སྒྲོལ་མ་ཉེར་གཅིག་ཞལ་ཐང་དང་ལས་སྔཊ་འདི་ཀུན་ལ་ཆོས་སྦྱིན་གང་མང་སྤེལ།
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞི་བའི་སྒྲོལ་མ་དཀར་མོ་ཤིན་ཏུ་ཞི་ཞིང་འཛུམ་པའི་ཉམས་ཅན་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡོན་ཨུཏྤལ་བསྣམས་པ། ཨོཾ་བཛྲ་ཏཱ་རེ་སརྦ་བིགྷཾན་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ ས་ཡི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་མཐིང་ག་གཡོན་ཨུཏྤལ་ལ་གནས་པའི་རྡོ་རྗེ་བསྣམས་པ། ས་གཡོ་བའི་འཇིགས་པ་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ལཾ་ལཾ་བྷཱ་ཡ་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ ཆུ་ཡི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དམར་མོ་གཡོན་ནོར་བུ་མེ་ཤེར་བསྣམས་པ། ཆུ་ཡི་འཇིགས་པ་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་བཾ་བཾ་ཛྭ་ལ་བྷ་ཡ་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ མེའི་འཇིགས་པ་སྐྱོབ་པའི་སྒྲོལ་མ་སེར་མོ་གཡོན་ནོར་བུ་ཆུ་ཤེར་ཆུ་བོའི་རྒྱུན་འབེབས་བཞིན་པ་བསྣམས་པ། མེ་ཡི་འཇིགས་པ་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་རཾ་རཾ་ཛྭ་ལ་བྷ་ཡ་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ རླུང་གི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དཀར་མོ་གཡོན་འཁོར་ལོའི་མཚན་པའི་རི་རབ་བསྣམས་པ། རླུང་གི་འཇིགས་པ་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ཡཾ་ཡཾ་ཙ་ལ་བྷ་ཡ་ཤིནྟཾ་ཀུ་རུ་སྭཱ་ཧཱ༔
རྒྱས་པའི་སྒྲོལ་མ་སེར་མོ་སྒེག་པའི་ཉམས་ཅན་གཡས་རིན་པོ་ཆེ་དང་གཡོན་ལྕགས་ཀྱུ་བསྣམས་པ། རྒྱས་པའི་ལས་སྤྱི་དང་བྱེ་བྲག་མངོན་ཤེས་ཀྱི་རྩལ་ཁ་རྒྱས་པར། ཨོཾ་རཏྣ་ཏཱ་རེ་སརྦ་ལོ་ཀ་ཛྙ་ན་བིདྱ་དྷ་ར་དྷ་ར་དྷི་རི་དྷི་རི་ཧྲིཾ་ཧྲིཾ་ཛཿ ཛྙ་ན་པུཥྟཾ་ཀུ་རུ་ཨོཾ༔ རྡོ་རྗེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ལྗང་མོ་གཡོན་སྣ་ཚོགས་རྡོ་རྗེ་བསྣམས་པ། རྡོ་རྗེའི་ཐོག་སེར་ཀྱི་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ཨེ་ཨེ་མ་ཧཱ་ཧ་ན་བྷ་ཡ་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ མཚོན་ཆའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སྔོན་མོ་གཡོན་རལ་གྲི་བསྣམས་པ། མཚོན་ཆའི་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ཏིག་ཏིག་ཏིཀྵཎ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ༔ རྒྱལ་པོའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དམར་མོ་གཡོན་ལྕགས་ཀྱུ་བསྣམས་པ། རྒྱལ་པོའི་ཆད་པའི་འཇིགས་པ་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ར་ཛ་དུཥྟན་ཀྲོ་དྷ་ཤིནྟཾ་ཀུ་རུ་སྭཱ་ཧཱ༔
ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནག་མོ་གཡོན་དགྲ་སྟྭ་བསྣམས་པ། ཆོམ་རྐུན་གྱི་འཇིགས་པ་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཙོ་ར་བྷནྡྷ་བྷནྡྷ་ཏྲིག་ཐུཾ་སྭཱ་ཧཱ༔ དབང་གི་སྒྲོལ་མ་དམར་མོ་ཆགས་པའི་ཉམས་ཅན་གཡས་པདྨའི་ལྕགས་ཀྱུ་དང་གཡོན་ཞགས་པ་བསྣམས་པ། དབང་གི་ལས་སྤྱི་ལ། ཨོཾ་པདྨ་ཏཱ་རེ་སནྟ་ར་ཧྲཱི་སརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧོ༔ ཤ་ཟའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནག་མོ་གཡོན་ཕུར་བུ་བསྣམས་པ། ཤ་ཟ་གཟའ་ཀླུ་རྒྱལ་གདོན་སོགས་ཀྱིས་འཇིགས་པ་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྟན་བིགྷྣན་བཾ་ཕཊ་སྭཱ་ཧཱ༔ གླང་ཆེན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དུད་ཁ་གཡོན་མདུང་ཐུང་བསྣམས་པ། གླང་ཆེན་སོགས་སྲོག་ཆགས་ཁྲོས་པའི་འཇིགས་པ་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཧཾ་ཧཾ་དུཥྟན་ཧ་ན་ཧ་ན་ཏྲཱ་ས་ཡ་ཕཊ་སྭཱ་ཧཱ༔ སེང་གེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནག་མོ་གཡོན་མེ་དཔུང་འབར་བ་བསྣམས་པ། བྱེ་བྲག་སེང་གེ་དང་སྟག་གཟིག་སོགས་གཅན་གཟན་ཁྲོ་བོའི་འཇིགས་པ་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་ཏུ་རེ་སརྦ་ཧེ་ཧེ་ཙ་ལེ་ཙ་ལེ་བྷནྡྷ་ཕཊ་སྭཱ་ཧཱ༔ སྦྲུལ་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དཀར་མོ་གཡོན་ནོར་བུ་ཆུ་ཤེར་གྱི་བུམ་པ་བདུད་རྩིའི་གང་བ་བསྣམས་པ། དུག་སྦྲུལ་སོགས་བསྟན་གཡོའི་དུག་གི་འཇིགས་པ་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་ཏུ་རེ་སརྦ་བི་ཥ་ཙ་ལ་ཡ་ཧ་ར་ཧ་ར་ཕཊ་སྭཱ་ཧཱ༔ དྲག་པོའི་སྒྲོལ་མ་ནག་མོ་ཁྲོས་པའི་མཉམ་ཅན་ཕྱག་གཉིས་ཀྱིས་ཕུར་བུ་འདྲིལ་བ། དྲག་པོའི་ལས་སྤྱི་དང་བྱེ་བྲག་བདུད་སྡེའི་བར་ཆད་ཚར་བཅད་པ་ལ། ཨོཾ་ཀརྨ་ཏཱ་རེ་སརྦ་ཤ་ཏྲུན་བིགྷྣན་མ་ར་སེ་ན་ཧ་ཧ་ཧེ་ཧེ་ཧོ་ཧོ་ཧཾ་ཧཾ་བྷིནྡྷ་བྷིནྡྷ་ཕཊ༔ ནད་ཀྱིས་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ལྗང་སེར་གཡོན་ཨ་རུ་ར་བདུད་རྩིའི་འོད་ཟེར་འཕྲོ་བ་བསྣམས་པ། རིམ་སོགས་ཡམས་ནད་གཙོ་བོར་གྱུར་བའི་ནད་ཀྱིས་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་ཏུ་རེ་སརྦ་དུཿ ཁ་པྲ་ཤ་མ་ན་ཡ་ཕཊ་སྭཱ་ཧཱ༔ འཆི་བའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དཀར་མོ་གཡོན་ཚེའི་བུམ་པ་བསྣམས་པ། དུས་མ་ཡིན་པར་འཆི་བའི་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཕོངས་པའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སེར་མོ་གཡོན་གཏེར་ཆེན་པོའི་བུམ་པ་བཟང་པོ་བསྣམས་པ། དབུལ་ཞིང་ཕོངས་པའི་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛམྦྷེ་མོ་ཧེ་དྷ་ན་མེ་དྷི་ཧྲཱི་སྭཱ་ཧཱ༔ དོན་ཉམས་པའི་འཇིགས་པ་ལས་སྐྱོབ་ཅིང་འདོད་དགུའི་དངོས་གྲུབ་ཡིད་བཞིན་དུ་སྩོལ་བའི་སྒྲོལ་མ་ལྗང་སེར་ཕྱག་གཡོན་དཔལ་བེའུ་བསྣམས་པ། དོན་མཉམ་པ་སྟེ་འབད་པས་བརྩམ་པའི་དོན་མི་འགྲུབ་པའི་འཇིགས་པ་ཞི་ཞིང་འདོད་དགུའི་དངོས་གྲུབ་འབད་མེད་དུ་འགྲུབ་པར་འདོད་པས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཨརྠ་སིདྡྷི་སིདྡྷི་ཀུ་རུ་སྭཱ་ཧཱ༔ ལས་བཞིའི་སྒྲོལ་མ་མ་གཏོགས་པ་གཞན་ཐམས་ཅད་ཞི་ཞིང་འཛུམ་ལ་དགྱེས་པའི་ཉམས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་རྐྱང་ཞིང་གཡོན་མེ་ཏོག་ཨུཏྤ་ལ་སྔོན་པོའི་ཡུ་བ་མཐེབ་སྤྲིན་གྱི་ཐུགས་ཀར་བཟུང་ཞིང་འདབ་མ་སྙན་གྱི་ཐད་སོར་ཁ་བྱེ་བའི་ཟེའུ་འབྲུར་སོ་སོའི་ཕྱག་མཚན་གྱི་མཚན་པ་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཏེ་ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བརྐུམ་པའི་རོལ་སྟབས་ཀྱིས་རང་འོད་འཁྲིགས་པའི་ཀློང་ན་བཞུགས་པ། བཀྲ་ཤིས་ནི༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་མཆོག་མ༔ དགོས་འདོད་རེ་སྐོང་ཡིད་བཞིན་ནོར་བུའི་མཆོག༔ བཀྲ་ཤིས་ཀུན་གྱི་མཆོག་བརྙེས་དོན་འགྲུབ་མ༔ དཔལ་ལྡན་ཐོག་མ་བར་དང་མཐར་དགེ་བའི༔ ཕྲིན་ལས་ཀུན་འགྲུབ་མྱུར་མ་དཔའ་མོ་སྟེ༔ རྗེ་བཙུན་འཕགས་མ་སྒྲོལ་མའི་བཀྲ་ཤིས་ཤོག༔ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་མཆོག་གྱུར་གླིང་བའི་ཟབ་ཆོས་ལས་བཏུས། པར་གཞི་བསྒྲིགས་སྦྱོར་ཡོང་ཁུངས་ལུང་རྟོགས་བརྩེ་ཆེན་ཀུན་ཕན་ལམ་སྤྱི་སྟེགས། ་གཞན་དུ་བཀོལ་དགོས་ཚེ་དོ་དམ་པའི་མོས་མཐུན་ཡོད་དགོས། འཕྲིན་སྟེགས་དོ་དམ། རིགས་སྲས་དམ་པ། སྒེར་འབྲེལ། 791013886 |