查看原文
其他

བདེ་སྐྱིད་ལྡན་པའི་རྫོང་བརྒྱ། 幸福百县:以人为本  整合式比如医疗更贴心

网信比如 2023-12-15

友情提示

点击上面“网信比如”可关注哟~

བདེ་སྐྱིད་ལྡན་པའི་རྫོང་བརྒྱ། མི་རྩ་བར་འཛིན་པ་དང་ལེགས་སྒྲིལ་རྣམ་པའི་འབྲི་རུའི་སྨན་བཅོས་དེ་བས་སྙིང་ཉེ། 

幸福百县:以人为本  整合式比如医疗更贴心

སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་བྱས་ཚུན།འབྲི་རུ་རྫོང་གོང་འོག་སེམས་མཐུན་སྟོབས་སྒྲིལ་བྱས་ཐོག  སྨན་བཅོས་འཕྲོད་རྟེན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 

自医疗卫生体制改革以来,比如县上下勠力同心,医疗卫生事业蓬勃发展,人民群众的获得感、幸福感显著增强。

2019ལོར། འབྲི་རུ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཚོགས་པས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་དང་ཤུགས་ཆེན་རྒྱབ་སྐྱོར་འོག་རིམ་ཁག་དབུ་ཁྲིད་ཀྱི་ཐུགས་ཁུར་དང་རོགས་རམ།དེ་བཞིན་སྨན་བཅོས་ཚོགས་པའི་གོང་འོག་གི་ཐུན་མོང་འབད་བརྩོན་འོག་ལས་དོན་ཁག་བདེ་བླག་ངང་སྤེལ་བ་དང་། སྨན་བཅོས་འཕྲོད་བསྟེན་བྱ་གཞག་དང་ཚད་ལྡན་ཅན་འཛུགས་སྐྱོང་ཐད་ཡར་རྒྱས་དང་འཕེལ་རྒྱས་མྱུར་པོ་བྱུང་བ། ལས་སྒོའི་ཡོང་འབབ་དེ་སྔོན་དང་བསྡུར་ན་ཟིན་ཐོ་གསར་པ་བཏོད་ཐུབ་པ་བྱུང་ཡོད་ལ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་པ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་བཞིན་འཐུས་ཚང་དང་ཐོན་ལས་འཛུགས་སྐྲུན་བཀོད་སྒྲིག་ལེགས་གྲུབ་བྱུང་ཡོད། 

2019年,比如县人民医院医疗集团在县委、县政府的统一领导和大力支持下,在各级领导的关心帮助下,在医疗集团上下的共同努力下,各项工作开展顺利,医疗卫生事业和正规化建设取得了长足进步和迅猛发展,业务收入较之以前创纪录,人才队伍建设得到加强,医疗卫生服务水平不断提高,基础设施建设日臻完善、产业建设完成布局。

འབྲི་རུ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཚོགས་པས་རང་བརྟེན་གདན་ཞུའི་བྱེད་ཐབས་སོགས་བརྒྱུད་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་འཛུགས་སྐྲུན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། མིག་སྔར་སྨན་ཁང་གི་ལས་བཟོ་ཁྱོན་179ཡོད་པའི་ནང་སྨན་དོན་མི་སྣ་45དང་། ནད་གཡོག་མི་སྣ་46 སྨན་བཅོས་ལག་རྩལ་མི་སྣ་36 སྲིད་འཛིན་ནོར་དོན་དོ་དམ་མི་སྣ་24རྒྱབ་ཕྱོགས་མི་སྣ་28བཅས་ཡོད་པ་རེད། 

比如县人民医院医疗集团通过自主招聘等方式不断提高医疗卫生服务建设水平,目前医院职工共有179人,其中医务人员45人,护理人员46人,医技人员36人,行政财务管理人员24人,后勤人员28人。


ཟླ་11པའི་ཟླ་མཇུག་བར། སྨན་ཁང་གི་སྒོ་བསྟེན་སྨན་བཅོས་བྱེད་ཚད་མི་79963ཟིན་པ་དང་། སྨན་ཁང་ནས་དོན་མཁན་མི་ཐེངས་3584ཟིན་པ། ནོར་དོན་ཡོང་འབབ་སྒོར་ཁྲི་2267ཟིན་ཡོད། ཤེས་ལྡན་མི་སྣའི་འཐབ་ཇུས་ལག་བསྟར་བྱས་ནས་མི་སྣ་གསོ་སྦྱོང་དང་མཉམ་ལས་སྤེལ་རེས་དང་ཟུང་འབྲེལ་བྱས་ཏེ་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་དང་ཞབས་ཞུའི་ནུས་པ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་རྫོང་ཕྱིར་སྨན་བཅོས་གཞན་སྒྱུར་བྱེད་ཚད་མངོན་གསལ་དོད་པོས་ཆག་ཡོད་པ་རེད། 2019ལོར་སྔ་རྗེས་སུ་བྱིས་ནད་ཚན་ཁག་དང་། ཕྱི་ནད་ཚན་ཁག ནད་རྐྱེན་ཚན་ཁག ཚོར་འཛིན་ཚན་ཁག འགོས་ནད་ཚན་ཁག  སེམས་ནད་ཚན་ཁག སྦྲིད་སྨན་ཚན་ཁག དབང་པོ་ལྔའི་ཚན་ཁག་དང་ནད་ཐོག་ཚན་ཁག འགན་ནུས་དོ་དམ་ཚན་ཁག་སོགས་གསར་བཙུགས་བྱས། ལོ་རྒྱུས་ལས་བརྒལ་ནས་སླར་ཡང་ཨང་དང་པོ་གཏོད། ཕྱི་ནད་ཚན་ཁག་གིས་མཁལ་མ་གསབ་བཅོས་གཤགས་བཅོས་དང་མཆིན་པ་གསབ་བཅོས་གཤགས་བཅོས་ལེགས་གྲུབ་བྱུང་བ་དང་། ནག་ཆུ་གྲོང་ཁྱེར་ནང་ནས་མངལ་ཁོག་གཤགས་བཅོས་ཐོག་མ་སྤེལ་བ། རིག་ཚན་མང་པོ་མཉམ་འབྲེལ་གྱི་གཤགས་བཅོས་གཅིག་ལེགས་གྲུབ་བྱུང་བ། དེ་བཞིན་ན་ཚ་མེད་པའི་ཕྲུ་གུ་སྐྱེ་ཐབས་ཐོག་མ་ལེགས་ལེགས་འགྲུབ་བྱུང་བམ་ཟད། སྨན་རྩིས་ཁང་གི་སྐབས་དང་པོའི“རིན་ཆེན་སྟེགས་བུའི”སྦྱོང་བརྡར་ལེགས་གྲུབ་བྱུང་ཡོད།སྨན་ཁང་གིས་སྒོར་ཁྲི་500བཏང་ནས་Cདབྱིབས་ཅན་གྱི་ཡོ་བྱད་དང་། མངལ་ཁོག་ཤེལ། ནད་རྐྱེན་གཏུབ་ལྷེབ་འཕྲུལ་འཁོར། ནད་རྐྱེན་ཕྲ་མཐོང་ཆེ་ཤེལ། སྙིང་གློག་ལྟ་སྐྱོང་དཔྱད་ཆས། དབུགས་འབྱིན་རྔུབ་འཕྲུལ་འཁོར། མིད་པ་མཐོང་ཤེལ་སོགས་སྨན་བཅོས་སྒྲིག་ཆས་ཉོས་ཡོད་ལ། མིག་སྔར་མཆིན་པའི་ཐུམ་འབུ་དང་། མཁྲིས་རྡོ། བུ་སྣོད་གཙང་བཤེར། མངལ་ཕྱི་སྦྲུམ་པ། ཁོག་གཤགས་བུ་སྐྱེ། ཚིལ་སྐྲན་གཅོད་པ། དཀྱིལ་མཛུབ་གཡས་པའི་ཁྲག་རྩའི་པགས་འདབ་སྤོ་སྒྱུར། དལ་བའི་རང་བཞིན་གྱི་རྒྱུ་ལྷག་གཉན་ཚད། རྒྱུ་སོར་བཅུ་གཉིས་ལ་ཁུང་བརྟོལ་བ་སོགས་གཤགས་བཅོས་རིགས་ཉི་ཤུ་ལྷག་ཙམ་སྤེལ་ཐུབ་པ་དང་2019ལོར་རིགས་ཁག་གི་གཤགས་བཅོས་144བྱས་ཡོད་ལ། ཁོག་ཤེལ་གྱི་རྨ་ཁ་ཕྲ་མོའི་གཤགས་བཅོས་དེ་ཁྱད་ཆོས་ལྡན་པའི་རིག་ཚན་ཞིག་ཏུ་གྱུར་ཡོད། 

截止11月底,医院门急诊量79963人,出院3584人次,财务收入2267万元。实施引进人才战略,结合人员培训、合作交流,医疗技术水平和服务能力实现跨越式发展,县外转诊明显下降。2019年,先后建立了儿科、外科、病理科、感控科、感染科、精神科、麻醉科、五官科等临床科室与职能管理科室。突破历史,再创第一。外科成功实施肾修补术、肝修补术;开展那曲市第一例宫腔镜手术;完成一例多学科联合手术;第一例无痛分娩;藏医院首届“仁青坐台”炼制成功……医院投入了500万元,购置了C臂机、宫腔镜、病理切片机、病理显微镜、心电监护仪、呼吸机、可视喉镜等医疗设备,目前能开展包括肝包虫、胆结石、清宫、宫外孕、剖宫产、脂肪瘤切除、右中指血管皮瓣移植、急慢性阑尾炎、十二指肠穿孔等在内的二十余种手术,2019年开展各类手术144台。腹腔镜微创手术成为特色学科。

འབྲི་རུ་རྫོང་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་ཕྱོགས་ས་ནི་གྲོང་ཨུད་ཀྱི་རྒྱུན་ཨུད་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཀང་གིས་གཙོ་འཛིན་གནང་ནས་སྣེ་ཁྲིད་དེ་འབྲི་རུ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་གནད་དོན་ཐག་གཅོད་ཧུར་ཐག་དང་ལྷག་དོན་དུ་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ཡོང་བ་བྱ་རྒྱུ་དེ་རེད། 2019ལོ་ནས་བཟུང་ཧྲུའུ་ཅི་ཁྲེན་ཀང་གིས་སྔ་རྗེས་སུ་མི་དམངས་སྨན་ཁང་སྨན་བཅོས་ཚོགས་པར་བརྟག་ཞིབ་མཛུབ་ཁྲིད་གནང་བར་ཐེངས་མང་ཕེབས་ནས་སྨན་བཅོས་ཚོགས་པ་དང་། སྨན་རྩིས་ཁང་། ནད་ཡམས་ཚོད་འཛིན་ལྟེ་གནས། དུག་སེལ་མཁོ་སྤྲོད་ལྟེ་གནས། ཞིབ་བཤེར་ལྟེ་གནས། མི་དམངས་སྨན་ཁང་བྱིས་ནད་ཚན་ཁག འཕྲལ་སྡོམ་སྨན་བཅོས་ཚན་ཁག་བཅས་ལ་བརྟག་ཞིབ་གནང་ཞིང་། ཧྲུའུ་ཅི་ཁྲེན་ཀང་ཕྱོགས་ཀྱིས་རྫོང་མི་དམངས་སྨན་ཁང་སྨན་བཅོས་ཚོགས་པས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཕྱོགས་བསྡུས་ལས་སྒོའི་ནུས་པ་ཆེ་རུ་གཏོང་བ། སྨན་ཁང་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ནད་པ་བློ་ཡིད་ཚིམ་པ་དང་ནང་མིར་བློ་བདེ་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།  

比如县人民群众对美好生活的向往是以市委常委、县委书记陈刚为班长的带领比如县委、县政府一直着力解决的问题,特别是人民群众的身体健康。2019年以来,陈刚书记先后多次深入人民医院医疗集团调研指导工作,对医疗集团藏医院、疾控中心、消毒供应中心、检验中心、人民医院儿科、门急诊进行了调研,陈刚要求,县人民医院医疗集团要在提升服务质量、提升综合业务能力、加强医院管理上下功夫,以实际行动坚持做到让患者满意、让家属放心。


ཟླ་10པ་ཚུན་ཆད་དུ། ས་གནས་ཁག་གི་བོད་སྐྱོར་རིགས་གཅིག་མཁས་ཅན་40ལྷག་གིས་སྨན་བཅོས་ཚོགས་པར་སྐྱོད་ནས་ཁ་གཏད་རོགས་སྐྱོར་དང་སྨན་བཅོས་ལས་དོན་སྤེལ་ནས་ཁྱོན་སྒོ་བསྟེན་སྨན་བཅོས་མི་ཐེངས་400ལྷག་ཙམ་དང་། གཤགས་བཅོས་20ལྷག་ཙམ་བྱས་ཡོད་ལ། མི་དམངས་སྨན་ཁང་གི་ལས་རིགས་ལག་རྩལ་མི་སྣ་མི་ཐེངས་200ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད། མཉམ་ལས་སྤེལ་རེས་ཉིན་བཞིན་དམ་ཟབ་ཏུ་འགྲོ་བ། འབྲི་རུ་རྫོང་མི་དམངས་སྨན་ཁང་སྨན་བཅོས་ཚོགས་པས་ཀྲེ་ཅང་ཉིང་པོ་ཨེར་མིག་ནད་ཚན་ཁག་སྨན་ཁང་དང་ཅང་པེ་ཁ་སྦུག་ལས་རིགས་ཏང་ཨུད་དང་དུས་ཡུན་ལོ་གསུམ་གྱི་མཉམ་ལས་གྲོས་མཐུན་བཞག་པ་དང་། ཧྲན་ཏུང་ཝུན་ཧྲང་མི་དམངས་སྨན་ཁང་དང་མཛའ་གྲོགས་མཉམ་ལས་གྲོས་མཐུན་བཞག་ནས་ཆེད་ལས་ཚན་ཁག་ལ་ཁ་གཏད་རོགས་སྐྱོར་བྱས་པ། སི་ཁྲོན་ཞིང་ཆེན་མན་ཡང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་མཉམ་ལས་གྲོས་མཐུན་བཞག་པ། དེ་བཞིན་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་དང་ཆེད་ཚན་མཉམ་ལས་བྱས་ཡོད། 2019ལོར་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཚོགས་པས་ཁྱོན་མི་20ལྷག་ཙམ་ཧྲང་ཡུས་དང་ཝུན་ཧྲང་སོགས་ཀྱི་སྨན་ཁང་དུ་སློབ་སྦྱོང་སྤེལ་རེས་བྱེད་པར་མངགས་ནས་ནང་སའི་སྨན་ཁང་གི་གཉེར་སྐྱོང་འདུ་ཤེས་དང་། ལམ་ལུགས་འཛུགས་སྐྱོང་། རིག་གཞུང་ཚན་ཁག་འཛུགས་སྐྱོང་། ཤེས་ལྡན་པ་གསོ་སྐྱོང་སོགས་ཐད་ཀྱི་ཉམས་མྱོང་སློབ་སྦྱོང་གཏིང་ཟབ་བྱས་ནས།རྫོང་མི་དམངས་སྨན་ཁང་གི་སྨན་པའི་ཆེད་ལས་རྩལ་ནུས་དང་མཐོང་རྒྱ་ཆེ་རུ་བཏང་ཡོད་ལ། སླད་ཕྱིན་འབྲི་རུ་རྫོང་གི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་བྱ་ཐབས་སྔར་བས་ནུས་ལྡན་དང་སྨན་བཅོས་ཞབས་ཞུ་དེ་བས་ལེགས་པ།བདེ་ཐང་འགན་ལེན་དེ་བས་འཐུས་སྒོ་ཚང་བ་བཅས་ཡོང་བ་བྱ་རྒྱུ་རེད། 

截止10月,各地援藏专家共计40人到医疗集团开展对口支援和义诊工作,共计开展门诊400余人次,手术20余台,培训人民医院职业技术人员200余人次。合作交流日益紧密。比如县人民医院医疗集团与浙江宁波爱尔眼科医院、江北口腔行业党委签订为期三年的合作协议,与山东汶上人民医院签订友好合作协议,实施专科对口帮扶,与四川省绵阳市第三人民医院签订医联体合作协议,与自治区第三人民医院开展专科合作。2019年,县人民医院医疗集团共派出20余人赴上虞、汶上等地医院进行交流学习,就内地医院的经营理念、制度建设、学科建设、人才培养等方面的经验深入学习,交流学习提高了县人民医院医生的专业技能、开阔了眼界,为接下来比如县广大农牧民群众就医提供更有效的治疗手段,更优质的医疗服务,更完善的健康保障。

ཤང་གྲོང་འཕྲོད་བསྟེན་ཁང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ། འབྲི་རུ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཚོགས་པས་ཤང་གྲོང་འཕྲོད་བསྟེན་ཁང་གི་མི་ཐེངས་20ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་ཤང་གྲོང་རྡལ་ཁག་གི་འཕྲོད་བསྟེན་ཁང་ལ་རིན་ཐང་སྒོར་ཁྲི་50ལྷག་ཙམ་གྱི་སྨན་བཅོས་སྒྲིག་ཆས་དང་དངོས་ཟོག་སྤྲད་དེ་ཤང་གྲོང་འཕྲོད་བསྟེན་ཁང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། 

大力支持乡镇卫生院发展。比如县人民医院医疗集团为乡镇卫生院培训人员20余人次,给各乡镇卫生院发放价值约50余万元的医疗设备和物资,有力支持了乡镇卫生院的发展。



འབྲི་རུ་རྫོང་མི་དམངས་སྨན་ཁང་སྨན་བཅོས་ཚོགས་པས་འོས་འགན་སྨན་བཅོས་དང་། དུད་ཚང་དབུལ་པོར་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད། ཡུལ་མིའི་བདེ་ཐང་ལ་བརྟག་དཔྱད་བཅས་བྱས་པ་བརྒྱུད་མི་དམངས་སྨན་ཁང་གི་ཞབས་ཞུའི་ཁྱབ་ཁོངས་དང་། ཆུ་ཚད། སྤུས་ཚད་བཅས་མཐོ་རུ་ཕྱིན་ཡོད་པ་དང་། ཞབས་ཞུའི་ལྟ་སྐུལ་ཞུ་གཏུག་ཁ་པར་དང་བསམ་འཆར་བསྡུ་ལེན་སྒམ་མང་དུ་བཏང་ནས། སྤྱི་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཏེ། ཕྱོགས་གང་སྤྱིའི་ཐད་ནས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་ཞབས་ཞུའི་རྣམ་འགྱུར་ལེགས་སུ་བཏང་ཡོད་ལ། སྨན་ཁང་གི་སྐད་གྲགས་ཆོད་ཚད་དང་སྤྱི་ཚོགས་ཀྱི་ཡིད་ཚིམ་ཚད་ཡང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། 

比如县人民医院医疗集团通过开展义诊、贫困户免费体检、居民健康体检,增强了人民医院的服务范围、水平和质量。增设服务监督投诉电话、意见征求箱,广泛征求社会意见和建议,多方改善医院医疗服务质量、服务态度,不断提高医院的知名度,社会满意度不断提高。

ཉེ་དུས། འབྲི་རུ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གྲོང་ཚོའི་སྨན་པའི་གླེང་སྟེགས་སྐབས་དང་པོ་སྒྲིག་འཛུགས་བྱས་ཏེ་སྔ་རྗེས་སུ་པད་དཀར་ཤང་དང་། གཡང་ཤོད་ཤང་། ཤག་ཆུ་གྲོང་རྡལ། ཟླ་ཐང་ཤང་སོགས་ཤང་གྲོང་ཁག་དུ་ཚོགས་འདུ་ཐེངས་བཞི་འཚོགས་ཤིང་། གྲོང་ཚོའི་སྨན་པའི་གླེང་སྟེགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེས་གྲོང་ཚོའི་སྨན་པས་ལས་དོན་ཡག་པོ་སྒྲུབ་པ་དང་སློབ་སྦྱོང་ལག་རྩལ་ལ་ལས་སྟེགས་དེ་བས་ལེགས་པ་མཁོ་འདོན་བྱས་ཡོད། 

近期,比如县卫健委组织召开首届村医论坛,先后在白嘎乡、羊秀乡、夏曲镇、达塘乡等乡镇召开四次会议,村医论坛的成功举办为村医做好工作、学习技术提供了更好的平台。

གོམ་སྟབས་རྗེས་མར་འབྲི་རུ་རྫོང་མི་དམངས་སྨན་ཁང་སྨན་བཅོས་ཚོགས་པས་སྤྱོད་བཟང་དང་། བྱམས་བརྩེ། གོང་བུར་འགྲིལ་བ། རྩལ་ནུས་ལྡན་པ་བཅས་ཀྱི་སྨན་ཁང་གི་རིག་གནས་མུ་མཐུད་གཏོད་རྒྱུ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལུགས་མཐུན་ངང་ལེགས་སུ་གཏོང་རྒྱུ། སྨན་བཅོས་ཉེན་ཁའི་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་རྒྱུ་བཅས་བྱ་རྒྱུ་རེད་འདུག 

接下来,比如县人民医院医疗集团将持续打造厚德、仁爱、凝聚、精术的医院文化,加强人才队伍建设,合理优化卫生服务体系建设,加强医疗风险的应急处理能力。

文字素材:比如县人民医院医疗集团

撰稿:网信办  肖晓燕

翻译:网信办  旦增多吉

主编:吴小聪

编辑:肖晓燕

校对:米玛次仁  旦增多吉  桑珍


རྩོམ་བསྐུར་ཡིག་སྒམ། ༢༨༧༧༣༩༩༤@qq.com 

投稿邮箱号:28773994@qq.com


—The End—

  • 大家都在看

1、如果从萨普冰川归来,别去酒店,就去茶曲泡温泉!

2、一天两个金奖,“比如”不止是“for example”,更是藏北的一个明星县!

3、比如县人民医院开展那曲市第一例宫腔镜手术

4、恭喜比如县丁嘎热巴文艺队又摘全国大奖!

5、喜大普奔!热如锅庄又双叒叕摘全国广场舞“特等奖”桂冠!

6、喜报!比如县女子篮球在那曲市首届全民健身运动会上夺冠!

7、创造历史!比如县人民医院外科开展肾修补术、肝修补术!

8、厉害了!比如县夏曲姑娘美朵拉吉在第二届全国青年运动会国际式摔跤比赛获得金牌

比如县互联网违法与不良信息举报中心

举报电话:0896—3622698

比如县扫黑除恶举报电话

比如县公安局扫黑办:0896—3923535

                                0896—3622044

比如县扫黑办:0896—3622692

娜秀比如  岂止于美

长按识别二维码,关注我们


点“在看”给我一朵小黄花

继续滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存