དཀར་མཛེས་ཁུལ་རིམས་ནད་བཀོད་འདོམས་པུའི་སྤྱི་བསྒྲགས་༼ཨང་༡༩པ།༽
དཀར་མཛེས་ཁུལ་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་བཀོད་འདོམས་པུའི་སྤྱི་བསྒྲགས།
(ཨང་19པ།)
ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་སྔར་བས་ནན་དུ་བཏང་ནས་ཕྱི་འགོག་ནང་འདྲེན་དང་ནང་འགོག་བསྐྱར་འགོག་གི་ལས་དོན་ཁག་ཡག་པོ་བསྒྲུབ་ཆེད།ཞིང་ཆེན་དང་ཁུལ་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གསར་ཤོས་ལ་གཞིགས་ནས་ད་ལྟ་འབྲེལ་ཡོད་དོན་དག་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག སི་ཁྲོན་ནས་ཡོང་བའི་མི་སྣ་ཡོད་ཚད་(ཕྱིར་ལོག་)སི་ཁྲོན་དུ་སྐྱོད་པའི་མི་ཡིས་སི་ཁྲོན་དུ་འབབ་སའི་ས་ཚུགས་དང་པོ་(དེའི་ནང་མྱུར་བགྲོད་གཞུང་ལམ་གྱི་རིན་བསྡུ་ས་ཚིགས།གནམ་གྲུ་ཐང་གི་འབབ་ཚུགས་ནས་ཐོན་ས།རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དང་ཞིང་ཆེན་གྱི་ས་མཚམས་ནས་ཐོན་ས་བཅས་ཚུད་ཡོད་)བརྒྱུད་སྐབས་ངེས་པར་དུ་རང་འགུལ་ངང་བདེ་ཐང་ཨང་རྟགས་དང་།འགྲོ་སྐྱོད་ཨང་རྟགས།ཆུ་ཚོད་48ནང་ཉིང་སྐྱུར་རྟག་བཤེར་སྙན་ཞུ་སྟོན་དགོས།གལ་ཏེ་ཉིན7གྱི་ནང་དུ་AདངBརིགས་ཀྱི་ས་ཁུལ་དུ་སྡོད་པའི་ལོ་རྒྱུས་ཀྱི་རིགས་དབྱེ་དོ་དམ་བྱས་པ་གཤམ་ལྟར།Aརིགས་ཀྱི་ས་ཁུལ་དུ་སྡོད་པའི་ལོ་རྒྱུས་མི་སྣ་ངེས་པར་དུ་གཅིག་སྡུད་སྒོས་སོ་སོར་དགར་ནས་ཁུལ་དུ་ཐོན་རྗེས་ཀྱི་ཉིན7དང་།ཉིན1པ་དང3པ།7པ་བཅས་ཀྱི་ནང་དུ་ཉིང་སྐྱུར་རྟག་བཤེར་བྱས་ཏེ།མཐར་ཉིས་བཤེར་ཟུང་བཤེར་གཉིས་སྲིབས་གཤིས་སུ་གྱུར་རྗེས་སོ་སོར་དགར་དགོས། Bརིགས་ཀྱི་ས་ཁུལ་གནས་སའི་རྫོང(གྲོང་ཁྱེར་དང་ཁུལ)དུ་སྡོད་པའི་ལོ་རྒྱུས་མི་སྣ་ངེས་པར་དུ་ཁྱིམ་སྡོད་ལོགས་སུ་བཀར་ནས་ཁུལ་དུ་འབྱོར་རྗེས་ཀྱི་ཉིན་7བར་དུ། ཉིན་1པོ་དང་།3པ།7པ་བཅས་ལ་ཉིང་སྐྱུར་རྟག་བཤེར་བྱེད་ དགོས་པ་དང་།མཐར་གཉིས་ལེན་གཉིས་བཤེར་གཤེར་སྲིབས་གཤིས་སུ་གྱུར་རྗེས་ཁ་བྲལ་དུ་འཇུག་དགོས། Bརིགས་ས་ཁུལ་གྱི་རྫོང(གྲོང་ཁྱེར་དང་ཁུལ)གཞན་པའི་གནས་སྡོད་ལོ་རྒྱུས་མི་སྣར་ངེས་པར་དུ་ཉིན་གསུམ་གྱི་རིང་ལ་ཞིབ་བཤེར་བྱ་དགོས།(བར་ཐག་ཆུ་ཚོད་24) ཁྱིམ་སྡོད་དོ་དམ་བྱེད་ཐབས་དོན་འཁྱོལ་བྱེད་མི་ཐུབ་པར་གཅིག་བསྡུས་སྒོས་ལོགས་སུ་དགར་ནས་དོ་དམ་བྱ་དགོས།
གཉིས། སི་ཁྲོན་དང་ཁྲུང་ཆིན་གཉིས་ཀྱི་ཉིན་14ནང་ས་གནས་རང་གི་རིམས་ནད་བྱུང་ཚུལ་མེད་པ།(ཡང་ན་སྤྱི་ཚོགས་ཀྱི་ངོས་གཙང་མ་དང་ནད་པ་བསྟུད་མར་ཉིན་7ནང་བྱུང་མེད་པ་དང་དེའི་ཡན།) གཞན་ཡང་ཞིང་ཆེན(ཐད་སྐྱོང་གྲོང་ཁྱེར་དང་རང་སྐྱོང་ལྗོངས)གཞན་དག་ཏུ་སྡོད་པའི་ལོ་རྒྱུས་མེད་པའམ་ཡང་ན་ཞིང་ཆེན་ཕྱིའི་གྲོང་ཁྱེར(ཁུལ)དུ་ཕྱིར་ལོག་པའི་མི་སྣ་དང་།ཡང་ན་ཞིང་ཆེན་ཕྱིའི་གྲོང་ཁྱེར(ཁུལ)དུ་ཉིན་14ནང་ཚུན་དུ་རང་གི་ས་ཁུལ་དུ་རིམས་ནད་མི་ཐོན་པ་མ་ཟད།ད་དུང་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་དེ་རང་ངམ་ཡང་ན་སི་ཁྲོན་ཞིང་ཆེན་དང་ཁྲུང་ཆིང་གྲོང་ ཁྱེར་དུ་གནས་སྡོད་བྱེད་པའི་ལོ་རྒྱུས་ལྡན་པའི་ཁུལ་དང་རང་ཁུལ་ལ་ཕྱིར་ལོག་པའི་མི་སྣས་ཞིང་ཆེན་ནང་ཁུལ་གྱི་མི་སྣའི་དོ་དམ་གཞིར་བཟུང་ནས་བདེ་ཐང་ཨང་རྟགས་དང་འགྲོ་སྐྱོད་བྱང་བུ་སྟོན་ནས་རྒྱུན་གཏན་ངང་འགྲོ་སྐྱོད་བྱེད་དགོས།
གསུམ།སྤྱི་དམངས་ཀྱིས་དཀར་མཛེས་ཀྱི་ནད་ཡམས་ཚོད་འཛིན་གྱི་བདེ་ཐང་གསལ་བརྡར་དོ་སྣང་ཆེན་པོ་བྱས་ནས་རང་འགུལ་ངང་ཉིན་བདུན་ནང་Aདང་Bརིགས་ཀྱི་ས་ཁུལ་དུ་བསྐྱོད་མྱོང་ཡོད་མེད་དང་།ནད་དཔེ་དང་འབྲེལ་བའི་རྗེས་ཤུལ་ཡོད་མེད།དྲན་སྐུལ་གྱི་འཕྲིན་ཐུང་འབྱོར་ཡོད་མེད།ཡང་ན་གནས་སྐབས་ཀྱི་ལྡེམ་ཁུང་གི་དྲན་སྐུལ་འབྱོར་ཡོད་མེད་བཅས་ལ་ལྟ་ཞིབ་བྱས་ཏེ་བདེ་ཐང་ཨང་རྟགས་དམར་པོ་དང་།ཨང་སེར་བཅས་སུ་འགྱུར་ཡོད་མེད་ལ་ལྟ་དགོས། གལ་ཏེ་གོང་གི་གནས་ཚུལ་ཡོད་ན།ངེས་པར་དུ་མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱས་ཏེ།འཕྲལ་མར་གནས་སའི་གྲོང་སྡེའི་ཚོ་ཆུང་(སྡེ་ཁུལ་)དང་།ལས་ཁུངས་སམ་ཡང་ན་མགྲོན་ཁང་དུ་སྡོད་པའི་ཐོ་འགོད་སྙན་སེང་ཞུས་ནས།རང་འགུལ་གྱིས་ཉིང་སྐྱུར་རྟག་བཤེར་བྱས་ཏེ།དོ་དམ་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་པར་རམ་འདེགས་བྱ་དགོས།གལ་སྲིད་ཡུལ་སྐོར་དུ་སྐྱོད་བཞིན་ཡོད་ཚེ་ངེས་པར་དུ་རང་སར་དོ་དམ་ཚོད་འཛིན་དང་ས་གནས་དེ་གའི་བཀོད་འདོམས་པུས་གཡོལ་རྒྱུག་བདེ་ཐང་དོ་དམ་གྱི་བྱ་ཐབས་སྔར་བས་དོན་འཁྱོལ་བྱ་རྒྱུར་སྒུག་དགོས།
བཞི། ཁུལ་དུ་ཕྱིར་ལོག་མི་སྣ་ཡོངས་ཀྱིས་དཀར་མཛེས་ཁུལ་ལ་ལོག་རྒྱུའི་སྙན་ཞུའི་གོ་རིམ་ཆུང་གྲས་ལ་བརྟེན་ནས་སྔོན་ལ་ཐོ་འགོད་གྲ་སྒྲིག་བྱེད་དགོས།
ལྔ། སྤྱི་དམངས་ཀྱིས་འགྲིམ་འགྲུལ་ས་ཚིགས་དང་།ཟ་ཁང་།མགྲོན་ཁང་།ཚོང་ཁང་།རིག་གནས་རོལ་རྩེད་སོགས་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དང་དེ་བཞིན་དམངས་སྤྱོད་སྡོད་ཁང་དང་དྲ་ཐོག་སྡོད་ཁང་སོགས་སུ་སྐྱོད་སྐབས་ངེས་པར་དུ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་ཁ་ཤུབས་རྒྱུག་ནས་བདེ་ཐང་ཨང་རྟགས་དང་འགྲོ་སྐྱོད་བྱང་བུ་སྟོན་ནས་བྱེད་སྒོ་སྤེལ་ཡུལ་གྱི་ཨང་རྟགས་ཞིབ་བཤེར་བྱེད་དགོས།
དྲུག གཤམ་གྱི་གནས་ཚུལ་དག་བྱུང་ན།མི་སྒེར་ལ་སྐྱོན་བརྗོད་དང་སློབ་གསོ་གཏོང་དགོས་པ་མ་ཟད།གནས་ཚུལ་གྱི་ཚབས་ཆེ་ཆུང་ལ་གཞིགས་ནས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་ལྟར།དེར་ཐ་ཚིག་སྒྲོག་པ་དང་།དངུལ་ཆད་གཅོད་པ།སྲིད་འཛིན་བཀག་ཉར་བྱེད་པ་སོགས་ཀྱི་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས།ཉེས་ཚད་ལོན་མཁན་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།གལ་ཏེ་གཞུང་ལས་མི་སྣ་ཡིན་ཚེ་ད་དུང་གནས་ཚུལ་ལ་གཞིགས་ནས་རྩ་འཛུགས་ཀྱི་ཆད་པ་གཅོད་པའམ་ཡང་ན་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ་དང་། སྡེ་ཚན(ཐོན་སྐྱེད་གཉེར་སྐྱོང་ཚན་པ་དང་།སྤྱི་ཚོགས་རྩ་འཛུགས།ཁྲོམ་རའི་བྱེད་པོ་སྣ་ཚོགས་སོགས་ཚུད)སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ཡག་པོ་མ་བྱུང་ཚེ་སུའི་མི་ཡིན་ན་དེས་འགན་འཁུར་བ་དང་སུས་ཚོད་འཛིན་མ་ཐུབ་པ་དང་སུའི་འགན་འཁྲི་བདའ་འདེད་གཏོང་དགོས།སུས་གསང་ནས་མི་ཞུ་ན་སུའི་འགན་འཁྲི་བདའ་འདེད་གཏོང་བའི་རྩ་དོན་ལྟར་ཁྲིམས་དང་སྒྲིག་སྲོལ་ལྟར་དེའི་སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།
དང་པོ། སི་ཁྲོན་ཡོང་བ་དང་སི་ཁྲོན་ལོག་པའི་མི་སྣ་དེ་མྱུར་བགྲོད་གཞུང་ལམ་ཞབས་ཞུ་ས་ཁུལ་ཏུ་རླངས་འཁོར་སྡོད་ས་བརྗེ་བ་དང་། སྔོན་ཚུད་ནས་བབས་པ། རླངས་འཁོར་བཏང་བརྗེ་བྱེད་པ། ཁ་པར་ཡང་ན་ཁ་པའི་བྱང་བུ་མང་པོ་ཞིག་སྤྱོད་དེ་རྐང་བཙུགས་ནས་སི་ཁྲོན་ཡོང་དུས་ཀྱི་ཞིབ་བཤེར་ལས་བྲོས་བྱོལ་བྱེད་པ།
གཉིས་པ། སི་ཁྲོན་ཡོང་དུས་ཀྱི་གནས་དང་པོར་བརྒྱུད་པའི་རླངས་འཁོར་དང་མི་སྣ་བཙན་པོ་ངང་སྤྱི་བདེ་ལས་ཁུངས་ཀྱིས་སྒྲིག་པའི་ཉེན་ཟོན་དམར་ཐག་ལས་བརྒལ་བའང་ཡང་ན།བྱ་ཐབས་གཞན་པའི་བརྒྱུད་དེ་རྐང་བཙུགས་ནས་ཞིབ་བཤེར་ལས་ཀ་ལས་གཡོལ་བ།
གསུམ་པ། ཁུལ་ནང་ཡོང་བ་དང་ཁུལ་ནང་ཚུར་ལོག་པའི་མི་སྣ་རང་འགུལ་ངང་སྡེ་ཁུལ་དང་ལས་ཁུངས། ད་དུང་མགྲོན་ཁང་ལ་རང་ཉིད་ཀྱི་འགྲོ་ལམ་ཨང་བཤེར་དང་བདེ་ཐང་གནས་ཚུལ་གསལ་ཞུ་བྱས་མེད་པ་དང་རིགས་དབྱེ་དོ་དམ་བྱ་ཐབས་དང་ལེན་མི་བྱེད་པ།
བཞི་པ། སྤྱིའི་འགྲིམ་འགྲུལ་ཡོ་བྱད་སྡོད་པ་དང་སྤྱིའི་ཡུལ་གནས་ལ་འགྲོ་བ་ཡང་ན་ཉེན་ཁ་མཐོ་བའི་གནས་སུ་འགྲོ་དུས་ཨང་བཤེར་བཤེར་བ་དང་ཁ་ཤུབས་རྒྱག་པའི་འགོག་བཅོས་བྱ་ཐབས་དོན་འཁྱོལ་མི་བྱེད་པ།
ལྔ་པ། ནད་བབ་ཡང་ན་འགྲོ་ལམ་ཆ་འཕྲིན། ཁྱད་པར་ཏུ་ཉེན་ཁ་ས་ཁུལ་སྡོད་མྱོང་པ་སྦས་གསང་བྱས་པ།ཡང་ན་ནད་ཀྱི་བྱུང་དཔེ་གཏན་འཁེལ་བ་དང་དོགས་ཡོད་བྱུང་དཔེ་དང་ཐུག་པ་སྦས་གསང་བྱས་པ། རང་རང་གི་སི་ཁྲོན་ཐཱན་ཧྥུའུ་བདེ་ཐང་ཨང་བཤེར་སེར་པོ་ཡང་ན་དམར་པོ་ཡིན་པ་སྦས་གསང་བྱས་པ། མི་གཞན་པའི་སི་ཁྲོན་ཐཱན་ཧྥུའུ་བདེ་ཐང་ཨང་བཤེར་དང་འགྲོ་ལམ་ཨང་བཤེར་སྤྱོད་པ།
དྲུག་པ། ནད་ཡམས་ཚོད་འཛིན་དང་སྤྱི་བདེ་ལས་ཁུངས་ཀྱིས་རིམས་ནད་བརྟག་དཔྱད་ལ་ཁས་མི་ལེན་པ་དང་དོན་དངོས་ཀྱི་འགྲོ་ལམ་སྦས་གསང་བྱས་པ།
བདུན་པ། གཏན་འབེབས་དང་འགལ་ནས་མཉམ་འཛོམ་རང་བཞིན་གྱི་བྱ་འགུལ་ཁྲོད་ཞུགས་པ་དང་། གཏན་འབེབས་ལྟར་བདེ་ཐང་ལྟ་ཞིབ་ཚད་ལེན་དང་དོ་དམ་དང་ལེན་མི་བྱེད་པ།
བརྒྱད་པ། རིམས་ནད་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་རྫུན་མ་བཟོ་ནས་དྭ་ཐོག་ཡང་ན་སྨྱན་སྦྱོར་གཞན་པ་ཐོག་བརྒྱུད་བསྒྲགས་བྱེད་པ། ཆ་འཕྲིན་རྫུན་མ་ཡིན་བ་ཤེས་ཡང་རྐང་བཙུགས་ནས་དྭ་ཐོག་ཡང་ན་སྨྱན་སྦྱོར་གཞན་པ་ཐོག་བརྒྱུད་བསྒྲགས་བྱེད་པ། ད་དུང་མི་སྣ་སྒྲིག་འཛུགས་དང་ངན་སྐུལ་བྱེད་དེ་སྨྱན་སྦྱོར་ཐོག་གོང་བཤད་པའི་ཆ་འཕྲིན་འགྲེམ་པ་ཡང་ན་བརྒྱུད་བསྒྲགས་བྱེད་པ།
དགུ། རིམས་འགོག་ལས་བྱེད་མི་སྣས་ཁྲིམས་ལྟར་རིམས་འགོག་དང་འགོས་ནད་བརྟག་དཔྱད།བཙན་ཤེད་ཀྱིས་ཟུར་འཇོག ཟུར་དུ་བཞག་ནས་སྨན་བཅོས་བྱེད་པ་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱོད་པར་བཀག་འགོག་བྱས་རིགས།རིམས་འགོག་མི་སྣར་ཉེས་རྡུང་གཏོང་བ་དང་གཞུང་དོན་སྒྲུབ་པར་བཀག་འགོག་བྱས་པའི་རིགས།
བཅུ། རིམ་པ་ཁག་གི་སྲིད་གཞུང་ངམ་ཡང་ན་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྱབ་བསྒྲགས་བྱས་པའི་ལས་མཚམས་འཇོག་པ་དང་།ལས་མཚམས་འཇོག་པ།སྒོ་རྒྱག་པ།བྱེད་སྒོ་སྤེལ་མཚམས་འཇོག་པ་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྐོར་གྱི་ཆོད་དོན་དང་བཀའ་རྒྱ་ལག་བསྟར་གཏན་ནས་མི་བྱེད་པའི་རིགས་དང་།གཏན་འབེབས་དང་འགལ་ཏེ་འབྲེལ་ཡོད་ལས་ཡུལ་དུ་རང་དགར་ལས་གཉེར་བྱེད་པའམ་ཡང་ན་བྱེད་མཚམས་གཏན་ནས་མི་འཇོག་པ།སློབ་གསོ་བཏང་བ་བརྒྱུད་རྩིས་འགྲོ་མེད་པའི་རིགས།
བཅུ་གཅིག རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་གཞན་དག་བཅས་ཡིན།
སྤྱི་བསྒྲགས་འདི་དཔར་འགྲེམ་བྱས་ཉིན་ནས་ལག་ལེན་བསྟར་རྒྱུ། དེའི་གོང་ཁྱབ་བསྒྲགས་བྱས་པའི་ནང་དོན་དང་སྤྱི་བསྒྲགས་འདིའི་དབར་མི་མཐུན་པའི་རིགས་སྤྱི་བསྒྲགས་འདི་ཚད་གཞིར་འཛིན་དགོས། རྒྱལ་ཁབ་དང་།ཞིང་ཆེན།ཁུལ་བཅས་སུ་གཏན་འབེབས་གསར་པ་བྱས་ཡོད་རིགས་གཏན་འབེབས་གསར་པར་གཞིགས་དགོས།
ཟུར་ཡིག ༡. དཀར་མཛེས་ཁུལ་དུ་ལོག་ནས་ཐོ་འགོད་སྙན་སེང་བྱེད་པའི་གོ་རིམ།
༢.དཀར་མཛེས་ཁུལ་གྱི་སི་ཁྲོན་འབབ་ཚུགས་དང་པོའི་མིང་ཐོ།
དཀར་མཛེས་ཁུལ་གྱིས་ཏོག་གསར་གློ་ཚད་རིམས་ནད་ཁ་གཏད་གཅོག་པའི་
འཕྲལ་སྡོམ་བཀོད་འདོམས་པུའུ་ནས།
༢༠༢༢ལོའི་ཟླ་༤ཚེས་༢༧ཉིན།
责编:朱代军 审核:杨凯 向巴友珍编辑:刘红主办:炉霍县委宣传部
炉霍县融媒体中心 来源:炉霍县融媒体中心
往期推荐
【实时炉霍】我县加力推进特殊人群新冠疫苗接种工作
【实时炉霍】我县加力推进特殊人群新冠疫苗接种工作