查看原文
其他

称多县关于开展全员核酸检测的通告

玉树发布 2022-08-26


称多县新冠肺炎疫情防控处置工作指挥部

关于开展称多县全员核酸检测的通告

根据当前疫情防控形势的需要,为切实保障广大群众的健康安全,根据省州疫情防控处置工作指挥部安排部署,决定在称多县开展一次全员核酸检测。现将相关要求通告如下:

一、检测对象

称多县全体居民(包括常驻人口、暂住人口、临时流动人员、务工人员等)。

二、检测时间

2022年8月15日09:00—8月17日18:00。

8月15日:全县各寺院、敬老院和监管场所;

8月16日:县城主城区、称文镇、赛河工作站、歇武镇、珍秦镇、清水河镇;

8月17日:扎朵镇、拉布乡、尕朵乡.

三、采样方式

采样点集中采样,采用 10 合 1 混采检测。

四、收费标准

全员免费

五、检测区域划分

见附表。

六、注意事项

(一)对核酸检测区域实行封闭式管理,落实道路交通管控,除执行任务的特种车、医疗救治车辆、民生保障车辆、抢修救援车、应急公务车、军警车以及参与疫情防控工作和紧急生产的车辆外,禁止出行。

(二)请辖区所有居民在规定时间内严格按照检测区域划分,在工作人员引导下分时段有序前往指定采样点进行采样,做到应检尽检,确保不漏一户一人。

(三)核酸检测时,请携带本人居民身份证和智能手机,或提前进入下附的小程序获取核酸采样信息二维码截图、打印待检,无身份证的请携带户口本,自觉服从采样点工作人员统一安排,全程正确佩戴口罩,保持2米安全距离。采样结束后,不逗留,及时返回家中。

(四)采样前2小时内不要饮食,30分钟内请勿吸烟、喝酒、嚼口香糖,避免影响检测结果。在等待检测结果期间,请广大居民自觉居家,倡导非必要不外出、不聚集、不聚餐。

(五)儿童、老人等特殊人群需在监护人或家人陪同下进行核酸采样,采样点要及时开设绿色通道。对行动不便无法到现场采样的高龄老人、残疾人等,要提前联系所在村(社区)做好登记,核实后安排医务人员上门采样。

(六)强化社会面管控,除公立医疗机构、加油站等居民生活保障必要的场所外,其他场所一律暂停开放、经营。企业、建筑工地、寄宿制学校实行闭环管理。养老机构、寺院区域禁止人员及车辆出行,实行全封闭管理。

(七)居民若出现发热、干咳、咽痛、嗅(味)觉减退、腹泻等症状后要第一时间向村(社区)报告,服从村(社区)疫情防控安排。如遇紧急情况,可拨打公安110报警平台和便民服务热线寻求帮助。

(八)48 小时内接种过新冠疫苗的人员及集中隔离人员、居家健康监测人员均不参加本轮核酸检测采样,但须向单位、村(社区)人员说明情况,由单位、村(社区)做好登记。

(九)本次区域核酸检测是预防性检测,是落实“四早”要求的具体举措,请广大居民积极配合,不恐慌、不抢购、不信谣、不传谣、不造谣。对拒不配合、不支持核酸检测工作,扰乱秩序,伪造信息或恶意传播不实图片、视频和言论,造成严重社会影响的,将依法从严追究法律责任。 

请广大居民相互告知,主动配合,感谢广大居民朋友的理解和支持!

附件:称多县区域核酸检测采样点明细表


称多县新冠疫情防控

处置工作指挥部

2022年8月14日

ཁྲི་འདུ་རྫོང་པྲོག་གསར་རིམས་ནད་སྔོན་འགོག་བཀོད་འདོམས་པུའུ། 

ཁྲི་འདུ་རྫོང་གི་མི་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ།

མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་དང་བསྟུན་ནས། རྒྱ་ཆེའི་མང་ཚོགས་ཀྱི་བདེ་ཐང་འགན་ལེན་བྱ་ཆེད། ཞིང་ཆེན་དང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར།ཁྲི་འདུ་རྫོང་གི་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ད་ལྟ་འབྲེལ་ཡོད་བླང་བྱའི་བརྡ་ཁྱབ་གཤམ་གསལ་ལྟར།

གཅིག བརྟག་དཔྱད་བྱ་ཡུལ།

ཁྲི་འདུ་རྫོང་གི་གྲོང་མི་ཡོངས་རྫོགས།༼ ས་གནས་རང་གི་རྒྱུན་སྡོད་འབངས་མི་དང་། གནས་སྐབས་ཀྱི་སྡོད་མི།  གནས་སྐབས་འགྲོ་སྐྱོད་བྱེད་མཁན།  ལས་ཀའི་མི་ཚོགས་སོགས་ཚུད།  ༽

གཉིས། བརྟག་དཔྱད་དུས་ཚོད།

2022ལོའི་ཟླ་8ཚེས་15ཉིན་གྱི་སྔ་དྲོ་ཆུ་ཚོད་9ནས་ཟླ་8ཚེས་17ཉིན་གྱི་ཕྱི་དྲོ་ཆུ་ཚོད6བར་ཡིན།

2022ལོའི་ཟླ་8ཚེས་15ཉིན། རྫོང་ཡོངས་ཀྱི་དགོན་པ་ཁག་དང་། རྒས་གསོ་ཁང་། ལྟ་སྐུལ་དོ་དམ་བྱ་ཡུལ་བཅས་སུ་བརྟག་དཔྱད་བྱ་དགོས།

2022ལོའི་ཟླ་8ཚེས་16ཉིན། རྫོང་མཁར་དང་། ཁྲི་དབང་གྲོང་རྡལ། གསེར་ཁོག་ལས་དོན་ས་ཚིགས། ཞེའུ་གྲོང་རྡལ། དྲན་ཆེན་གྲོང་རྡལ། སྡོམ་མདའ་གྲོང་རྡལ་གྱི་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་བྱ་རྒྱུ་ཡིན།

2022ལོའི་ཟླ་8ཚེས་17ཉིན། རྫ་སྟོད་གྲོང་རྡལ། ལབ་ཡུལ་ཤོག སྒ་སྟོད་ཡུལ་ཤོག་བཅས་ཀྱི་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་བྱ་རྒྱུ་ཡིན། 

གསུམ། མ་དཔེ་འཚོལ་བསྡུ་བྱེད་སྟངས།

མ་དཔེ་ལེན་ས་ནས་གཅིག་སྡུད་ངང་མ་དཔེ་འཚོལ་བསྡུ་བྱེད་པ་དང་། དོན་ཚན་10གཅིག་ཏུ་བསྡུས་ནས་མཉམ་འདྲེས་ཀྱིས་བརྟག་དཔྱད་ཚད་ལེན་བྱེད་ཐབས་སྤྱོད་རྒྱུ་ཡིན།

བཞི། རིན་པ་ལེན་པའི་ཚད་གཞི།

མི་ཡོངས་ཀྱིས་ཉིང་སྐྱུར་བརྟག་དཔྱད་བྱེད་གླ་སྤྲད་མི་དགོས།

ལྔ། བརྟག་དཔྱད་ཚད་ལེན་བྱེད་སའི་ས་ཁོངས་དབྱེ་སྟངས།

༼ཟུར་བཀོད་རེའུ་མིག་ཏུ་གསལ།  ༽

དྲུགམཉམ་འཇོག་དགོས་པའི་དོན་ཚན།

༼ གཅིག ༽ ཉིང་སྐྱུར་བརྟག་དཔྱད་ཚད་ལེན་བྱེད་པའི་ས་ཁོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་དགོས། ལས་འགན་སྒྲུབ་བཞིན་པའི་དམིགས་བསལ་རླངས་འཁོར་དང་། སྨན་བཅོས་སྲོག་སྐྱོབ་རླངས་འཁོར། དམངས་འཚོ་འགན་སྲུང་རླངས་འཁོར། མྱུར་བཟོ་རོགས་སྐྱོབ་རླངས་འཁོར། མཁོ་བསྟུན་གཞུང་དོན་རླངས་འཁོར། དམག་མི་དང་ཉེན་རྟོག་པའི་རླངས་འཁོར་བཅས་དང་དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་ཛ་དྲག་ཐོན་སྐྱེད་ནང་དུ་ཞུགས་པའི་རླངས་འཁོར་ལས་གཞན་པའི་རླངས་འཁོར་འགྲོ་སྐྱོད་བྱེད་མི་ཆོག༼ གཉིས ༽ ཁོངས་གཏོགས་ས་ཁུལ་གྱི་གྲོང་མི་ཡོངས་ཀྱིས་གཏན་འབེབས་བྱས་པའི་དུས་ཚོད་ནང་ནས་ས་ཁོངས་དབྱེ་རྒྱུར་ནན་མོར་གཞིགས་ཏེ་ལས་དོན་མི་སྣའི་ཁྲིད་སྟོན་འོག་དུས་མཚམས་དབྱེ་ནས་གོ་རིམ་ལྡན་པའི་ངང་དམིགས་འཛུགས་དཔེ་སྟོན་ས་ཚིགས་སུ་བསྐྱོད་དེ་མ་དཔེ་འཚོལ་བསྡུ་བྱས་ནས།ཞིབ་བཤེར་བྱེད་དགོས་པའི་རིགས་ཚང་མར་ཞིབ་བཤེར་ཐུབ་པ་བྱས་ཏེ་དུད་ཚང་དང་མི་གཅིག་ཀྱང་ཆད་ལུས་མེད་པར་འགན་ལེན་བྱེད་དགོས།༼ གསུམ ༽ ཉིང་སྐྱུར་བརྟག་དཔྱད་བྱེད་པའི་སྐབས་སུ།རང་ཉིད་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་རིག་ལྡན་ཁ་པར་འཁྱེར་བ་དང་། ཡང་ན་འོག་ཏུ་ཟུར་བསྣན་བྱས་པའི“གྲོང་མིའི་འཚོལ་བསྡུ་བཤེར་རྟགས”ངོས་འཛིན་བྱས་ཏེ་མི་སྒེར་གྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་ཐོ་འགོད་ཆ་འཕྲིན་ཐོབ་རྗེས། པར་ལེན་ནས་ཞིབ་བཤེར་བྱེད་པར་སྒུག་དགོས། ཐོབ་ཐང་ལག་ཁྱེར་མེད་པ་རྣམས་ཁྱིམ་ཐོ་འཁྱེར་དགོས། ཚང་མས་རང་འགུལ་ངང་བརྟག་དཔྱད་ས་ཚིགས་ཀྱི་ལས་དོན་མི་སྣའི་གཅིག་གྱུར་བཀོད་སྒྲིག་དང་ལེན་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་ཁ་ཡོལ་བརྒྱབ་ནས་སྨི་2ཀྱི་བདེ་འཇགས་བར་ཐག་རྒྱུན་འཁྱོངས་བྱེད་ཐུབ་པ་བྱས་ཏེ། བརྟག་དཔྱད་བྱས་ཚར་རྗེས་དུས་ཐོག་ཏུ་ཁྱིམ་དུ་ལོག་དགོས།༼ བཞི། ༽ མ་དཔེ་མ་བླངས་གོང་གི་ཆུ་ཚོད་2་ཀྱི་ནང་ནས་བཟའ་བཏུང་མི་སྤྱོད་རྒྱུ་དང་། སྐར་མ་30ནང་ཚུན་ནས་ཐ་མག་འཐེན་མི་ཆོག་པ་དང་།ཆང་ཨ་རག་འཐུང་མི་ཆོག་པ། ཐང་ཆུ་ལྡད་མི་ཆོག་པར་འགན་ལེན་བྱས་ནས། བརྟག་དཔྱད་བྱས་པའི་མཇུག་འབྲས་ལ་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས།བརྟག་དཔྱད་ཚད་ལེན་བྱས་པའི་མཇུག་འབྲས་སྒུག་བཞིན་པའི་རིང་ལ་རྒྱ་ཆེའི་གྲོང་མི་ཚོ་རང་འགུལ་ངང་ཁྱིམ་དུ་འདུག་དགོས་པ་དང་།དགོས་ངེས་མེད་པར་ཕྱིར་མི་འགྲོ་བ། འདུ་འཛོམས་མི་བྱེད་པ། མཉམ་སྤྱོད་གསོལ་སྟོན་མི་བྱེད་པ་བཅས་ཀྱི་བྱ་བ་བཟང་པོ་དར་སྤེལ་གཏོང་དགོས།༼ ལྔ ༽  བྱིས་པ་དང་རྒས་པ་སོགས་དམིགས་བསལ་ཀྱི་མི་ཚོགས་ལ་ལྟ་སྐྱོང་པའམ་ཡང་ན་ཁྱིམ་མི་མཉམ་དུ་འགྲོ་རོགས་བྱས་ནས།ཉིང་སྐྱུར་གྱི་མ་དཔེ་འཚོལ་བསྡུ་བྱེད་དགོས་པ་དང་མ་དཔེ་འཚོལ་ས་ནས་དུས་ཐོག་ཏུ་བདེ་འཇགས་བགྲོད་ལམ་འཛུགས་དགོས། རྐང་ལག་མི་བདེ་བའི་ལོ་ལོན་རྒས་པ་དང་དབང་པོ་སྐྱོན་ཅན་རྣམས་ཀྱིས་སྔོན་མ་ནས་རང་ཉིད་ཡོད་སའི་སྡེ་ཁུལ་ལ་འབྲེལ་བ་བྱས་ཏེ་ཐོ་འགོད་བྱེད་པ་དང་བདེ་མིན་བརྟག་རྗེས་སྨན་དོན་མི་སྣ་ཁྱིམ་དུ་འགྲོ་ནས་མ་དཔེ་འཚོལ་བསྡུ་བྱེད་ཆོག་པ་རེད།༼ དྲུག ༽ སྤྱི་ཚོགས་ཕྱོགས་ཀྱི་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་དགོས། གཞུང་བཙུགས་སྨན་བཅོས་སྒྲིག་གཞི་དང་སྣུམ་སྣོན་ས་ཚིགས་སོགས་གྲོང་མི་འཚོ་བ་མཁོ་ཆས་འགན་སྲུང་བྱེད་དགོས་པའི་ཁྲོམ་ར་ལས། དེ་མིན་གྱི་ཁྲོམ་ར་ཚང་མ་གནས་སྐབས་སུ་སྒོ་རྒྱག་དགོས། ཁེ་ལས་དང་། ལས་གཞི་འཛུགས་སྐྲུན་བཟོ་གྲྭ། བཅའ་སྡོད་སློབ་གྲྭ་བཅས་ཀྱིས་བཀག་བཅད་དོ་དམ་ལག་བསྟར་བྱ་དགོས།རྒས་གསོ་ཁང་དང་དགོན་པའི་ས་ཁོངས་སུ་མི་དང་རླངས་འཁོར་འགྲོ་འོང་བྱེད་མི་ཆོག༼ བདུན ༽ གལ་སྲིད་གྲོང་མིར་ཚ་རྒྱག་པ་དང་། སྐམ་ལུ་བྱེད་པ། མིད་པ་ན་བ། སྣོམ་ཚོར་ཉམས་པ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་མྱུར་དུ་སྡེ་ཁུལ་ལ་སྙན་སེང་ཞུ་དགོས་པ་དང་། སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀོད་སྒྲིག་ལ་བསྟུན་དགོས།གལ་ཏེ་ཛ་དྲག་གི་གནས་ཚུལ་འཕྲད་ཚེ་སྤྱི་བདེ་དང་འབྲེལ་ཡོད་ཉེན་བརྡ་གཏོང་བའི་སྟེགས་བུའམ་དམངས་ཕན་ཞབས་ཞུའི་ཐད་སྦྲེལ་ཁ་པར་བརྒྱབ་ནས་རོགས་རམ་ཞུ་ཆོག་པ་རེད།༼ བརྒྱད ༽ ཁྱིམ་སྡོད་ལོགས་བཀར་མི་སྣ་དང་ཆུ་ཚོད་48ནང་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་མྱོང་བའི་མི་སྣ་རྣམས་རེས་སྐོར་འདིའི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་ནང་ཞུགས་མི་དགོས། འོན་ཀྱང་ངེས་པར་དུ་ལས་ཁུངས་དང་སྡེ་ཁུལ་གྱི་མི་སྣ་ལ་གནས་ཚུལ་གསལ་བཤད་བྱས་ནས་ལས་ཁུངས་དང་སྡེ་ཁུལ་གྱིས་ཐོ་འགོད་ཡག་པོ་བྱེད་དགོས།༼ དགུ། ༽ ཐེངས་འདིའི་ས་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་ནི་སྔོན་འགོག་རང་བཞིན་གྱི་བརྟག་དཔྱད་ཚད་ལེན་ཡིན་ཞིང་།སྔ་བ་བཞི་ཡི་བླང་བྱ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པས་རྒྱ་ཆེའི་གྲོང་མིས་གཞོགས་འདེགས་ཡག་པོ་བྱས་ཏེ་འཇིགས་སྣང་མི་བྱེད་པ་དང་། ཧབ་ཐོབ་མི་རྒྱག་པ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་མི་བཤད་པ། དཀྲོག་གཏམ་མི་བཟོ་བ་བཅས་བྱེད་དགོས་པ་མ་ཟད། གཞོགས་འདེགས་མི་བྱེད་པ་དང་།  ཉིང་སྐྱུར་བརྟག་དཔྱད་ལས་དོན་ལ་རྒྱབ་སྐྱོར་མི་བྱེད་པ། སྒྲིག་ལམ་དཀྲུག་པ། ཆ་འཕྲིན་རྫུན་བཟོའམ་ཡང་ན་རྐང་བཙུགས་ནས་དོན་དངོས་མིན་པའི་པར་རིས་དང་། བརྙན་ཐུང་། འཆལ་གཏམ་བཅས་བརྒྱུད་བསྒྲགས་བྱས་ནས་སྤྱི་ཚོགས་ཐོག་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་པའི་རིགས་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་རེད།རྒྱ་ཆེའི་གྲོང་མི་རྣམས་ཀྱིས་ཕན་ཚུན་ཤེས་སུ་འཇུག་པ་དང་།རང་འགུལ་ངང་གཞོགས་འདེགས་བྱེད་རོགས། རྒྱ་ཆེའི་ཡུལ་མི་སྤུན་ཟླ་རྣམས་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།


ཁྲི་འདུ་རྫོང་རིམས་ནད་སྔོན་འགོག་བཀོད་འདོམས་པུའུ།

2022ལོའི་ཟླ་8ཚེས་14ཉིན

称多县区域核酸检测采样点明细表


编   辑丨普布成林

审   核丨更松拉吉
监   制丨达 忠 录
来   源 | 称多发布
声明:转载链接内容须备注@玉树发布

往期回顾


您可能也对以下帖子感兴趣

文章有问题?点此查看未经处理的缓存