查看原文
其他

ལྡོང་འཇིགས་སྲས་ཀྱི་སྙན་ངག་ཚན་པ་གསུམ།

ཆོས། Qiu1980 2021-06-01

ལྡོང་འཇིགས་སྲས།1 གཡུ་ཡི་ཉམས་དགའ།

གཡུ་ཡི་ཉམས་དགའ།


               ལྡོང་འཇིགས་སྲས།

 

ང་རང་ཤོག་བྱ་མེད་པའི་ལམ་ཁ་དེར།།

འཕུར་བསྐྱོད་ཡང་ཡང་བྱས་ཀྱང་འབྲས་མ་སྨིན།།

ཅི་ལྟ་གཟིགས་ཀྱིས་ཕྲ་བུའི་ཁུང་བུ་ལ།།

སྟོང་བུའི་ལྟ་སྤྱོད་ལྟ་བུའི་གཡུར་འཁྱུག་གམ།།


ཚོར་བ་རླུང་ལ་ལྡེག་འདྲའི་བུ་ཁུངས་ནས།།

སྒྲ་བརྒྱ་ལྡུར་བཞིན་གཅོད་པའི་ལེ་ཆུང་ཡང་།།

གཡུ་ཡིའི་གླིང་ག་རྩེན་པའི་དཀྲོལ་ཐང་ནས།།

བདག་གཞན་ཉམས་དགའ་མཐའ་རུ་ཕྱིན་པར་སྨོན།།


ཚུལ་མཐའ་མི་མངོན་ལྗགས་ཀྱི་གར་སྟབས་ནས༎

འཆད་རྩོད་རྩོམ་པའི་རིག་བློར་དགའ་འཁྱུད་ནས།།

ཐལ་སྒྲ་ཆེན་པོས་ས་ཆེན་དགུ་བསྐོར་ནས།།

རྫོགས་པ་མཐའ་རུ་ཕྱིན་པའི་ཉམས་ལ་འཇུས།།


སྣང་སྟོང་ཆོས་ཉིད་གསར་བུའི་རྟོག་ཡོན་དེར།།

སྐལ་བ་འོད་ཀྱིས་བསྒྲུབ་པའི་སྐལ་བཟང་གིས།།

སྐྱེ་དགུས་ཚོགས་ལ་འཐར་ཐུག་ཞི་བསལ་གྱིས།།

ཐར་བ་ཐམས་ཅད་སྨིན་པའི་སར་བསྒྲོད་ཤིག།


2020~~1~~3~~ཉིན། 


2  ཆོས་རྗེ་ལགས།

ཆོས་རྗེ་ལགས།

_____ལྡོང་འཇིགས་སྲས་ནས།

ཞེན་ཆགས་སེམས་ཀྱི་དད་འདུན་དེ།།

ཚོར་བ་སྐྱེན་པོའི་ཐང་གཞུང་ནས།།

གོམས་གསལ་ཡིད་ཀྱི་དབང་ཤེས་བཞིན།།

བསུབ་པ་མེད་ཅིང་རྒུད་པ་མེད།།

སྨོན་ལམ་ཆེན་པོས་ཡིད་བཞིན་ནོར།།

དགོས་པའི་དོན་ཀུན་འགྲུབ་མཛད་དེ།།

སྣང་སྟོང་ཉམས་པའི་མཛེས་སྐྱེམ་ནས།།

ལེགས་བཤད་བསྟན་པའི་དགྱེས་མགོན་བྱེད།།

བསྟན་དང་བསྟན་པའི་གཞི་ཡང་རྩེན།།

འོད་དཀར་འཁྱུག་མུའི་འགྲོ་དྲུག་འདེགས།།

གཞུ་དབྱངས་ལྷོད་པོའི་དག་ཁམས་སུ།།

དྲིན་ལྡན་དད་པའི་ཞབས་ཀྱིས་སྐྱོང་།།

ང་ནི་སྟོན་རླུང་རྒོད་པོའི་ཁར།།

བགྲམ་ཐང་ཆགས་པའི་འཇག་སྐྱ་དེ།།

ཡིན་ཡང་དད་པའི་རིན་ཆེན་ནོར།།

ནམ་ཡང་ཁྱོད་ལ་འབུལ་བས་འདུད།།


20_20_1_15_བླ་རུང་ནས་ལྡོང་འཇིགས་སྲས་ཀྱིས་སོ།།


3  དགུན་རྒྱ་སྟག

དགུན་རྒྱ་སྟག


_____ལྡོང་འཇིགས་སྲས་ནས།

སྣང་བའི་མེ་ལོང་ངོས་སུ།།

དྭངས་བའི་ཉི་ཟེར་གསལ་ཡང་།།

དྲན་དྲན་ཞེ་ལ་ཐོགས་པའི།།

དབྱར་ལྗོངས་སྒེག་མོ་དྲན་གི།


རྩྭ་སྐྱའི་འཇག་ཐང་པང་གི།

འཇག་མ་མཁོ་དགོས་མང་ཡང་།།

མཛེས་མཛེམ་མགོ་ལྕོག་ལྡེམ་པའི།།

འདབ་གྲོལ་པད་མོ་ཡིད་བརྐུས།།


དགུན་ཁ་ཙག་གིས་བསྡམས་པས།།

ཙག་རླུང་བསེར་བུ་ལྡང་དྲགས།།

འཇམ་མཉེན་ལུས་ཀྱི་དུད་པས།།

སྐྱིད་ཆུ་ལམ་མེར་བཀྲ་འམ།།


ཁ་གཏམ་ལུས་ཀྱི་དབུ་བ།།

མ་ཤི་གསོན་པ་དབྱེ་མེད།།

མཆོད་མེ་འོད་ཀྱི་དུད་པས།།

ནམ་ཞིག་གསོན་པ་གྲུབ་བམ།།


གངས་རྒྱུད་མི་བོ་གང་གིས།།

ཡིད་འོང་སྟོད་ལ་བཏགས་པའི།།

གངས་རྒྱན་མགོ་བོ་མེ་ཏོག།

དགུན་རླུང་སྐྱ་བོས་ལྡག་གམ།།

2020__—1__—29_—ཉིན།





༄༅། །སྐུ་ཉིད་གངས་ཅན་རིག་མཛོད་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།


    您可能也对以下帖子感兴趣

    文章有问题?点此查看未经处理的缓存