡན་ན་སྟོབས་ཤུགས་ཆེ། ཁྱིམ་ཚང་འཆམ་མཐུན་བྱུང་ན་བདེ་སྐྱིད་ལྡན་ཞེས་པ་དེ་རེད། 

良曲乡:次仁多加,男,25岁,身高1.78米,来自良曲乡扎桑村,兴趣爱好:篮球,音乐,看书。座右铭:村子团结力量大,家庭团结幸福多。

དཀའ་སྤྱད་ལས་བརྩོན་དང་། ཁྱིམ་ཚང་ལ་དགའ་ཞེན། གཞན་ཕན་སྒྲུབ་རྒྱུར་དགའ་བ་བཅས་ནི་བུ་ཆུང་ངའི་གཤིས་རྒྱུད་ཡིན། དུས་རྒྱུན་གྱི་འཚོ་བའི་ཁྲོད་ངས་གྲོང་ཚོའི་ནང་གཉེར་བའི་བྱེད་སྒོ་སྣ་ཚོགས་ལ་ཞུགས་པ་དང་།  གྲོང་ཚོའི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འགོད་ཧུར་ཐག་བྱེད་ཀྱི་ཡོད། ང་ནི་གྲོང་ཚོའི་ཆ་ཤས་ཤིག་ཡིན་པས་ངས་ཕ་ཡུལ་གྱི་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་པ་བྱ་རྒྱུ་ཡིན།

我勤劳肯干,我爱我的家庭。经常参与村内的各种活动,与人为善,乐于助人,经常为村里的发展出谋划策,我是村内的一份子,我要为家乡做更大的贡献。

འགྲན་ཞུགས་པ་ཨང་དགུ་པ།

9号选手

གཤམ་ཆུ་ཤང་བར་ལྷས་གྲོང་ཚོའི་ངག་དབང་བཟང་པོ།

香曲乡:阿旺桑布

ཁོང་ད་ལོ་ལོ་28ལ་སླེབས་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་1.78ཡོད།  ཁོ་པའི་དགའ་ཁ་འཁྱེར་ཕྱོགས་ནི། གླུ་གཞས་ལེན་རྒྱུ་དང་། ཞབས་བྲོ་འཁྲབ་རྒྱུ། རྐང་རྩེད་སྤོ་ལོ་རྒྱག་རྒྱུ། འཁྲབ་སྟོན་བྱེད་རྒྱུ་བཅས་ཡིན།  མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  མིའི་འཇོན་ཐང་དེ་ཕྱིའི་གནོན་ཤུགས་འོག་གཞི་ནས་མངོན་ཐུབ་ཞེས་པ་དེ་རེད།

香曲乡:阿旺桑布,男,28岁,身高1.78米,来自香曲乡帕勒村。兴趣爱好:唱歌、跳舞、踢球、表演。座右铭: 人的才华就如海绵的水,没有外力的挤压,它是绝对流不出来的。

རང་གིས་རང་ལ་འགྲན་སློང་བྱེད་རྒྱུར་དགའ་བའི་ངག་དབང་བཟང་པོར། སྤྲོ་སྣང་ལྡན་ཞིང་ཁོག་ཡངས་ཀྱི་གཤིས་ཀ་ཡག་པོ་ཞིག་ཡོད་པས་གྲོང་མི་ཚང་མས་ཁོང་དང་གཤིབ་འདོད་ཆེན་པོ་བྱེད་ཡོད་ལ། དཀའ་ངལ་འཕྲད་སྐབས་ཁོ་པར་ཞུམ་མེད་མདུན་སྐྱོད་ཀྱི་སྙིང་སྟོབས་ཤིག་ཡོད་པས་མི་ཚང་མས་ཕོ་རབ་རེད་འདུག་ཅེས་བཤད་ཀྱི་ཡོད།   ཨ་ཅང་ཅང་། ཕ་མར་བསྙེན་བཀུར་ཞུ་རྒྱུ་དང་།   ཁྱིམ་མཚེས་ལ་འཆམ་མཐུན་བྱ་རྒྱུ། གྲོང་མིར་རོགས་རམ་བྱེད་རྒྱུ་བཅས་ཀྱི་ཐད་ལ་ཁོ་པ་གྲོང་ཚོའི་ནང་མི་དཔེ་ཞིག་ཏུ་འགྱུར་ཡོད།  

喜欢挑战自我的阿旺桑布,性格开朗,平易近人,面对挫折时坚韧不拔,往往能战胜困难。他孝敬父母,团结邻里,是村里助人为乐的“老好人”。

འགྲན་ཞུགས་པ་ཨང་བཅུ་པ།

10号选手

གཤམ་ཆུ་ཤང་གསེར་གཞོང་གྲོང་ཚོའི་རྣམ་རྒྱལ་དབང་གྲགས།

香曲乡:南加旺扎

ཁོང་ད་ལོ་ལོ་39ལ་སླེབས་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་1.76ཡོད།  ཁོ་པའི་དགའ་ཁ་འཁྱེར་ཕྱོགས་ནི། ཞབས་བྲོ་འཁྲབ་རྒྱུ་དང་། ངོམ་སྟོན།  སྒྲ་སྙན་དཀྲོལ་རྒྱུ།   གླིང་བུ་གཏོང་རྒྱུ་བཅས་ཡིན།  ཁོང་གི་མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི། ཕུགས་བསམ་ཡོད་པ་ནི་བློ་རིག་ཙམ་ཡིན་པ་དང་།  ཕུགས་བསམ་མངོན་འགྱུར་བྱེད་པ་ནི་འཇོན་ཐང་ཞིག་ཡིན་ཞེས་པ་དེ་རེད།

香曲乡:南加旺扎,男,39岁,身高1.76米,来自香曲乡色雄村。兴趣爱好:跳舞、走秀、弹琴、吹笛子。座右铭: 拥有梦想只是一种智力,实现梦想才是一种能力。

ཤེས་ཡོན་སྣ་འཛོམས་ཀྱི་རྣམ་རྒྱལ་དབང་གྲགས་ནི། གྲུང་ཤ་དོད་ལ་ཕ་མར་བསྙེན་བཀུར་ཆེ་བ་དང་། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་མ་ཟད་གྲོགས་པོ་སྒྲིག་རྒྱུར་ཧ་ཅང་དགའ་པོ་ཡོད། དུས་རྒྱུན་ཁོམ་པ་བྱུང་མ་ཐག་ཁོ་པས་རོལ་ཆ་དཀྲོལ་གཏོང་བྱས་ནས་སེམས་ཁོངས་ཀྱི་དགའ་སྣང་མཚོན་པར་བྱེད་ཀྱི་ཡོད་པ་རེད། ཁོང་ནི་གར་འཁྲབ་པ་ཞིག་ཡིན། ཁོང་གི་བྲོ་གར་སྟངས་སྟབས་ལས་ཞུམ་མེད་ཀྱི་སྙིང་སྟོབས་མཚོན་པ་དང་། ཁོང་ནི་རོལ་མོ་མཁས་ཅན་ཞིག་ཡིན། ཁོང་གི་སྙན་འཇེབས་ལྡན་པའི་རོལ་མོའི་སྒྲ་དབྱངས་ལས་འཚོ་བར་བཅངས་པའི་སྤྲོ་སྣང་མཚོན་པར་བྱས་ཡོད། མདོར་ན། ཁོང་གིས་རང་ཉིད་ཀྱི་རྩལ་ནུས་ཡོད་ཚད་འདོན་སྤེལ་བྱས་ནས་གཤམ་ཆུའི་སྔོ་བསངས་ཀྱི་ནམ་མཁའ་དང་ནགས་ཤོད་འབྲི་རུའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིར་བསྟོད་པ་འབུལ་ཡོད།

多才多艺的他,性格活泼,孝敬父母,勤劳勇敢,喜欢交朋友,每天闲时就弹弹琴,吹吹笛子,暮色怡人,让思绪飞扬。他是一名舞者,舞姿豪迈而不失优雅;他是一名乐者,将淡淡的忧伤在美妙的乐器声中驱散。他爱香曲的蓝天白云,他热衷于娜秀比如大地的十里芳华。

འགྲན་ཞུགས་པ་ཨང་བཅུ་གཅིག

11号选手

ཆགས་རྩེ་ཤང་གོང་མ་མདོ་གྲོང་ཚོའི་ཀུན་ཁྱབ་རབ་གསལ།

恰则乡:贡巧热萨

ཁོང་ད་ལོ་ལོ་29ལ་སླེབས་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་1.82ཡོད།  ཁོ་པའི་དགའ་ཁ་འཁྱེར་ཕྱོགས་ནི། ཞབས་བྲོ་འཁྲབ་རྒྱུ་དང་། རྟ་འཁྱེར་རྒྱུ། རྡོ་འགྱོགས་རྒྱུ་བཅས་ཡིན།  མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི། རྟ་ཕོར་རྒྱུགས་ཤེད་ལྡན་ན། བྱང་ཐང་སྟོང་པར་ལུས་མི་སྲིད་ཅེས་པ་དེ་རེད།

恰则乡:贡巧热萨,男,29岁,身高:1.82米,来自恰则乡孔玛夺村。兴趣爱好:跳舞、骑马、抱石头。座右铭:只要有斗志,不怕没战场。

ཁོང་ནི་སྦྱོང་བརྡར་བྱེད་རྒྱུར་དགའ་བ་དང་། དུས་རྒྱུན་ནགས་ཤོད་འབྲི་རུའི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ནང་ཞུགས་རྒྱུར་དགའ་དད་ཆེན་པོ་ཡོད། མུ་མཐའ་མེད་པའི་བྱང་རྩྭ་ཐང་ཐོག་ཅང་ཤེས་རྟ་ཕོ་འཁྱེར་དུས་ཁོ་པའི་སེམས་སུ་གེ་སར་རྒྱལ་པོའི་དུས་རབས་ཀྱི་གཟི་རྔམ་ལྡན་པའི་རྟ་དམག་ཚོས་ཕྱོགས་བཞི་དབང་དུ་བསྡུ་བ་དང་གཉིས་སུ་མ་མཆིས། རྡོ་འགྱོགས་ནི་མེས་པོས་བཞག་པའི་མཆོག་ནོར་ཞིག་ཡིན། ཁོ་པས་སྦྱོང་བརྡར་ལ་རྟེན་ནས་དེ་སྔོན་གྱི་གྲུབ་འབྲས་ལས་ཚད་བརྒལ་ཐུབ་སྐབས་སེམས་ནང་དགའ་ཚོར་ཆེན་པོ་སྐྱེས་ཀྱི་ཡོད་པ་རེད། འཚོ་བའི་ཁྲོད་ཁོ་པས་རང་ཉིད་ཀྱི་ལག་ལ་བརྟེན་ནས་ཁྱིམ་ཚང་སྐྱོང་བ་དང་དགའ་ཉེ་སྤུན་མཆེད་ལ་གཅེས་སྐྱོང་བྱེད་ཀྱི་ཡོད་སྟབས་མིང་དོན་མཚུངས་པའི་བུ་བཟང་ཞིག་དང་གྲོགས་བཟང་ཞིག་ཡིན། 

他热爱锻炼,热衷娜秀比如的传统体育项目,骑在高大威猛的马背上,仿佛回到了格萨尔王时代的威武骑士般,驰骋草原,独揽四方。抱石头是祖传的能力,每次凭自己的练习超越之前的重量,都甚是惊喜自得。在生活中,他热爱自己的家乡,善待身边的亲人和朋友,是典型的孝子益友。

འགྲན་ཞུགས་པ་ཨང་བཅུ་གཉིས

12号选手

ཆགས་རྩེ་ཤང་ཚྭ་ལུང་མདོ་གྲོང་ཚོའི་ཚེ་རྒྱལ།

恰则乡:次杰

ཁོང་ནི་ལོ་36ཡིན་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་1.78ཡོད།  ཁོ་པའི་དགའ་ཁ་འཁྱེར་ཕྱོགས་ནི། གླུ་གཞས་ལེན་རྒྱུ་དང་ཞབས་བྲོ་འཁྲབ་རྒྱུ། རྟ་འཁྱེར་རྒྱུ། རྡོ་འགྱོགས་རྒྱུ་བཅས་ཡིན།  མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  རང་གི་རང་ལ་ཐེ་ཚོམ་སྐྱེས་ན་འཇོན་ནུས་འདོན་སྤེལ་བྱེད་མི་ཐུབ། བྱས་ཙང་འགྱུར་མེད་ཀྱི་དད་སེམས་བཅངས་ནས་མདུན་སྐྱོད་བྱེད་དགོས་ཞེས་པ་དེ་རེད།

恰则乡:次杰,男,36岁,身高1.78米,来自恰则乡擦隆夺村。兴趣爱好:唱歌跳舞、骑马、抱石头。座右铭:怀疑只会抑制能力,坚定信念勇往直前才是正道。

ཚེ་རྒྱལ་གྱི་གཟུགས་པོའི་ལྗིད་ཚད་ལ་རྒྱ་མ་174ཡོད། དེའི་ཐོག་ནས་ཁོ་པ་ནི་གཟུགས་སྟོབས་ཆེ་བའི་སྐྱེས་པ་ཞིག་ཡིན་པ་ར་སྤྲོད་ཐུབ་ཀྱི་ཡོད། དུས་རྒྱུན་གྱི་འཚོ་བའི་ཁྲོད་ཁོང་ནི་བསམ་བློ་ཞིབ་ཚགས་པ་དང་། དགའ་ཉེ་སྤུན་མཆེད་ལ་བྱམས་པ། གཞན་དང་མཐུན་སྒྲིལ་ཆེ་བའི་མི་ཞིག་ཡིན། ཁོང་གིས་མི་གཞན་ལ་སློབ་གསོ་རྒྱབ་སྐབས་རྟག་ཏུ་འགྲིག་པའི་ལས་བྱེད་དགོས་པ་དང་གཞུང་དྲང་གི་མི་ཞིག་བྱེད་དགོས། དེ་ལྟར་བྱས་ན་ཚེ་གང་གནོང་འགྱོད་ཡོང་མི་སྲིད་ཞེས་ཡང་ཡང་བཤད་ཀྱི་ཡོད།  ཁོང་ནི་ཆགས་རྩེ་ཤང་གི་རྟ་རྩལ་པ་ཞིག་ཡིན་ལ་རྡོ་འགྱོགས་གྱད་མི་ཚེ་རྒྱལ་ཡིན། 

体重174斤的他,威武雄壮,但思维缜密,他善待亲朋,他与人为善。只要认定的事情,就义无反顾地去为之奋斗。他经常说,做对的事儿,做正直的人,才不会后悔。他是恰则乡的骑手,也是恰则乡抱石头的大力士。

འགྲན་ཞུགས་པ་ཨང་བཅུ་གསུམ།

13号选手

རྩ་ལ་ཤང་རྩ་ལ་གྲོང་ཚོའི་དཔའ་རྒྱལ།

扎拉乡:巴杰

ཁོ་པ་ནི་སྤྱི་ལོ་1996ལོར་སྐྱེས་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་1.87ཡོད།  ཁོང་གི་དགའ་ཁ་འཁྱེར་ཕྱོགས་ནི། ཞབས་བྲོ་འཁྲབ་རྒྱུ་དང་། རོལ་དབྱངས་ཉན་རྒྱུ། རྐང་རྩེད་སྤོ་ལོ་རྒྱག་རྒྱུ་བཅས་ཡིན། མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  ཐེངས་རེ་རེའི་རྨ་ཁ་དེས་རང་ཉིད་འཚར་ལོངས་ཡོང་བར་སྐུལ་མ་བཏང་བ་དང་། ཐེངས་རེ་རེའི་ཕམ་ཉེས་དེས་རང་ཉིད་ལ་དེ་བས་མང་བའི་ཉམས་མྱོང་གསོག་འཇོག་བྱེད་ཐུབ་ཞེས་པ་དེ་རེད། 

扎拉乡:巴杰,男,23岁,身高1.87米,来自扎拉乡扎拉村。兴趣爱好:跳舞、听音乐、踢足球。座右铭:每一次创伤都能促使自己成长,每一次失去都能给自己心灵上带来收获。

ཁོང་ནི་བསྟན་བཤིག་ཚ་བ་དང་ཧ་ཅང་བྲོད་པོ་ཡོད་པའི་ནགས་ཤོད་ཀྱི་ཕོ་གསར་ཞིག་ཡིན། དུས་རྒྱུན་གྱི་འཚོ་བའི་ཁྲོད་གཏམ་གླེང་བྱེད་སྐབས་ག་དུས་ཡིན་ཡང་མི་གཞན་ལ་སྤྲོ་སྣང་སྦྱིན་ཐུབ་ཀྱི་ཡོད། ད་ཐེངས་ཁོ་པས་གར་སྟེགས་འདི་བེད་སྤྱད་ནས་འབྲོག་པའི་ཕོ་གསར་གྱི་ཉམས་འགྱུར་ཡོངས་སུ་ངོམས་པར་བྱས་ཏེ་ལྷན་རྒྱས་ལ་བག་ཆགས་ཟབ་མོ་ཞིག་བཞག་རྒྱུ་ཡིན་པས་ཚང་མས་འདེམས་ཤོག་འཕེན་རོགས་གནང་།

巴杰是一个风趣幽默、英姿飒爽、性格活泼的一个娜秀汉子。说话也是别具一格,说一句能逗乐一群人,喜欢舞台,喜欢舞台上优雅的舞步,希望自己能变成舞台上的主角。

འགྲན་ཞུགས་པ་ཨང་བཅུ་བཞི།

14号选手

རྩ་ལ་ཤང་རྔ་ཤུག་གྲོང་ཚོའི་ཀུན་རེ།

扎拉乡:贡热

ཁོང་ནི་ལོ་29ཡིན་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་1.79ཡོད། ཁོ་པའི་དགའ་ཁ་འཁྱེར་ཕྱོགས་ནི། གླུ་ལེན་གར་འཁྲབ་དང་། རོལ་དབྱངས་ཉན་རྒྱུ། དཔེ་དེབ་ལྟ་རྒྱུ་བཅས་ཡིན། མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི། དཔེ་དེབ་ཀྱིས་མིའི་བསམ་བློ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རོལ་དབྱངས་ཀྱིས་ངའི་སེམས་ཁམས་ལ་སྤྲོ་སྣང་སྦྱིན་ཐུབ་ཞེས་པ་དེ་རེད། 

扎拉乡:贡热,男,29岁,身高1.79米,来自扎拉乡昂秀村。兴趣爱好:唱歌、跳舞、听音乐、看书。座右铭:书能使人宁静并赋予丰富的内涵、音乐使我灵魂升华。

ཁོང་ནི་གླུ་ལེན་གར་འཁྲབ་ལ་དགའ་བས་དེའི་ཐོག་ནས་སྣང་བ་སྐྱིད་ལ་སྤྲོ་སྣང་ལྡན་པའི་རྩ་ལའི་ཕོ་གསར་ཞིག་ཡིན་པ་ར་སྤྲོད་ཐུབ་ཀྱི་ཡོད། གྲོང་ཚོ་དང་ཤང་ནང་བྱེད་སྒོ་ཅི་འདྲ་ཞིག་སྤེལ་རུང་ཁོ་པས་རང་སོའི་བྲོ་གར་གྱི་སྟངས་སྟབས་ལ་བརྟེན་ནས་གར་སྟེགས་ཐོག་ཉམས་འགྱུར་ཡོད་རྒུ་འདོན་ཏེ་མི་རྣམས་ཀྱི་ཡིད་དབང་འཕྲོག་པ་བྱེད་ཀྱི་ཡོད། ཁོང་གིས་ བཤད་དོན། གར་སྟེགས་ཐོག་འཁྲབ་སྟོན་བྱེད་ཐེངས་རེར་རང་ཉིད་ལ་མྱོང་ཚོར་མི་འདྲ་བ་ཞིག་དང་བརྗོད་དུ་མི་ལང་བའི་སྤྲོ་སྣང་ཞིག་སྦྱིན་ཐུབ་ཀྱི་འདུག  ང་ནམ་ཡང་འཁྲབ་སྟོན་བྱེད་རྒྱུར་དགའ།

贡热是一个开朗活泼的扎拉汉子,喜欢唱歌跳舞,喜欢参加村里、乡里的各项活动。每次参加集体舞蹈活动,他优雅豪迈的舞姿都是舞台的焦点。他经常说,每一次在舞台上的表演,都能使他更加独特地放飞自我。

འགྲན་ཞུགས་པ་ཨང་བཅོ་ལྔ།

15号选手

གཡང་ཤོད་ཤང་བསུ་གཞུང་གྲོང་ཚོའི་ཕུན་ཚོགས་ཡེ་ཤེས།

羊秀乡:平措益西

ཁོང་ད་ལོ་ལོ་30ལ་སླེབས་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་1.87ཡོད།  ཁོ་པའི་དགའ་ཁ་འཁྱེར་ཕྱོགས་ནི། གླུ་གཞས་ལེན་རྒྱུ་དང་། ཞབས་བྲོ་འཁྲབ་རྒྱུ་ཡིན།  མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི། མེས་པོས་ང་ཚོར་བཞག་པའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་ང་ཚོའི་དོར་ཐབས་མེད་པའི་འགན་འཁྲི་ཡིན་ཞེས་པ་དེ་རེད།

羊秀乡:平措益西,男,30岁,身高:1.87米,来自羊秀乡索雄村。兴趣爱好:喜欢唱歌跳舞,座右名:继承和发扬祖辈们传承下来的非物质文化遗产,是你我的责任。

ང་རང་ལ་གླུ་ལེན་རྒྱུར་ཧ་ཅང་དགའ་པོ་ཡོད། དབྱར་རྩྭ་དགུན་འབུ་སྔོག་འཐུའི་རིང་དང་ཕྱུགས་འཚོ་བར་འགྲོ་བའི་སྐབས་ལ་གླུ་ལེན་ནས་འཚོ་བར་བཅངས་པའི་བརྩེ་སེམས་མཚོན་པར་བྱེད་ཀྱི་ཡོད་ལ། གཡང་ཤོད་ཀྱི་མུ་མཐའ་མེད་པའི་རྩྭ་ཐང་ལ་བཅངས་པའི་བརྩེ་སེམས་ཀྱང་མཚོན་པར་བྱེད་ཀྱི་ཡོད། ཁོང་ནི་ཕུན་ཚོགས་ཡེ་ཤེས་ཡིན་པས་ཚང་མས་ཐུགས་ལ་བཞག་རོགས་གནང་། 

喜欢唱本地山歌,在采挖虫草和放牧闲暇时光,即兴就来,张嘴就唱,歌声优雅婉转,余音绕梁的山歌声融入高山草原,融入内心世界。我热爱生活,热爱羊秀的草原大地,我是平措益西,请大家记住我。

འགྲན་ཞུགས་པ་ཨང་བཅུ་དྲུག

16号选手

གཡང་ཤོད་ཤང་གི་དཀར་ནང་གྲོང་ཚོའི་བསོད་ནམས།

羊秀乡:索朗

ཁོ་པ་ནི་ད་ལོ་ལོ་30ལ་སླེབས་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་1.76ཡོད།  ཁོང་གི་དགའ་ཁ་འཁྱེར་ཕྱོགས་ནི། རོལ་དབྱངས་ཉན་རྒྱུ་དང་། གྲོགས་པོ་འགྲིག་རྒྱུ། གླུ་གཞས་ལེན་རྒྱུ། ཞབས་བྲོ་འཁྲབ་རྒྱུ་བཅས་ཡིན།  མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི། ཕུགས་བསམ་གྱི་ཆེད་དུ་འབད་བརྩོན་བྱས་ན། ནམ་ཞིག་མངོན་འགྱུར་ཡོང་ངེས་ཡིན་ཞེས་པ་དེ་རེད། 

羊秀乡:索朗,男,30岁,身高:1.76米,来自羊秀乡嘎囊村。兴趣爱好:听歌、交友、唱歌、跳舞,座右名:朝着梦想努力,终有一天会实现。

རང་ཉིད་ནི་སྤྲོ་སྣང་ལྡན་ལ་བློ་རྒྱ་ཆེ་ཞིང་གྲུང་ཤ་དོད་པའི་རྒྱལ་ཤོད་ཀྱི་ཕོ་གསར་ཞིག་ཡིན། ངས་འཇིག་རྟེན་དེའི་ཐོག་གི་མཛེས་སྡུག་ལྡན་པའི་ཡོད་ཚད་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད་ཁར། རང་ཉིད་ཀྱི་རྫིག་ཉམས་དེས་ཀྱང་དེ་རིང་གི་ལྡིང་ཆའི་ཐོག་ངོ་མཚར་ཕྱོགས་བཞིར་ཁྱབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད།  རེད་ཡཱ།  མི་སེམས་འགུལ་བའི་མཚམས་འདིར། ངས་འགྲན་བསྡུར་གྱི་སྤྲོ་སྣང་ལོངས་སུ་སྤྱད་ནས་ཁྱེད་ཅག་གི་ཡིད་སེམས་འགུག་ཐུབ་པའི་རེ་བ་ཡོད། ཁྱེད་རྣམ་པས་ང་དང་གྲོགས་པོ་སྒྲིག་རོགས་གནང་།

我性格开朗,是一个活泼可爱的杰秀汉子。我相信阳光,相信空气以及这个世界一切美好的东西,相信自己魅力四射。我享受了的清静,蓝天距离我无比接近,天空感觉触手可及。我能行!希望短暂的舞台秀能给大家带来心身的愉悦!请大家和我交朋友哦!

འགྲན་ཞུགས་པ་ཨང་བཅུ་བདུན།

17号选手

ཚྭ་ཆུ་ཤང་སྟག་ལྷས་གྲོང་ཚོའི་སྐལ་བཟང་རྒྱལ་མཚན།

茶曲乡:嘎桑江参

ཁོང་ནི་ལོ་28ཡིན། གཟུགས་པོའི་རིང་ཚད་ལ་སྨི་1.83ཡོད། ཁོ་པའི་དགའ་ཁ་འཁྱེར་ཕྱོགས་ནི། གླུ་གཞས་ལེན་རྒྱུ་དང་། ཞབས་བྲོ་འཁྲབ་རྒྱུ། ཡུལ་སྐོར་ལ་འགྲོ་རྒྱུ། སྟེགས་གྲུག་རྒྱག་རྒྱུ་བཅས་ཡིན། མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི། དཀའ་སྤྱད་ངལ་རྩོལ་བྱེད་རྒྱུ་ནི་ཚེ་སྲོག་རྒྱུན་འཁྱོངས་ཀྱི་ལྡོག་མེད་བླང་བྱ་ཞིག་ཡིན་པས།  གྲུབ་འབྲས་ཐོབ་པའི་རེ་བ་མེད་ཀྱང་བློ་བདེ་ཞི་ལྷོད་ངང་ནས་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་ཞེས་པ་དེ་རེད། 

茶曲乡:嘎桑江参,男,28岁,身高1.83米,来自茶曲乡达勒村。兴趣爱好:唱歌、跳舞、旅行、台球等。座右铭:把艰辛的劳作看作是生命的必然,即使没有收获的期望,也要心平气和地继续。

ང་རང་ངལ་རྩོལ་དང་། རྒན་བཀུར་གཞོན་གཅེས།  གཞན་ཕན་གྱི་བྱ་བ་སྒྲུབ་རྒྱུ་བཅས་ལ་ཤིན་ཏུ་དགའ། དུས་རྒྱུན་གྱི་འཚོ་བའི་ཁྲོད་ངས་ཁྱིམ་ལས་བྱེད་ཤོར་དུ་བྱང་ཆུབ་པའི་འཁོར་གཏོང་ལག་རྩལ་ལ་རྟེན་ནས་གྲོང་མི་ཁྱིམ་མཚེས་ཀྱི་ཅ་དངོས་ཉོ་སྒྲུབ་བྱེད་པར་འགྲོ་བ་དང་། གྲོང་མི་ན་དུས་ངས་དུས་ཚོད་ཀྱི་སྔ་ཕྱི་ལ་མི་ལྟོས་པར་ལམ་སེང་སྨན་ཁང་དུ་སྐྱེལ་རོགས་བྱེད་ཀྱི་ཡོད། ལོ་ལྟར་དུས་ཚོད་ཡོད་མ་ཐག་ངས་རང་ཉིད་ཀྱི་ནང་མི་ཚང་མ་འཁྲིད་ནས་སྐད་གྲགས་ཡོད་པའི་ནགས་ཤོད་འབྲི་རུའི་ལྟ་ན་སྡུག་པའི་ཡུལ་ལྗོངས་བལྟ་བར་འགྲོ་གིན་ཡོད།  གསའ་ཕུའི་འཁྱགས་རོམ་དང་མི་ཐོད་བརྩིགས་མའི་གྱང་། མཚོ་དཀར་སྔོན་གཉིས། སྨྲི་ཏི་ཁ།  ཤག་ཆུའི་རྩྭ་ཐང་སོགས་ཀྱི་མཛེས་ལྗོངས་ཁུལ་དུ་ང་རང་ཐེངས་འགའ་ཤས་སོང་བ་ཡིན་པས། ག་དུས་ཡིན་ཡང་ཚོར་སྣང་མི་འདྲ་བ་ཞིག་སྐྱེས་ཀྱི་འདུག  ཡང་མིན་ན། ལྷན་རྒྱས་དུས་ཚོད་ཡོད་དུས་ང་དང་མཉམ་དུ་གསའ་ཕུར་གཅིག་འཐད་དོ།

我爱劳动,孝敬长辈,与人为善。在主动承担家里家务的同时,我还经常凭借我熟练的驾驶技术帮助邻居们采购,有时候邻居们生病了我不管半夜都送他们去医院看病。我喜欢旅游,每年闲时我就带家人一起去自驾游,感受娜秀比如的大美风光,萨普冰川、骷髅墙、双色湖、麦迪卡、夏曲草原,我去过好几次,每次去都感觉别有一番风味儿,要不下次我们组团一起去萨普?

འགྲན་ཞུགས་པ་ཨང་བཅོ་བརྒྱད།

18号选手

ཚྭ་ཆུ་ཤང་དབུ་ཐང་གྲོང་ཚོའི་དབང་ཆེན་འཕྲིན་ལས།

茶曲乡:旺杰赤列

ཁོང་ནི་ལོ་39ཡིན་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་1.80ཡོད། ཁོ་པའི་དགའ་ཁ་འཁྱེར་ཕྱོགས་ནི། གླུ་དབྱངས་ལེན་རྒྱུ་དང་ཞབས་བྲོ་འཁྲབ་རྒྱུ་སོགས་ཡིན། མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི། ལམ་ཐག་རིང་ཡང་མདུན་སྐྱོད་བྱས་ན་ནམ་ཞིག་སླེབས་ཐུབ་པ་དང་། ལམ་ཐག་ཐུང་ཡང་མདུན་སྐྱོད་མ་བྱས་ན་སླེབས་ཐབས་བྲལ་ཞེས་པ་དེ་རེད། 

茶曲乡:旺杰赤列,男,39岁,身高:1.80米,来自茶曲乡乌通村。兴趣爱好:唱歌、跳舞等。座右铭:再长的路一步步也能走完,再短的路,不迈开双脚也无法到达。

འཚོ་བའི་ཁྲོད་གལ་ཏེ་ཕྱིར་བཤོལ་ཏོག་ཙམ་བྱས་ན་རང་ཉིད་ཀྱི་དམིགས་ཡུལ་དང་ཐག་ཇེ་རིང་དུ་འགྲོ་སྲིད། དེར་རྟེན་ངས་ནམ་ཡང་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་མི་ཚེའི་བགྲོད་ལམ་རིང་པོའི་ཐོག་ཆས་ཏེ་ཕུགས་བསམ་གྱི་ཆེད་དུ་འབད་བརྩོན་བྱ་རྒྱུ་ཡིན། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུའང་ངས་རྒན་རབས་ལ་བརྩི་བཀུར་དང་འཚོ་བར་དགའ་ཞེན་བྱས་ཏེ་ཡོད་ཚད་ནགས་ཤོད་འབྲི་རུའི་མཐོ་ཞིང་བརྗིད་པའི་ལྷུན་པོ་དང་ཡངས་ཞིང་ཆེ་བའི་ས་གཞིར་འབུལ་རྒྱུ་ཡིན། རེ་བར་ཐེངས་འདིའི་འབྲོག་པའི་ཉམས་བཟང་། འབྲི་རུའི་གཟུགས་བརྙན་གྱི་འདེམས་སྒྲུག་འགྲན་བསྡུར་བྱེད་སྒོ་བརྒྱུད་ནས་ང་ཚོའི་ཚྭ་ཆུའི་མང་ཚོགས་ཀྱི་རྒྱན་གོས་ཡོངས་སུ་ངོམས་ཐུབ་པ་དང་སྦྲགས་ནགས་ཤོད་ཕོ་རྒོད་ཀྱི་འཇིགས་པ་མེད་པའི་སྙིང་སྟོབས་གང་ལེགས་མངོན་པར་བྱ་རྒྱུ་ཡིན། ངའི་མིང་ལ་དབང་ཆེན་འཕྲིན་ལས་ཟེར་གྱི་ཡོད།

在生活中,当我发现往后退一点点,就一点点开始让自己的生活失去目标。于是我开始打点行装,开始漫长的人生跋涉。所以,我不再后退,我勇往直前,直面人生中的各种挫折。我孝敬长辈,我热爱生活,我爱娜秀比如的山川大地。这次参加牧人风采选拔赛,我希望通过这个舞台,在向朋友们展示我们茶曲民族服饰的同时,还想向朋友们展示娜秀汉子坚毅不拔的一面,这就是我,旺杰赤列。

འགྲན་ཞུགས་པ་ཨང་བཅུ་དགུ།

19号选手

འབྲི་རུ་གྲོང་རྡལ་ཐང་སྟེང་གྲོང་ཚོའི་ངག་དབང་ཚུལ་ལྡན།

比如镇:阿旺从旦

ཁོང་ནི་ལོ་30སླེབས་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་1.84ཡོད། དུས་རྒྱུན་ནས་གླུ་ལེན་གར་འཁྲབ་དང་རོལ་དབྱངས་ཉན་རྒྱུར་དགའ་པོ་ཡོད་པ་རེད། ཁོང་གི་མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི། འབྲི་རུའི་དམངས་སྲོལ་རིག་གནས་ནི་ནམ་ཡང་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་ཞིག་ཡིན་ཞེས་པ་དེ་རེད། 

比如镇:阿旺从旦,男,30岁,身高1.84米,来自比如镇塘定村。兴趣爱好:唱歌跳舞,听音乐。座右铭:比如的民俗文化,是一首永听不腻的歌。

ང་རང་སྟག་ཕུའི་ཨར་གཞས་དང་སྐོར་བྲོ་འཁྲབ་རྒྱུར་ཧ་ཅང་དགའ་པོ་ཡོད། དེ་བས་ཀྱང་རྒན་རབས་ལ་བསྙེན་བཀུར་དང་གྲོགས་པོ་དང་འཆམ་པོ་བྱ་རྒྱུ་ནི་ངའི་འོས་འགན་རེད་བསམ་གྱི་འདུག  མི་ལོ་30ཡི་ནང་ངས་དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས་འབྲི་རུའི་དམངས་སྲོལ་རིག་གནས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་མི་མང་པོའི་ཡིད་དབང་འགུག་ཡོད། འཁྲུག་ཆ་དོད་པའི་སྟག་ཕུའི་ཨར་གཞས་དང་སྙན་འཇེབས་ལྡན་པའི་གདོད་མའི་གླུ་དབྱངས་ཀྱིས་ཀྱང་ང་རང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སོང་།  སླད་ཕྱིན་ངས་མུ་མཐུད་ནས་རིག་རྩལ་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་ཏེ་རང་ནུས་ཅི་ལྕོགས་ཀྱིས་ནགས་ཤོད་འབྲི་རུའི་དངོས་མིན་རིག་གནས་ཤུལ་བཞག་ཁྱབ་སྤེལ་གཏོང་ཐུབ་པ་བྱ་རྒྱུ་ཡིན། དེ་ནི་ངའི་ཚེ་གང་གི་འབད་འཐབ་དམིགས་ཚད་ཡིན་ལ། ངས་ཕ་ཡུལ་ལ་འབུལ་བའི་ལེགས་སྐྱེས་ཕྲན་བུ་ཞིག་ཀྱང་ཡིན།

我喜欢达布阿谐,我沉醉比如锅庄,我孝敬长辈,我善待朋友。在30年的岁月里,我一路跟随着时代的步伐,用比如的民间文化艺术感染着所有人。喜欢跳舞的我,在各种活动都有我的身影,跳着达布阿谐,唱着原生态牧歌,感觉到我的生活更加的五彩缤纷。漫漫人生路,以后我将继续参加各种文艺活动,传承和发扬娜秀比如的为物质文化遗产,也算为家乡比如做出自己应有的贡献吧!

འགྲན་ཞུགས་པ་ཨང་ཉི་ཤུ།

20号选手

འབྲི་རུ་གྲོང་རྡལ་གཡང་རམ་གྲོང་ཚོའི་ཀུན་མཆོག་ཚེ་ཐར།

比如镇:贡求次塔

ཁོ་པ་ད་ལོ་ལོ་31སླེབས་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་1.81ཡོད། ཁོང་གི་དགའ་ཁ་འཁྱེར་ཕྱོགས་ནི། གླུ་ལེན་གར་འཁྲབ་དང་། ཡུལ་སྐོར་ལ་འགྲོ་རྒྱུ། ལུས་སྦྱོང་བྱེད་རྒྱུ་བཅས་ཡིན།  མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  ཚེ་སྲོག་གི་དོན་སྙིང་ནི་རང་ངོས་ཚད་བརྒལ་ཐུབ་པ་བྱ་རྒྱུ་དེ་ཡིན། 

比如镇:贡求次塔,男,31岁,身高1.81米,来自比如镇央然村。兴趣爱好:唱歌跳舞、旅游、运动。座右铭:生命的意义在于不断超越自我。

གླུ་དབྱངས་ལེན་མཁས་པོ་དང་ཞབས་བྲོ་ཡག་པོ་འཁྲབ་ཤེས་པ་ནི་ང་ཚོ་བོད་མི་རིགས་ཀྱི་ཁྱད་ཆོས་ཡིན། ང་རང་ཡང་ཆུང་དུས་ནས་ནགས་ཤོད་འབྲི་རུའི་ལ་གླུ་ལེན་ནས་འཚར་ལོངས་བྱུང་ཞིག་ཡིན་ལ། སྟག་ཕུའི་ཨར་གཞས་དང་། སྟེང་དཀར་རས་པ། ར་རུའི་སྒོར་གཞས་བཅས་འཁྲབ་ནས་འཚར་ལོངས་བྱུང་བའི་འབྲོག་ཕྲུག་ཞིག་ཀྱང་ཡིན། མ་གཞི་རང་ཉིད་རིག་གནས་ཆུ་ཚད་དེ་ཙམ་མཐོ་པོ་མེད། འོན་ཀྱང་ངས་བཀའ་དྲིན་ཚོར་ཤེས་ཀྱི་ཡོད། ནགས་ཤོད་འབྲི་རུ་དང་གཅེས་པའི་ཕ་ཡུལ་གྱིས་ང་ལ་ཡོད་ཚད་སྦྱིན་པས་ངས་ཁྱེད་ཚོའི་བཀའ་དྲིན་འཇལ་ཐུབ་པ་བྱ་རྒྱུ་ཡིན། དེ་རིང་གི་གོ་སྐབས་འདི་བེད་སྤྱད་ནས་ངས་ངའི་ཕ་ཡུལ་དང་ཕ་མ་སྤུན་མཆེད་ཀྱིས་ང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན།

我继承了藏族能歌善舞的本领,有着娜秀比如汉子的魁梧身材,浓眉大眼。生活就是我的舞台,唱着娜秀比如的山歌,跳着达布阿谐、丁嘎热巴、热如果谐,让我感觉幸福满满。我觉得很知足,没有很高的文化水平,但是我懂得感恩,感恩娜秀比如、感谢我的家乡给我的一切,希望通过这次机会,我为我的家乡、也为我的父老乡亲代言!

供稿:各乡镇党委、政府


主编:张俊

编辑:吴晓聪

翻译:旦增多吉、色珍

拍摄:米玛次仁

校对:米玛次仁、肖晓燕、桑珍


རྩོམ་བསྐུར་ཡིག་སྒམ། ༢༨༧༧༣༩༩༤qq.com 

投稿邮箱号:28773994qq.com


—The End—


往期精选


1、我县赴甬参加2018中国(宁波)食品博览会,感谢CCTV……

2、听一次别样的比如虫草之旅,晚安!

3、冬游西藏 |  隐藏在那曲的最后一块绝世秘境!

4、比如县顺达驾校落成啦,落成啦,成啦,啦!

5、医疗民生 | 宫外孕破裂导致失血性休克,汶上专家精诚协作,病人转危为安!

6、邂逅萨普 | 比如“奔驰”在路上,只因比如而来!

7、年薪8万-30万任性招人!

继续滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存