查看原文
其他

拉萨发布规范使用管理藏易通“场所码”的公告(附藏语音频)

拉萨发布 2022-11-21

  //  

关于规范使用管理藏易通“场所码”的公告

 

为切实巩固来之不易的疫情防控成果,充分发挥藏易通“场所码”在精准防控、快速流调等方面的“哨点”监测和科技支撑作用,确保人员安全有序流动和轨迹有效追踪,结合拉萨市实际,现就规范使用管理藏易通“场所码”公告如下:


一、使用范围

各级党政机关企事业单位、各类公共场所、公共交通工具等。


二、藏易通“场所码”申领

各级党政机关企事业单位、各类公共场所、公共交通工具指定专人通过手机微信藏易通健康码系统申领藏易通“场所码”,按照“应申尽申”原则,进行所在场所信息登记,并自行打印“场所码”张贴在醒目位置,对破损、无效的藏易通“场所码”要及时更换。务必做到凡进必扫、逢进必扫、逢扫必验,不漏一人。


三、使用和管理

各属地、各行业部门按照“谁主管、谁负责”和属地管理原则,从严落实监督管理责任,加大藏易通“场所码”宣传推广力度,强化巡查检查,严查场所无码、有码不扫、扫码不验、验码不严等问题,确保藏易通“场所码”规范使用。各类场所要安排专人负责“场所码”扫码查验工作。


公民个人自觉扫码,出入各类场所自觉配合扫藏易通“场所码”,自觉配合接受查验藏易通“场所码”、藏易通健康码、核酸检测阴性报告。老年人、儿童等无智能手机人员或未带手机人员,可进行纸质登记。不得以“亮码”代替“扫码”,同行多人要逐人扫码,做到“一人一码”。


扫码结果异常的,要拒绝其进入场所,由管理者在第一时间向社区和行业主管部门报告,并全力配合落实相关疫情防控措施,不得放任不管。


四、责任追究

对拒不申领张贴的,由行业主管部门责令不得复工复产复商复市复课;对落实扫码查验等各类措施不到位的,由行业主管部门责令停业整顿;对拒不扫码登记的严禁进入。


未依法落实藏易通“场所码”管理和使用责任的,依规依纪追究相关人员责任,公安机关依法依规处理、宣传部门进行曝光,造成严重后果的,依法追究法律责任。

  //  

༄༅། །བོད་ལྗོངས་ཤར་བགྲོད་ཀྱི"གནས་ཡུལ་བཤེར་རྟགས"བེད་སྤྱོད་དང་དོ་དམ་ཚད་ལྡན་བྱེད་པའི་སྐོར་གྱི་སྤྱི་བསྒྲགས།


ཐོབ་དཀའ་བའི་རིམས་ནད་འགོག་ཟོན་གྱི་གྲུབ་འབྲས་སྲ་བརྟན་དང་། བོད་ལྗོངས་ཤར་བགྲོད"གནས་ཡུལ་བཤེར་རྟགས"ཀྱིས་རིམས་འགོག་གནད་འཕིགས་དང་རིམས་དཔྱད་མྱུར་པོ་ཡོང་རྒྱུ་སོགས་ཀྱི་ཐད། གནས་ཚིགས་ཁག་གི་བལྟ་བཤེར་ཚད་ལེན་དང་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་རྣམས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་དང་མི་སྣའི་འགྲུལ་ཤུལ་འཚོལ་སྙེག་ཕན་ལྡན་ཡོང་བ་བཅས་ཀྱི་ཆེད། ལྷ་ས་གྲོང་ཁྱེར་གྱི་དོན་དངོས་ལ་གཞིགས་ནས་བོད་ལྗོངས་ཤར་བགྲོད་ཀྱི"གནས་ཡུལ་བཤེར་རྟགས"བེད་སྤྱོད་དང་དོ་དམ་ཚད་ལྡན་བྱེད་པའི་སྐོར་ལ་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།


གཅིག  བེད་སྤྱོད་བྱེད་པའི་ཁྱབ་ཁོངས།

བེད་སྤྱོད་བྱེད་པའི་ཁྱབ་ཁོངས་ནི་རིམ་ཁག་ཏང་སྲིད་ཚན་པ་དང་། ཁེ་ལས། བྱ་གཞག་ཚན་པ། སྤྱི་པའི་བྱེད་སྒོ་སྤེལ་ཡུལ་ཁག སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ཀྱི་རིགས་བཅས་ཡིན།


གཉིས། བོད་ལྗོངས་ཤར་བགྲོད་ཀྱི"གནས་ཡུལ་བཤེར་རྟགས"གྱི་ཞུ་ལེན།

རིམ་ཁག་ཏང་སྲིད་ཚན་པ་དང་། ཁེ་ལས། བྱ་གཞག་ཚན་པ། སྤྱི་པའི་བྱེད་སྒོ་སྤེལ་ཡུལ་ཁག སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་བཅས་ཀྱི་ཁྱབ་ཁོངས་སུ་ཆེད་དོན་མི་སྣ་བཀོད་སྒྲིག་བྱས་ནས། འཕྲིན་ཕྲན་གྱི་བོད་ལྗོངས་ཤར་བགྲོད་བདེ་ཐང་བཤེར་རྟགས་ཀྱི་མ་ལག་བརྒྱུད"གནས་ཡུལ་བཤེར་རྟགས"ཞུ་ལེན་བྱེད་དགོས། དེའང་ཞུ་ལེན་དགོས་ངེས་ཡིན་པ་ཚང་མས་ཞུ་ལེན་བྱེད་དགོས་པའི་རྩ་དོན་བཞིན། རང་གནས་ཡུལ་གྱི་ཆ་འཕྲིན་ཐོ་འགོད་བྱེད་པ་མ་ཟད་པར་འདེབས་བྱས་ནས་མངོན་གསལ་དོད་ས་ཞིག་ཏུ་སྦྱར་དགོས། གལ་ཏེ"གནས་ཡུལ་བཤེར་རྟགས"རལ་བའམ་ཡང་ན་ཕན་མེད་དུ་གྱུར་བའི་རིགས་ཐོན་ཚེ་ལམ་སེང་བརྗེ་དགོས་པ་མ་ཟད། ངེས་པར་དུ་འཛུལ་མཁན་ཡོད་ཚད་བཤེར་དགོས་པ་དང་། བཤེར་མཁན་ཡོད་ཚད་ལ་བཤེར་འབྲས་ཡོད་པའི་ཐོག་ནས་མི་གཅིག་ཀྱང་མ་ལུས་པ་བྱེད་དགོས། 


གསུམ། བེད་སྤྱོད་དང་དོ་དམ།

མངའ་ཁོངས་ཁག་དང་ཚན་པ་ཁག་གིས"སུ་ཡིས་གཙོ་འགན་འཁུར་བ་དེ་ཡིས་འགན་འཁུར་བྱེད་པ"དང་མངའ་ཁོངས་དོ་དམ་གྱི་རྩ་དོན་གཞིར་བཟུང་། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་སྐྱོང་ཐོག བོད་ལྗོངས་ཤར་བགྲོད"གནས་ཡུལ་བཤེར་རྟགས"དྲིལ་བསྒྲགས་དང་ཁྱབ་གདལ་ཇེ་ཆེར་གཏོང་བ་དང་། ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། གནས་ཡུལ་ལ་བཤེར་རྟགས་མེད་པ་དང་། བཤེར་རྟགས་ཡོད་ཀྱང་མི་བཤེར་བ། བཤེར་ཀྱང་བཤེར་འབྲས་མེད་པ། བལྟ་བཤེར་དོ་ནན་མིན་པ་སོགས་ཀྱི་གནད་དོན་ལ་རྩད་གཅོད་ནན་པོ་བྱས་ཏེ། བོད་ལྗོངས་ཤར་བགྲོད"གནས་ཡུལ་བཤེར་རྟགས"བེད་སྤྱོད་ཚད་ལྡན་ཡོང་རྒྱུར་འགན་ལེན་བྱ་དགོས་པ་དང་ཆབས་ཅིག གནས་ཡུལ་ཁག་ནས་བོད་ལྗོངས་ཤར་བགྲོད"གནས་ཡུལ་བཤེར་རྟགས"ཞིབ་བཤེར་བྱེད་མཁན་ཆེད་དོན་ལས་མི་བཀོད་སྒྲིག་བྱེད་དགོས། 

སྤྱི་དམངས་ཀྱིས་གནས་ཡུལ་ཁག་ཏུ་འགྲོ་སྐྱོད་བྱེད་སྐབས། རང་འགུལ་ཐོག་ནས་གནས་ཡུལ་བཤེར་རྟགས་བཤེར་བ་དང་། ས་གནས་དེ་གའི་ལས་མིས་གནས་ཡུལ་བཤེར་རྟགས་དང་། བདེ་ཐང་བཤེར་རྟགས། ཉིང་སྐྱུར་བརྟག་དཔྱད་ཀྱི་སྲིབ་གཤིས་དཔང་ཡིག་སོགས་ཞིབ་བཤེར་བྱེད་པར་དང་ལེན་དང་གཞོགས་འདེགས་གང་ལེགས་བྱེད་དགོས། རྒས་འཁོགས་དང་བྱིས་པར་རིག་ནུས་ཁ་པར་མེད་པ་དང་། ཁ་པར་འཁྱེར་མེད་པའི་མི་སྣའི་གནས་ཚུལ་ཤོག་བུའི་ཐོག་ཐོ་འགོད་བྱས་ན་འགྲིག བཤེར་རྟགས་བཤེར་བའི་བརྒྱུད་རིམ་ཁྲོད། བཤེར་རྟགས་བཏོན་པས་བཤེར་མི་དགོས་པའི་ཚབ་བྱེད་མི་རུང་ལ། མི་མང་པོ་མཉམ་དུ་ཡོད་ཚེ་རེ་རེ་བྱས་ནས་བཤེར་ཏེ། མི་རེ་རེར་བཤེར་རྟགས་རེ་ཡོད་པར་འགན་ལེན་བྱེད་དགོས། གལ་ཏེ་བཤེར་རྟགས་ལ་རྒྱུན་གཏན་མིན་པའི་གནས་ཚུལ་ཐོན་ཚེ། གནས་ཡུལ་ཁག་ཏུ་འཛུལ་དུ་འཇུག་མི་རུང་བ་མ་ཟད། དོ་དམ་པས་འཕྲལ་དུ་སྡེ་ཁུལ་དང་འབྲེལ་ཡོད་ཚན་པར་སྙན་ཞུ་བྱས་ནས། ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་ཟོན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་བྱ་དགོས་པ་ལས་སྣང་བ་མ་བཏང་བར་འཇོག་མི་རུང་། 


བཞི། འགན་འཁྲི་བདའ་འདེད།

གནས་ཡུལ་བཤེར་རྟགས་ཞུ་ལེན་མི་བྱེད་པའམ་སྦྱར་མེད་པ་རྣམས་ལ་ལས་རིགས་གཙོ་གཉེར་ཚན་པས་ལས་ཐོན་དང་། ཚོང་ཁྲོམ། སློབ་གྲྭ་སོགས་བསྐྱར་ཚུགས་མི་ཆོག་པའི་བཀའ་ཕབ་དགོས། བཤེར་རྟགས་བཤེར་རྒྱུ་དོན་འཁྱོལ་ཡག་པོ་མ་བྱུང་བ་རྣམས་ལ་ལས་རིགས་གཙོ་གཉེར་ཚན་པས་ལས་མཚམས་བཞག་ནས་བཅོས་སྒྲིག་བྱ་རྒྱུའི་བཀའ་ཕབ་དགོས། དེ་མིན་གནས་ཡུལ་བཤེར་རྟགས་བཤེར་རྒྱུ་དང་ལེན་མི་བྱེད་མཁན་ནང་དུ་འཛུལ་དུ་འཇུག་མི་རུང་།

བོད་ལྗོངས་ཤར་བགྲོད་ཀྱི"གནས་ཡུལ་བཤེར་རྟགས"དོ་དམ་དང་བེད་སྤྱོད་བྱེད་པའི་འགན་འཁྲི་ཁྲིམས་བཞིན་དོན་འཁྱོལ་མ་བྱས་པའི་རིགས། སྒྲིག་སྲོལ་གཞིར་བཟུང་འགན་འཁྲི་རྩད་གཅོད་ཀྱིས་སྤྱི་བདེ་ཚན་པས་ཁྲིམས་སྲོལ་བཞིན་ཐག་གཅོད་དང་། དྲིལ་བསྒྲགས་ཚན་པས་ཡོངས་བསྒྲགས་སུ་དམར་འདོན་བྱ་རྒྱུ། འགན་འཁྲི་ཚབས་ལྕི་བའི་རིགས་ཁྲིམས་བཞིན་ཁྲིམས་ལུགས་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་བཅས་སོ། 

(转载请注明“拉萨发布”)


拉萨融媒

关注“拉萨发布视频号”

“悦享拉萨视频号”

查看更多精彩资讯▽




往期回顾

#普布顿珠主持召开市委常委会(扩大)会议

#嗨,八廓拉珍啦!

#拉萨出租车全面消杀确保安全……


藏语配音:拉巴平措藏语音频审核:达瓦顿珠藏语文本翻译:拉萨市编译局编辑(一审):范云梦  白晓茹  格慧莹责编(二审):牛军
审核(三审):德吉措

转发 关注点亮下方“在看”图标更多人看到↓↓↓

您可能也对以下帖子感兴趣

文章有问题?点此查看未经处理的缓存